མང་ཚོགས་ལ་དོན་དངོས་བསྒྲུབས་ནས་དཀའ་གནད་སེལ་བ།
2021.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་མགོ་ཚུགས་རྗེས། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཆེད་དུ་བྱ་བ་སྒྲུབ་མཁན་རྩ་འཛུགས་བྱས་ནས། ལོ་80ཡན་གྱི་ལོ་ལོན་ནུས་མེད་ཀྱི་ཁྱིམ་དང་རྒན་གསོ་ཁང་དུ་སོང་ནས་ཞིང་ཆེན་ནང་ཁུལ་གྱི་ལོ་ན་མཐོ་བ་དང་ནུས་པ་ཤོར་བ།སྡོད་ས་མེད་པ་བཅས་ཀྱི་རྒན་རྒོན་གྱི་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལེན་པའི“དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་དཀའ་བའི”གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས། རྒན་རྒོན་གྱི་ངོས་འཛིན་ར་སྤྲོད་ཐད་རམ་འདེགས་བྱས་ཏེ་རིག་ནུས་ལག་རྩལ་སྤྱོད་རིང་གི་དཀའ་ངལ་དངོས་ནན་ཏན་གྱིས་ཐག་གཅོད་བྱས་པ་རེད། མིག་སྔའི་བར་ལོ་ན་མཐོ་བ་དང་སྡོད་ས་མེད་པ། འགྲོ་འདུག་སྟབས་མི་བདེ་བ་བཅས་ཀྱི་རྒན་རྒོན་100ལྷག་ཙམ་ལ་ཐོབ་ཐང་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས། ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མ་འོངས་པར་ད་དུང་ཞིང་ཆེན་གཞན་དུ་སྡོད་པའི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་རྒན་རྒོན་ཚོར་སྒོ་རྩར་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ནས“དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་དཀའ་བའི”གནད་དོན་ནན་ཏན་སྒོས་ཐག་གཅོད་བྱེད་རྒྱུ་རེད། ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཅུའུ་མ་ཟད་བསྟུད་མར་ཉིན་ཤས་རིང་ཞིང་ཆེན་ནང་ཁུལ་གྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་མི་ཆད་པར་གཏིང་ཟབ་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་གསུངས་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་ཉམས་མྱོང་ཕྱོགས་བསྡོམས་དང་དོན་དངོས་ལ་ལྟ་བ། ལས་ཀར་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དང་།གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ།མང་ཚོགས་ཀྱི་དོན་དུ་དངོས་དོན་སྒྲུབ་པ་ཞེས་པའི་ལག་ལེན་བྱེད་སྒོ་ལེགས་པར་སྤེལ་ནས།སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་སྒུལ་ཤུགས་དང་ཕན་འབྲས་སུ་བསྒྱུར་དགོས། རང་རེའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བཞིན་ཡོད།རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་དེ་བྱ་བའི་ཐོག་མའི་དམིགས་ཡུལ་དང་རྐང་འཛུགས་སར་རྩིས་ཏེ་དམངས་འཚོའི་ཁེ་ཕན་དོན་གཉེར་དང་དམངས་འཚོའི་དཀའ་ངལ་སེལ་རོགས་བྱས་ཡོད། ལོ་རྒྱུས་སློབ་སྦྱོང་དང་དམངས་ཀྱི་དོན་དུ་དོན་དངོས་སྒྲུབ་པ། ཏང་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་པ་བྱ་རྒྱུ་དེ་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་གི་གུང་ཁྲན་ཏང་ཡོན་རེ་རེའི་ཕྲག་ཏུ་བབས་པའི་འགན་འཁྲི་ཡིན།

ང་ཚོས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། རྒྱུན་དུ་ཏང་ནང་དུ་ཞུགས་སྐབས་ཀྱི་དམ་བཅའ་དང་གཤིབ་བསྡུར་བྱས་ཏེ།སུའི་ཆེད་དུ་དང་སུ་ལ་བརྟེན་པ་ནི་སུ་ཡིན་པ་བཅས་ཀྱི་རྩ་བའི་གནད་དོན་འདིར་ལན་ཡག་པོ་བཏབ་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་ཡོང་དུས་ཀྱི་ལམ་བུ་མི་བརྗེད་པ་བྱེད་དགོས། ཏང་གི་སློབ་ཚན་ཁྲིད་རྒྱུ་དང་ཕུལ་དུ་བྱུང་བའི་ཏང་གི་སློབ་ཚན་འགྲེམ་སྟོན་བྱེད་པའི་བྱེད་སྒོ་ཡག་པོ་སྤེལ་ནས། ཏང་གི་སློབ་ཚན་སློབ་ཁྲིད་དང་དུས་རྒྱུན་དུ་ཁྲིད་རྒྱུ།དུས་རྒྱུན་དུ་འགྲེམ་སྤེལ་བྱེད་རྒྱུ་བཅས་བྱས་ནས་ཏང་གི་སློབ་ཚན་དེར་བྲོ་བ་ཡོད་པ་ཞིག་བྱེད་དགོས། སློབ་སྦྱོང་དང་ཉམས་ལེན་གྱི་བྱེད་སྒོ་ལེགས་པར་སྤེལ་བ་དང་གསར་བརྗེའི་སློབ་གསོ་དང་ཡུལ་དངོས་སུ་སློབ་སྦྱོང་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། གསར་བརྗེའི་དཀའ་སྡུག་ལ་ཕྱི་མིག་ལྟ་བ།སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་བྱེད་པ།  ཐོག་མའི་བསམ་འདུན་དང་འགན་འཁྲི་ཇེ་བརྟན་དུ་གཏོང་བ།ཏང་ཡོན་ལས་བྱེད་པས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་གཅེས་པའི་བརྩེ་སེམས་ནན་ཏན་སྒོས་ཇེ་ཟབ་ཏུ་གཏོང་དགོས། གཞོན་ནུ་ལོ་ཆུང་གི་སེམས་པ་ཏང་ལ་ཕྱོགས་པའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་བ་དང་།ལྔ་བཞི་དང་དྲུག་གཅིག་སོགས་ཀྱི་བར་མཚམས་དང་སྟེགས་བུ་ཡག་པོ་སྤྱད་ནས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་པར་ཁྲིད་སྟོན་བྱེད་དགོས། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་མང་ཚོགས་ཞུགས་པར་དགའ་བ་དང་ཟབ་ཞུགས་བྱེད་ཐུབ་པའི་སྟེགས་བུ་མང་ཙམ་འཛུགས་པ།མང་ཚོགས་ཀྱིས་ཉན་སྤྲོ་བ་དང་གོ་བདེ་བའི་སྐད་རིགས་སྤྱད་དེ་ཁྱད་ཆོས་མངོན་གསལ་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས།ཏང་གི་མཛད་སྒོ་ཆེན་པོ་དང་མི་དམངས་ཀྱི་དུས་ཆེན་གྱི་མཁའ་དབུགས་ལེགས་པོ་ཞིག་ཆགས་པར་བྱེད་དགོས།

མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བར་གྲུབ་འབྲས་ཐོབ་ཡོད། ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་།མང་ཚོགས་ཀྱིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་དམངས་འཚོའི་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ལ་དམིགས་ཏེ།མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་དང་དོན་དངོས་སྒྲུབ་པར་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་བར་གྱི་བར་ཐག་སེལ་ཏེ།མང་ཚོགས་དང་དུས་ཀུན་ཏུ་བར་ཐག་གཏན་ནས་མེད་པ་སྲུང་འཛིན་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་དམིགས་ནས་དོན་དངོས་སྒྲུབ་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། ཞིང་སྡེ་དར་རྒྱས་གཏོང་བའི་འབྲེལ་མཐུད་ནུས་ལྡན་གྱི་ལས་འགན་ཁག་ཇི་མ་ཇི་བཞིན་དུ་ལེགས་འགྲུབ་བྱེད་དགོས། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་དམིགས་ནས་དོན་དངོས་བསྒྲུབ་པ་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ནན་ཏན་སྒོས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཅས་བྱེད་དགོས། སྲིད་དོན་ཞབས་ཞུ་བསྒྱུར་བཅོས་ཟབ་སྤེལ་དང་དམངས་ལ་སྟབས་བདེ་དང་ཁེ་ཕན་བསྐྲུན་པའི་དོན་དངོས་ལ་དམིགས་ཏེ།དྲ་གཅིག་མཉམ་སྒྲུབ་དང་ཞིང་ཆེན་བརྒལ་ནས་གཅིག་གྱུར་གྱིས་བསྒྲུབ་པ།ཞིབ་མཆན་འགོད་པར་ངོ་འཕྲད་མི་དགོས་པ་སོགས་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཏེ།སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་དམངས་ལ་སྟབས་བདེ་དང་ཁེ་ཕན་ཐོབ་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་རྣམས་ཐག་གཅོད་བྱེད་པར་དམིགས་ནས་དོན་དངོས་བསྒྲུབ་པ་དང་མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་མངོན་གསལ་ཅན་རྣམས་ཐག་གཅོད་བྱེད་རྒྱུ་དེ་ཤུགས་འདོན་སར་བརྩིས་ཏེ། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་བློ། དགོས་གཏུག་ཆེ་བའི་འདུ་ཤེས་འཛིན་སྟངས་བཅས་ནན་ཏན་སྒོས་ཆེ་རུ་གཏོང་དགོས།

ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་དགོས་ན།ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དེ་སེམས་ཀྱི་གོ་གནས་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཁྲོད་རང་རེའི་ཏང་གི་ཡོང་སའི་ལམ་གྱི་དཀའ་སྡུག་དང་རྐང་འོག་གི་ལམ་དེ་སླ་མོ་མིན་པ།  འབྱུང་འགྱུར་གྱི་ལམ་བུའི་འོད་ཟེར་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཚན་རིག་དང་མཐུན་པའི་ངང་ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོར་ཁྲིད་སྟོན་བྱས་ནས། ང་སུ་ཡིན་པ་དང་སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་པ་བཅས་ཀྱི་གནད་དོན་ལ་དམིགས་ནས་ལམ་དུ་བསྐྱོད་པ་དང་། བྱ་བ་བཟང་པོ་ནན་ཏན་གྱིས་བསྒྲུབ་པ་དང་བྱ་བ་དངོས་ཡག་པོ་བསྒྲུབ་དགོས་ཞེས་གསུངས།

                                                                                ཡིག་སྒྱུར་བ། གཡང་འབུམ་རྒྱལ།