《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ནས་གསར་བརྗེའི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས》ཞེས་པ་སྤེལ།
2021.05.21 ཁུངས། ཀློག་གྲངས། 13

ཟླ་5ཚེས་16ཉིན་པར་སྐྲུན་བྱས་པའི་དུས་ཐེངས་10པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་རྩོམ་ཡིག་སྟེ། 《གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ནས་གསར་བརྗེའི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས》ཞེས་པ་འགྲེམས་སྤེལ་བྱས།

རྩོམ་ཡིག་ནང་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དང་།དྲན་གསོ་ཁང་།ཏང་གི་ལོ་རྒྱུས་ཁང་།སྔོན་གཤེགས་དཔའ་བོའི་བང་སོ་ཁང་སོགས་ནི་ཏང་དང་རྒྱལ་ཁབ་ཀྱི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་ཡིན། གསར་བརྗེའི་ཐོན་ཁུངས་དེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་གསོན་ཉམས་དོད་པའི་སློབ་གཞིར་བརྩིས་ནས། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད།གནས་གཞིའི་ས་ཁུལ་གྱི་གཏམ་རྒྱུད།དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་བཤད་པ་དང་།གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་།རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ།གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ནས་གསར་བརྗེའི་རི་ཀླུང་གི་ཚོན་མདོག་ནམ་ཡང་མི་འགྱུར་བ་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ང་རང་གིས་ཐེངས་རེ་རེར་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པར་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས།  གསར་བརྗེའི་ལོ་རྒྱུས་རྗེས་དྲན་བྱེད་ས་ཚང་མར་འགྲོ་བཞིན་ཡོད། དེ་ནི་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་དམར་པོའི་སྲིད་དབང་ཇི་ལྟར་བྱུང་བ་དང་ཀྲུང་གོ་གསར་པ་ཇི་ལྟར་བྱུང་བ།ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ཇི་ལྟར་བྱུང་བར་བསླབ་བྱ་གཏོང་པ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་དམར་པོའི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བློ་རྩ་བརྟན་པོས་བསྐྱོད་དེ། སྔོན་རབས་རྣམས་ཀྱིས་གསར་གཏོད་གནང་བའི་བྱ་གཞག་ཟམ་མི་ཆད་པར་གོང་དུ་སྤེལ་དགོས་པ་ཁྱབ་བསྒྲགས་བྱས་པ་ཡིན།

རྩོམ་ཡིག་ནང་བསྟན་དོན།རི་ཀླུང་གོམ་གང་ཡང་ཁྲག་དང་རྣམ་ཤེས་ཀྱིས་བསྐྲུན།  ཀྲུང་གོ་གསར་པ་ནི་གྲངས་ལས་འདས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོས་ཁྲག་དྲོན་དང་ཚེ་སྲོག་གིས་བསྐྲུན་པ་ཞིག་རེད། དམར་པོའི་སྲིད་དབང་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་ལ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་སླ་པོར་བྱུང་བ་ཞིག་མིན།  ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་བཀུར་ཞུ་དགོས་ཤིང་ང་ཚོས་ནམ་ཡང་ཁོ་ཚོར་རྗེས་དྲན་ཞུ་བ་དང་ཁོ་ཚོའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་དགོས། བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་རྫོགས་མཐའ་གཏན་ནས་མེད་པ་དང་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ལ་ནམ་ཡང་འགྱུར་བ་གཏོང་མི་རུང་། ཐོག་མའི་བསམ་འདུན་མ་བརྗེད་ན་གཞི་ནས་ལོ་རྒྱུས་ལ་སེམས་གསོ་དང་སྔོན་བྱོན་པ་རྣམས་ལ་སེམས་གསོ་གཏོང་ཐུབ་པ་དང་།གཞི་ནས་དམངས་སེམས་ཐོབ་པ་དང་དུས་རབས་ཀྱི་རྒྱལ་ཁ་ལེན་ཐུབ་པ།གཞི་ནས་ལེགས་སྒྲུབ་ལེགས་གྲུབ་དང་ཞུམ་མེད་མདུན་སྐྱོད་བྱེད་ཐུབ།

རྩོམ་ཡིག་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད་ལོ་རྒྱུས་སློབ་སྦྱོང་དང་གནས་ལུགས་གསལ་བོ་ཤེས་པར་བྱེད་དགོས་པ་དང་གནས་ལུགས་གསལ་པོ་ཤེས་པ་བྱ་རྒྱུ་ནི་ཡིད་ཆེས་ཆེ་རུ་གཏོང་བ་དང་།ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ།འབད་བརྩོན་བྱེད་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་བསྟན་ཡོད། ཏང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་དཀའ་ཚེགས་ཆེ་བའི་ལོ་རྒྱུས།ལོ་རྒྱུས་ཀྱི་ཉམས་མྱོང་།སྲོལ་རྒྱུན་བཟང་པོ་བཅས་ཀྱི་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་།མར་ཁེ་སི་རིང་ལུགས་ཅིའི་ཕྱིར་ལག་ལེན་དུ་བསྟར་ཐུབ་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་ སོགས་ཀྱི་གནས་ལུགས་གཏིང་ཟབ་པར་ཁོང་དུ་ཆུད་པར་བྱས་ཏེ།དེའི་ནང་གི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས།ལག་ལེན་གྱི་གཏན་ཚིགས་བཅས་གསལ་པོར་རྟོགས་པར་བྱ་དགོས། གསར་བརྗེའི་ཐོན་ཁུངས་སྤྱད་དེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱེད་དགོས།

གསར་བརྗེའི་ཐོན་ཁུངས་ལེགས་པར་སྤྱོད་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་དགོས།

དམར་པོའི་སྲིད་དབང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།

ཞི་ཅིན་ཕིང།

གཅིག ཧྥུའུ་ཕིན་ནི་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་ཡོད་པའི་ས་ཆ་ཞིག་ཡིན་ལ།ང་ཚོའི་ཏང་དང་རང་དམག་གི་ལོ་རྒྱུས་ཐོག་བཙུགས་པའི་དགྲ་བོའི་རྒྱབ་ཕྱོགས་ཀྱི་རི་འགོག་གནས་གཞིའི་ས་ཁུལ་དང་པོ་སྟེ།ཅིན་ཁྲ་ཅི་གནས་གཞིའི་ས་ཁུལ་གྱི་ལྟེ་གནས་ཡིན་པ་དང་ཅིན་ཁྲ་ཅི་མཐའ་ཁུལ་གྱི་ཆབ་སྲིད་དང་།དམག་དོན།རིག་གནས་བཅས་ཀྱི་ལྟེ་གནས་ཡིན། དམག་སྤྱི་ཉེ་རུང་ཀྲེན་སོགས་གསར་བརྗེ་པ་རྒན་རབས་ཀྱིས་དེ་གར་དམག་འཐབ་དང་འཚོ་བ་ལོ་11ལ་རོལ་མྱོང་། 1948ལོའི་ཟླ་4པར།མའོ་ཀྲུའུ་ཞིས་ཀྲུང་དབྱང་ལས་ཁུངས་ཀྱི་སྣེ་ཁྲིད་དེ་ཧྲན་པེ་ནས་ཧྥུའུ་ཕིན་གྱི་ཁྲེང་ནན་ཀྲོང་དུ་ཕེབས་ཏེ།འདིར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱས་འཛོམས་གྲོས་ཚོགས་ཚོགས་ཤིང་ལྷོ་ཕྱོགས་འཐབ་ཇུས་ལེགས་སྒྲིག་བྱས་ཏེ།གཡུལ་འགྱེད་ཆེན་པོ་གསུམ་ལ་རྒྱལ་ཁ་ཐོབ་པར་རྨང་གཞི་བརྟན་པོ་བཏིངས། ཧྥུའུ་ཕིན་དང་ཧྥུའུ་ཕིན་མི་དམངས་ཀྱིས་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་ཕྱིར་བྱས་རྗེས་གལ་ཆེན་བཞག་པ་དེ་ཏང་དང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད།

(2012ལོའི་ཟླ་12ཚེས་29ཉིན་དང་ཚེས་30ཉིན་ཧི་པེ་ཞིང་ཆེན་གྱི་ཧྥུའུ་ཕིན་རྫོང་དུ་དབུལ་སྐྱོར་གསར་སྤེལ་ལས་ཀར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།)

གཉིས། ཞི་པའེ་ཕའོ་རུ་ང་ཐེངས་མང་ཡོང་མྱོང་བ་དང་ཐེངས་རེ་རེར་ཡིད་སྨོན་གུས་བཀུར་གྱི་བསམ་པ་བཅངས་ནས་ཡོང་ཞིང་བསམ་གཞིགས་མང་པོ་བྱས་ནས་འགྲོ་དགོས། ང་ཚོ་མི་རབས་འདི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ཡུན་རིང་མ་སོང་བར་དར་དམར་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པས་ཏང་དང་རྒྱལ་ཁབ།མི་དམངས་བཅས་ལ་བརྩེ་དུང་ཟབ་མོ་ཡོད་པ་དང་།རང་རེའི་ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་སྤྱོད་ཚུལ་བཟང་པོར་བག་ཆགས་ཟབ་མོ་བཞག་ཡོད། ཅིན་ཀང་རི་བོ་དང་།ཡན་ཨན།ཞི་པའེ་ཕོ་སོགས་པའི་གསར་བརྗེའི་གནས་མཆོག་ཚང་མར་བསྐྱོད་ཐེངས་རེ་ནི་བསམ་བློའི་བྱབས་ཁྲུས་ཐེངས་རེ་རེད། ཐེངས་རེ་རེར་ཏང་གི་ངོ་བོ་དང་དམིགས་ཡུལ་སྐོར་གྱི་གསོན་ཉམས་ལྡན་པའི་སློབ་གསོ་རེ་རེ་ཐོབ་ཐུབ་པས།ང་ཚོའི་སྤྱི་ཞབས་པའི་འདུ་ཤེས་དང་དམངས་ལ་བཅངས་པའི་བརྩེ་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

(2013ལོའི་ཟླ་7ཚེས་11ཉིན་དང་ཚེས་12ཉིན་ཧི་པེ་རུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོར་བརྟག་དཔྱད་ཞིབ་འཇུག་དང་མཛུབ་སྟོན་གནང་སྐབས་ཀྱི་གསུང་བཤད།)

2021ལོའི་ཟླ་4ཚེས་25ཉིན་ནས་ཚེས་27ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཚེས་25ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་ཀུའེ་ལིན་གྲོང་ཁྱེར་ཆོན་ཀྲོའུ་རྫོང་དུ་ཡོད་པའི་དམར་དམག་རྒྱང་སྐྱོད་ཞང་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ་ཞང་ཅང་གཡུལ་འགྱེད་ཀྱི་དམར་དམག་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བཞིན་པ་རེད།

གསུམ།  བློ་མཐུན་མའོ་ཙེ་ཏུང་གིས་ལོ་དེར་བཏོན་པའི་“ངེས་པར་དུ་བྱ་དགོས་པ་གཉིས་”ཞེས་པ་དེ་ནི་དངོས་གནས་མིག་རྒྱང་རིང་པོ་ཞིག་རེད། སྐབས་དེ་དུས་རང་རེའི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ལོ་28རིང་གི་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་བསྐོར་བ་དང་མཐར་རྒྱལ་ཡོངས་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ནས་རྒྱལ་ཡོངས་ཀྱི་སྲིད་དབང་ཁོང་དུ་ཆུད་པ་དང་ཀྲུང་གོ་གསར་པ་འཛུགས་པའི་ལོ་རྒྱུས་ཀྱི་ལས་འགན་ཏང་གི་མདུན་དུ་བཞག་ཡོད། ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་འདིའི་མདུན་དུ་ཏང་ཀྲུང་དབྱང་དང་བློ་མཐུན་མའོ་ཙེ་ཏུང་གིས་ངེས་པར་དུ་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་རྒྱལ་ཁའི་མདུན་དུ་རིག་པ་དྭངས་གསལ་སྲུང་འཛིན་དང་།རྒྱལ་ཡོངས་ཀྱི་སྲིད་དབང་ཐོབ་རྗེས་སྲིད་སྐྱོང་གི་ཚོད་བགམ་ཐེག་ཐུབ་པ།ང་རྒྱལ་ཁེངས་དྲེགས་དང་ལོངས་སྤྱོད་ལ་རྔམ་པ།མང་ཚོགས་དང་ཁ་བྲལ་བ་བཅས་ཀྱི་དབང་གིས་མི་ཤི་སྲིད་འཇིག་ཡོང་བའི་ཉེན་ཁ་འབྱུང་བ་སྔོན་འགོག་བཅས་བྱ་དགོས་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་བཏོན་པའི་“ངེས་པར་དུ་བྱ་དགོས་པ་གཉིས་”ཞེས་པའི་གཏིང་ཟབ་པའི་བསམ་བློ་དང་འཐབ་ཇུས་ཀྱི་བསམ་གཞིགས་དེ་ང་ཚོས་རྒྱུན་ཆད་མེད་པར་སློབ་སྦྱོང་དང་གོ་བ་ལེན་དགོས། ང་ཚོས་ཟམ་མི་ཆད་པར་ཏང་ཡོངས་ལ་སྒམ་བརླིང་གཟབ་ནན་གྱིས་གནད་དོན་འདི་བཏོན་ནས་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་ང་ཚོའི་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་ང་ཚོའི་དམར་པོའི་སྲིད་དབང་གི་ཚོན་མདོག་མི་འགྱུར་བར་བྱ་དགོས།

(2013ལོའི་ཟླ་7ཚེས་11ཉིན་དང་ཚེས་12ཉིན་ཧི་པེ་རུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོར་བརྟག་དཔྱད་ཞིབ་འཇུག་དང་མཛུབ་སྟོན་གནང་སྐབས་ཀྱི་གསུང་བཤད།)

བཞི།  ང་འདི་གར་སླེབས་མ་ཐག་གསར་བརྗེའི་དམག་འཁྲུག་ལོ་རབས་ཀྱི་དགའ་སྐྱོ་གཉིས་ལྡན་གྱི་སྤྱིར་བཏང་མིན་པའི་ལོ་ཟླ་དྲན་བྱུང་། དབྱི་མེང་གི་གསར་བརྗེའི་ས་གཞི་འདིའི་སྟེང་དུ་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོ་དང་བུ་ཕྲུག་གྲངས་མེད་བྱུང་བ་དང་།དབྱི་མེང་གི་གཅེན་གཅུང་དྲུག་དང་།དབྱི་མེང་གི་ཨ་མ།དབྱི་མེང་གི་སྲི་མོ་བཅས་ཀྱི་མཛད་རྗེས་ནི་མི་སེམས་འགུལ་བ་ཞིག་རེད། དབྱི་མེང་སྙིང་སྟོབས་ནི་ཡན་ཨན་གྱི་སྙིང་སྟོབས་དང་ཅིན་ཀང་རི་བོའི་སྙིང་སྟོབས།ཞི་པའེ་ཕོའི་སྙིང་སྟོབས་བཅས་དང་འདྲ་བར་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན་པས་རྒྱུན་ཆད་མེད་པར་དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ཟུང་འབྲེལ་བྱས་ནས་དར་རྒྱས་གོང་འཕེལ་གཏོང་དགོས།

(2013ལོའི་ཟླ་11ཚེས་24ཉིན་ནས་ཚེས་28ཉིན་བར་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།)

ལྔ།  ང་ཚོས་ས་ཁུལ་རྙིང་པ་ནམ་ཡང་བརྗེད་མི་རུང་བ་དང་ས་ཁུལ་རྙིང་པའི་མི་དམངས་ནམ་ཡང་བརྗེད་མི་རུང་བ།སྔར་བཞིན་ས་ཁུལ་རྙིང་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས་པ།དམར་དམག་རྒན་གྲས་དང་།“རྒན་གྲས་ལྔའི”བློ་མཐུན།དམག་མིའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ཀྱི་འཚོ་བར་སེམས་ཁུར་བྱེད་དགོས་པ་དང་།རྟག་ཏུ་ཁོ་ཚོའི་བསམ་འཆར་དང་གྲོས་གཞིར་ཉན་ནས་ཁོ་ཚོའི་ངག་སློབ་དཔེ་སྟོན་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་ཐུབ་པའི་འགན་ལེན་བྱ་དགོས།

(2014ལོའི་ཟླ་10ཚེས་31ཉིན་ཧྥུའུ་ཅན་ཀུའུ་ཐན་དུ་དམར་དམག་རྒན་གྲས་དང་དམག་མིའི་ནང་མི།“གསང་བའི་ཏང་ཡོན་རྙིང་པ།ངེས་མེད་རྒོལ་རྡུང་རུ་མི་རྙིང་པ།འགྲིམ་འགྲུལ་པ་རྙིང་པ།འབྲེལ་གཏུག་ཁྱིམ་ཚང་རྙིང་པ།སུའུ་ཁུལ་རྙིང་པའི་ཡུལ་ཚོའི་ལས་བྱེད་པ”བཅས་ཀྱི་འཐུས་མི་དང་བཞུགས་མོལ་གནང་སྐབས་ཀྱི་གསུང་བཤད)

དྲུག  ཧྲན་ཞི་དང་ཀན་སུའུ་ཉིན་ཞ་གསུམ་གྱི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དེ་ནི་ང་ཚོའི་ཏང་གི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་ཞིང་དམིགས་བསལ་གྱི་གནས་སུ་བསྡད་ཡོད། དེ་ནི་ས་ཞིང་གསར་བརྗེའི་དམག་འཁྲུག་གི་དུས་སྐབས་སུ་བཙུགས་པའི་གསར་བརྗེའི་གནས་གཞིའི་ས་ཁུལ་ཡིན་ལ།ཏང་ཀྲུང་དབྱང་དང་དམར་དམག་རྒྱང་སྐྱོད་ཀྱི་དམིགས་ས་ཡང་ཡིན་ལ།ཏང་གིས་མི་དམངས་དམག་དཔུང་གི་སྣེ་ཁྲིད་ནས་རི་འགོག་གཡུལ་སར་བསྐྱོད་པ་དང་།ཀྲུང་གོ་གསར་པའི་ཕྱོགས་སུ་བསྐྱོད་པའི་གཞི་འཛིན་ས་ཡང་ཡིན། ཏང་ཀྲུང་དབྱང་གིས་འདི་ནས་ལོ་ངོ་13གྱི་རིང་ལ་ཡན་ཨན་ལྟེ་བར་བྱས་ནས་རྒྱལ་ཡོངས་གསར་བརྗེ་ལ་མགོ་ཁྲིད་བྱས་ཏེ།ཡང་དག་པའི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས་ཤིང་།གསར་བརྗེའི་སྟོབས་ཤུགས་འཕེལ་རྒྱས་ཆེན་པོ་མངོན་འགྱུར་བྱུང་བ་དང་།རི་འགོག་དམག་འཁྲུག་ལ་མགོ་ཁྲིད་བྱས་ནས་མཐར་ཐུག་གི་རྒྱལ་ཁ་བླངས་ཏེ།དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་བཏིངས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་ནི་ཏང་དང་མི་དམངས་དམག་དཔུང་གི་རྩ་བ་ཡིན་པས།ང་ཚོ་ག་ནས་འོངས་པ་དང་དུས་ནམ་ཡང་གསར་བརྗེའི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱ་དགོས་པ་ང་ཚོས་བརྗེད་མི་རུང་།

(2015ལོའི་ཟླ་2ཚེས་13ཉིན་ཧྲན་ཞི་དང་ཀན་སུའུ་ཉིན་ཞ་གསུམ་གྱི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དབུལ་ཐར་ཕྱུག་འགྱུར་ཡོང་བར་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད།)

2020ལོའི་ཟླ་11ཚེས་12ཉིན་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧྲང་ཧེ་གྲོང་ཁྱེར་དུ་ཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་། འདི་ནི་ཉིན་དེའི་སྔ་དྲོ་ཞི་ཅིན་ཕིང་སོགས་ཀྱིས“རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་30འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ་རེད།

བདུན ཀྲའོ་ཅིན་གྱིས་ལྟེ་བ་བྱས་པའི་ཧྲན་ཞི་དང་ཀན་སུའུ་གཉིས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་གསར་བརྗེའི་གནས་གཞིའི་ས་ཁུལ་དེས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཡོད། གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་གསར་བརྗེའི་སྙིང་སྟོབས་དང་སྤྱོད་ཚུལ་བཟང་པོ་སྔར་ལས་ལྷག་པར་དར་སྤེལ་གཏོང་དགོས།

(2015ལོའི་ཟླ་2ཚེས་13ཉིན་ནས་ཚེས་16ཉིན་བར་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཧྲན་ཞི་རུ་ཕེབས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད།)

བརྒྱད། དམག་དཔུང་གི་ངོས་ནས་བརྗོད་ན།དད་སེམས་བརྟན་དུ་གཏོང་བའི་ལྟེ་བ་དང་གལ་ཆེ་ཤོས་ནི་དམག་མིའི་བླ་སྲོག་བརྟན་དུ་གཏོང་རྒྱུ་དེ་ཡིན་པ་དང་ཏང་གིས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཐའ་འཁྱོངས་བྱ་རྒྱུ་དེ་རེད། དམག་དོན་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱེད་སྐབས།རྒྱང་སྐྱོད་ལམ་དུ་དམར་དམག་དམག་དཔུང31པའི་ཁྲི་ཤོག93པའི་མདའ་ཤོག274པའི“ཕྱེད་བཅད་ཀོ་ཐག”གི་གཏམ་རྒྱུད་དེས་ང་ལ་མྱོང་ཚོར་ཟབ་མོ་བྱུང་། དམར་དམག་གི་འཐབ་འཛིང་པས་བཀྲེས་ལྟོགས་མྱོང་དགོས་བྱུང་ཡང་ཀོ་ཐག་ཕྱེད་ཙམ་བཅད་ནས་བསྡད་དེ“ཡན་ཨན་དུ་མའོ་ཀྲུའུ་ཞི་མཇལ་བར་འགྲོ་དགོས”ཞེས་བཤད་ཡོད། དེ་ནི་དད་སེམས་ཀྱི་སྟོབས་ཤུགས་ཡིན་ལ།“བློ་སེམས་བརྟན་པོས་ཏང་གི་རྗེས་སུ་འབྲང་བའི”གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། དཔུང་སྡེའི་ནང་གསར་བརྗེའི་ཐོན་ཁུངས་འདི་འདྲ་ཧ་ཅང་མང་པོ་ཡོད་པས།སྔོག་འདོན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ“གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི”འདུ་འགོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཏང་གི་ལོ་རྒྱུས་དང་དམག་གི་ལོ་རྒྱུས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། དཔོན་དམག་གིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས།

(2016ལོའི་ཟླ་1ཚེས་5ཉིན་ཤོག་སྒྲིག་དཔུང་ཚོགས་13ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད།)

དགུ།  ཅིན་ཀང་རི་བོ་ནི་གསར་བརྗེའི་རི་བོ་དང་འཐབ་འཛིང་གི་རི་བོ་ཡིན་ལ།དཔའ་བོའི་རི་བོ་དང་གཟི་བརྗིད་ལྡན་པའི་རི་བོ་ཡང་ཡིན། འདས་ཟིན་པའི་ཐུན་མོང་མ་ཡིན་པའི་ལོ་ཟླ་དེར་ཕྱིར་དྲན་བྱེད་སྐབས་ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུ་བ་དང་ང་ཚོས་ནམ་ཡང་ཁོ་ཚོར་དྲན་གསོ་དང་ཡིད་ལ་དམ་པོར་བཟུང་ནས་ཁོ་ཚོའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་དགོས།

(2016ལོའི་ཟླ་2ཚེས་1ཉིན་ནས་ཚེས་3ཉིན་བར་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཅང་ཞི་རུ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱེད་སྐབས་ཀྱི་གསུང་བཤད།)

བཅུ་བ།  རི་ཀླུང་གོམ་གང་ཡང་ཁྲག་དང་རྣམ་ཤེས་ཀྱིས་བསྐྲུན།  འདས་ཟིན་པའི་དམག་འཁྲུག་གི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཅིན་ཀྲའེ་མི་དམངས་ཀྱིས་ཞུམ་པ་མེད་པའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་ལ་བརྟེན་ནས། ཀྲུང་གོའི་གསར་བརྗེའི་བྱ་གཞག་ཆེད་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་མཛད་རྗེས་བཞག་ཡོད།ང་ཚོས་གསར་བརྗེའི་སྔོན་རབས་པའི་རྐང་རྗེས་དེད་དེ་མུ་མཐུད་མདུན་སྐྱོད་བྱས་ནས་མི་རབས་ནས་མི་རབས་བར་དམར་པོའི་སྲིད་དབང་རྒྱུན་འཛིན་བྱེད་དགོས། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་བྱིས་པའི་དུས་ནས་དམ་འཛིན་བྱས་ཏེ་ཤེས་བྱ་སློབ་ཁྲིད་བྱ་རྒྱུར་སྣང་ཆེན་བྱེད་དགོས་ལ་བརྩེ་སེམས་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་ཡང་བརྒྱབ་ནས། གསར་བརྗེའི་གཞི་རྒྱུ་ཁྲག་གི་ནང་དུ་སིམ་ཐུབ་པ་བྱས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་།མི་ཚེའི་ལྟ་བ།རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་ནན་བཤད་གནང་།

(2016ལོའི་ཟླ་4ཚེས་24ཉིན་ནས་ཚེས་27ཉིན་བར་ཨན་ཧོས་སུ་བྱ་བར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད།)

བཅུ་གཅིག ཉིན་ཞ་ནི་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ལྡན་པའི་གསར་བརྗེའི་ས་ཆ་ཞིག་རེད། 1926ལོར།ཉིན་ཞ་ནས་ང་ཚོའི་ཏང་གི་རྩ་འཛུགས་བཙུགས། དམར་དམག་རྒྱང་སྐྱོད་དང་ནུབ་སྐྱོད་གཉིས་ཀ་དེ་སྔ་ཉིན་ཞ་རུ་དམག་འཐབ་བྱེད་མྱོང་།དེ་རྗེས་ཉིན་ཞ་མི་དམངས་ཀྱིས་སླར་ཡང་ཧྲན་ཀན་ཉིན་གསར་བརྗེའི་གནས་གཞིའི་ས་ཁུལ་དང་།ཧྲན་ཀན་ཉིན་གསུམ་གྱི་འབྲེལ་མཚམས་ས་ཁུལ་འཛུགས་སྐྲུན་བྱས་ཏེ་རི་འགོག་དམག་འཁྲུག་དང་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐེངས་འདིར་ང་ཚོ་ཅང་ཐའེ་པའོ་ལ་སོང་ནས་དམར་དམག་གི་གཙོ་ཤུགས་དམག་དཔུང་ཆེན་པོ་གསུམ་མཉམ་དུ་འཛོམས་པའི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་སུ་མྱོང་ཚོར་ཐུབ་པ་བྱུང་བས་ཡང་བསྐྱར་སློབ་གསོ་གཏིང་ཟབ་ཐོབ་བྱུང་། ང་ཚོས་གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱ་དགོས་པ་མ་ཟད།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་བཏང་ནས་གཞོན་ནུ་དང་ལོ་ཆུང་བཅས་མི་རབས་མང་པོར་སློབ་གསོ་གཏོང་དགོས།

(2016ལོའི་ཟླ་7ཚེས་20ཉིན་ཉིན་ཞ་རུ་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

བཅུ་གཉིས།  ཀོང་ཞི་ནི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་ཡིན་ཞིང་།ཏིང་ཞའོ་ཕིང་དང་ཀྲང་ཡུན་དབྱི།ཝེ་པ་ཆོན་སོགས་གསར་བརྗེ་པ་རྒན་རབས་ཀྱིས་གསར་བརྗེའི་ས་ཆ་འདིའི་སྟེང་དུ་པའེ་སེ་འོས་ལངས་དང་ལུང་ཀྲོའུ་འོས་ལངས་ལ་མགོ་ཁྲིད་བྱས་ཏེ། ཙུའོ་ཡིའུ་ཅང་གསར་བརྗེའི་གནས་གཞིའི་ས་ཁུལ་བཙུགས། 1934ལོའི་ཟླ་11པའི་ཚེས་27ནས་ཟླ་12པའི་ཟླ་མགོར།ཞང་ཅང་གཡུལ་འགྱེད་དེ་ཀོང་ཞི་མངའ་ཁོངས་སུ་བྱུང་བ་རེད། ས་ཁུལ་རྙིང་པ་དང་ས་ཁུལ་རྙིང་པའི་མི་དམངས་ཀྱིས་རང་རེའི་ཏང་གིས་མགོ་ཁྲིད་པའི་ཀྲུང་གོའི་གསར་བརྗེར་རང་སྲོག་བློས་གཏོང་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

(2017ལོའི་ཟླ་4ཚེས་21ཉིན་ཀོང་ཞི་རུ་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

2020ལོའི་ཟླ་9ཚེས་16ཉིན་ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་བ་རེད། དེ་ནི་ཚེས་16ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་གིས་ཁྲེན་ཀྲོའུ་གྲོང་ཁྱེར་རུའུ་ཁྲེང་རྫོང་ཝུན་ཡའོ་རིགས་ཤང་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོའི“ཉལ་ཆས་ཕྱེད་ཀ་ལས་མེད་པའི་དྲོ་སྐྱིད”ཀྱི་ཆེད་དོན་འགྲེམས་སྟོན་ཁང་དུ་ས་གནས་དེ་གའི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་བརྗེའི་ཡུལ་སྐོར་དང་གསར་བརྗེའི་སློབ་གསོའི་གནས་ཚུལ་ཤེས་རྟོགས་གནང་བ་རེད།

བཅུ་གསུམ། ལོ་ངོ་དགུ་བཅུའི་རིང་ལ་ཏང་གི་མགོ་ཁྲིད་འོག་མི་དམངས་དམག་དཔུང་གིས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་དང་།རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་ཕྱིར་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་མཛད་རྗེས་གཟེངས་སུ་ཐོན་པ་བཞག་ཡོད། མི་དམངས་དམག་དཔུང་གིས་འབད་འབུངས་ཡར་བརྩོན་བྱས་པའི་ལོ་90ཡི་ནང་ཕུགས་བསམ་དང་དད་སེམས་བརྟན་པོ་དང་།གསར་བརྗེའི་སྲོལ་རྒྱུན་བཟང་པོ།ཞུམ་མེད་ཀྱི་དམག་འཐབ་སྤྱོད་ཚུལ་བཅས་གཅིག་ཏུ་བསྡུས་ཡོད་པས་ང་ཚོའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། ང་ཚོས་འོད་སྟོང་འབར་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་དགོས། མགོ་ཚུགས་ས་གསར་པ་ནས་གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱིས་གསར་གཏོད་གནང་བའི་བྱ་གཞག་རླབས་པོ་ཆེ་ཟམ་མི་ཆད་པར་གོང་དུ་སྤེལ་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་དམག་ཡོངས་ཀྱི་རྒྱ་ཆེའི་བཀོད་འཐབ་པ་ཚོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོ་ལམ་གྱི་གདེང་ཚོད་དང་།རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།ལམ་ལུགས་ཀྱི་གདེང་ཚོད།རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། མི་དམངས་དམག་དཔུང་འཛམ་གླིང་གི་རྩེར་སོན་དམག་དཔུང་ཞིག་ཏུ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུར་སྐུལ་མ་གཏོང་དགོས་པའི་སྐུལ་ལྕག་གནང་།

(2017ལོའི་ཟླ་7ཚེས་21ཉིན“འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་རླབས་ཆེའི་བྱ་གཞག་གཏོད་དགོས་ཞེས་པ་སྟེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད།)

2020ལོའི་ཟླ་4ཚེས་20ཉིན་ནས་ཚེས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་བྱ་བར་གཟིགས་ཞིབ་གནང་། འདི་ནི་ཟླ་4ཚེས་22ཉིན་ཞི་ཅིན་ཕིང་ཞིས་ཨན་འགྲིམ་འགྲུལ་སློབ་ཆེན་ནུབ་སྤོའི་རྟེན་རྫས་བཤམས་མཛོད་ཁང་དུ་གཟིགས་སྐོར་གནང་བཞིན་པ།

བཅུ་བཞི།ང་ཚོ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་ཡོངས་ད་ཐེངས་མཉམ་དུ་ཕྱིར་སྐྱོད་པའི་དམིགས་ཡུལ་ནི་རང་རེའི་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་ལྷག་པར་དུ་ཏང་དབུ་བརྙེས་སྐབས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་།གསར་བརྗེའི་སྔོན་རབས་པའི་བླ་ན་མེད་པའི་སྙིང་སྟོབས་སློབ་སྦྱོང་།ཕྲག་ཏུ་འཁུར་བའི་འགན་འཁྲི་གལ་ཆེན་ཁ་གསལ་བཟོ་བ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་རྒྱུ་དེ་ཡིན།

ཧྲང་ཧེ་ཏང་གི་ཚོགས་ཆེན་དང་པོའི་ཚོགས་གནས་དང་ཅ་ཞེན་ནན་ཧུའུ་གྲུ་གཟིངས་དམར་པོ་ནི་རང་རེའི་ཏང་གི་ཕུགས་འདུན་སྒྲུབ་མགོ་ཚུགས་ས་ཞིག་རེད། རང་རེའི་ཏང་འདི་ནས་དབུ་བརྙེས་པ་དང་འདི་ནས་རྡོག་ཐོན་བྱས་པ།འདི་ནས་བཟུང་རྒྱལ་ཡོངས་ཀྱི་སྲིད་འཛིན་ཕྱོགས་སུ་བསྐྱོད་པ་བཅས་རེད། འདི་ནི་ང་ཚོའི་ཏང་གི་རྩ་བ་ཡིན།

“དེའི་མགོ་ནས་མཇུག་བར་སྟབས་བདེ་ཡོང་བ་དང་།དེའི་མཇུག་ནས་མཇུག་བར་ཆེན་པོ་ཡོང་ངེས་རེད།” ལོ་96རིང་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་ཐོབ་པ་དེར་ང་ཚོས་བློ་སྤོབས་བསྐྱེད་དགོས་པ་ཞིག་ཡིན་པ་དང་། དུས་མཚུངས་སུ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་རྫོགས་མཐའ་བྲལ་བ་ཞིག་ཡིན་ཞིང་།གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ལ་ནམ་ཡང་འགྱུར་བ་གཏོང་མི་རུང་། ཐོག་མའི་བསམ་འདུན་མ་བརྗེད་ཚེ་གཞི་ནས་ལོ་རྒྱུས་ལ་སེམས་གསོ་དང་སྔོན་བྱོན་པ་རྣམས་ལ་སེམས་གསོ་གཏོང་ཐུབ་པ་དང་།གཞི་ནས་དམངས་སེམས་ཐོབ་པ་དང་དུས་རབས་ཀྱི་རྒྱལ་ཁ་ལེན་ཐུབ་པ།གཞི་ནས་ལེགས་སྒྲུབ་ལེགས་གྲུབ་དང་ཞུམ་མེད་མདུན་སྐྱོད་བྱེད་ཐུབ།

(2017ལོའི་ཟླ་10ཚེས་31ཉིན་ཧྲང་ཧེ་ཀྲུང་གུང་ཚོགས་ཆེན་དང་པོའི་ཚོགས་གནས་དང་ཀྲེ་ཅང་ཅ་ཞིང་ནན་ཧུའུ་མཚེའུ་ཡི་གྲུ་གཟིངས་དམར་པོ་མཇལ་སྐབས་ཀྱི་གསུང་བཤད།)

བཅོ་ལྔ།ཧོའེ་ཧའེ་གཡུལ་འགྱེད་ཀྱི་ཐོག་ནས་དམག་འཁྲུག་གི་རྒྱལ་ཕམ་ཐག་གཅོད་བྱེད་མཁན་ནི་མཚོན་ཆ་དང་དམག་ཤུགས་ཡིན་པ་དང་།དམག་དཔུང་གི་འཐབ་ཇུས་དང་འཐབ་རྩལ་སྤྱོད་པ།དཔོན་དམག་རྣམས་ཀྱི་ཡིད་ཆེས་དང་སྙིང་སྟོབས།མི་དམངས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བཅས་ནི་རྟག་པར་དེ་བས་ཀྱང་གལ་ཆེ་བའི་རྒྱུ་རྐྱེན་ཞིག་རེད། ང་ཚོས་མི་དམངས་དམག་དཔུང་གི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ནས་བླ་སྲོག་དང་།འཇོན་ཐང་།གཞུང་དྲང་རང་བཞིན།ཀུན་སྤྱོད་བཅས་ལྡན་པའི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་ཧུར་ཐག་བྱས་ཏེ་མི་དམངས་དམག་དཔུང་གི་ངོ་བོ་དང་།དམིགས་ཡུལ།རང་མདངས་བཅས་ནམ་ཡང་གནས་པར་བྱེད་དགོས། རང་རེའི་ཏང་དང་མི་དམངས་དམག་དཔུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ལོ་རྒྱུས་ཀྱི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་ཟམ་མི་ཆད་པར་མདུན་སྐྱོད་བྱེད་དགོས།

(2017ལོའི་ཟླ་12ཚེས་13ཉིན་ཅང་སུའུ་ཞུའུ་ཀྲིག་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།)

བཅུ་དྲུག  ལེ་ཧྥུན་ནི་དུས་རབས་ཀྱི་མིག་དཔེ་ཡིན་ལ་ལེ་ཧྥུན་གྱི་སྙིང་སྟོབས་ནི་རྟག་བརྟན་ཡིན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་དུས་རབས་ཀྱི་མིག་དཔེ་དེ་བས་མང་བ་ཞིག་དགོས། ང་ཚོས་ལེ་ཧྥུན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ལ་ལེ་ཧྥུན་གྱི་བྱེད་སྟངས་ལའང་སློབ་སྦྱོང་བྱས་ནས་བླ་ན་མེད་པའི་ཕུགས་བསམ་དད་སེམས་དང་ཀུན་སྤྱོད་གཤིས་རྒྱུད་དོན་གཉེར་བྱ་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བ་བྱས་ཏེ། སྤྱིར་བཏང་གི་ལས་ཀའི་འཚོ་བའི་ཁྲོད་མངོན་པ་བྱས་ནས་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་དང་ལེ་ཧྥུན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།

(2018ལོའི་ཟླ་9ཚེས་25ཉིན་ནས་ཚེས་28ཉིན་བར་བྱང་ཤར་ཞིང་ཆེན་གསུམ་དུ་བྱང་ཤར་དར་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུ་གཏིང་ཟབ་ཏུ་ཚོགས་པར་རྟོག་ཞིབ་དང་མགོ་འཛིན་གནང་སྐབས་ཀྱི་གསུང་བཤད།)

བཅུ་བདུན།  ཁྲུང་ཆིན་ནི་དཔའ་བོ་ཞིག་གི་ས་ཞིང་ཡིན་ཞིང་།དེར་གསར་བརྗེའི་སྲོལ་རྒྱུན་གཟི་བརྗིད་ལྡན་པ་ཞིག་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་འདིར་ཀྲུང་གོའི་མདུན་ལམ་དང་ལས་སྐལ་ཐག་གཅོད་པའི་ཁྲུང་ཆིན་དུ་གྲོས་མོལ་གནང་བ་དང་།བློ་མཐུན་ཀྲོའུ་ཨེན་ལའེ་ཡིས་ཀྲུང་གུང་ཀྲུང་དབྱང་ལྷོ་ཕྱོགས་ཅུའུ་ཡི་མགོ་ཁྲིད་དེ་འདིར་ལོག་སྤྱོད་སྟོབས་ཤུགས་དང་འཐབ་རྩོད་མཐའ་གཅིག་ཏུ་གནང་བ་རེད།

ཀྲུང་དབྱང་ལྷོ་ནུབ་ཅུའུ་ཡིས་གསར་གཏོད་རང་བཞིན་གྱི་བྱ་བ་མང་པོ་བསྒྲུབས། ཁྲུང་ཆིན་དུ་དྲང་བདེན་གྱི་ཆེད་དུ་ཞུམ་མེད་དང་དད་སེམས་བརྟན་པོ་དང་རང་སྲོག་བློས་གཏོང་བར་མི་སྐྲག་པའི་ཀྲའོ་ཧྲི་ཡན་སོགས་དང་།དཔའ་ངར་ཆེ་ཞིང་དམག་རྒྱག་མཁས་པ་དང་བྱས་རྗེས་ཡང་ཡང་བཞག་པའི་ཝང་ལིང་སོགས་དང་།བློ་རྩ་བརྟན་ཞིང་གཉའ་མི་སྒུར་བ།ཏང་ལ་རྒྱབ་གཏོད་མི་བྱེད་པའི་ཅང་ཀྲུའུ་ཅུན།ཝང་ཕིའུ།ཁྲེན་རན་སོགས་དང་།སྒྲིག་ཁྲིམས་ནན་སྲུང་དང་རང་སྲོག་བློས་གཏོང་ཕོད་པའི་འཐབ་འཛིང་དཔའ་བོ་ཆིའུ་ཧྲའོ་ཡུན་སོགས་ཐོན་པ་རེད། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ།བཙོན་དུ་བཅུག་པའི་ཀྲུང་གོ་གུང་ཁྲན་ཏང་མི་མང་པོས་ཡ་ང་བའི་ཁྲིམས་ཆད་སྣ་ཚོགས་མྱོང་དགོས་བྱུང་མོད།ཤི་ཡང་མགོ་མི་སྒུར་བར་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་ལས་དོན་གྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་ཕུལ། ཁྲུང་ཆིན་གསར་བརྗེའི་ཐོན་ཁུངས་དེ་དག་སྤྱད་དེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། གཞུང་དྲང་གི་སྤྱོད་བཟང་ཆགས་པར་བྱས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་རྩ་དོན།ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།

(2019ལོའི་ཟླ་4ཚེས་17ཉིན་ཁྲུང་ཆིན་དུ་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

བཅོ་བརྒྱད། ང་ཚོས་ངེས་པར་དུ་དམར་པོའི་སྲིད་དབང་ནི་གང་ནས་ཡོང་བ་དང་།ཀྲུང་གོ་གསར་པ་ཇི་ལྟར་བཙུགས་པ་དེ་སེམས་ལ་བརྟན་པོར་ངེས་ནས་རང་རེའི་ཏང་གིས་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གཅེས་སྤྲས་ཀྱིས་བགྲོད་ལམ་གྱི་གདེང་ཚོད་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།ལམ་ལུགས་ཀྱི་གདེང་ཚོད།རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས། གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ། ཕུགས་བསམ་དང་དད་སེམས་ཀྱི་མེ་ལྕེ་འབར་མ་ཐག་ནམ་ཡང་ཞི་མི་སྲིད། ཀྲུང་དབྱང་སུའུ་ཁུལ་དང་རྒྱང་སྐྱོད་ཀྱི་ལམ་དུ།ཏང་དང་དམར་དམག་གིས་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས།ཐེངས་རེ་རེ་བཞིན་བསྐྱར་དུ་ཕམ་ཉེས་བྱུང་བ་དང་།ཇི་ལྟར་དཔའ་ངར་ལྡན་ན་མཐར་རྒྱལ་ཁ་བླངས་ནས་ཡིད་ཆེས་དཀའ་བའི་བྱས་རྗེས་ངོ་མཚར་ཅན་གསར་སྐྲུན་བྱས་པ་རེད། ང་ཚོས་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་བརྗེད་མི་རུང་བ་དང་།གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དམིགས་ཡུལ་བརྗེད་མི་རུང་བར། གསར་བརྗེའི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། ད་ལྟ་རྒྱང་སྐྱོད་གསར་པའི་ལམ་བུའི་ཐོག་ང་ཚོ་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཉེན་ཁ་དང་འགྲན་སློང་གལ་ཆེན་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པར་སྔར་བཞིན་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་སྲ་ཞིང་བརྟན་པའི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་དགོས།

(2019ལོའི་ཟླ་5ཚེས་20ཉིན་ནས་ཚེས་22ཉིན་བར་ཅང་ཞི་རུ་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུ་ཚོགས་སྐབས་ཀྱི་རྟོག་ཞིབ་དང་མགོ་འཛིན་གནང་སྐབས་ཀྱི་གསུང་བཤད།)

བཅུ་དགུ། གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ། ཅང་ཞི་ཡི་གང་ས་གང་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ཀྱི་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོའི་གཏམ་རྒྱུད་ཀྱིས་ཁྱབ་ཡོད། “དགྲ་བོས་ང་ཚོའི་མགོ་བོ་གཅོད་དགོས་ཀྱང་ང་ཚོའི་དད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་མི་རུང་།”འདི་ནི་བློ་མཐུན་ཧྥང་ཀྲི་རྨིན་གྱིས་རང་སྲོག་བློས་བཏང་སྔོན་བཞག་པའི་དམ་བཅའ་བརྟན་པོ་ཞིག་རེད། སྔོན་གཤེགས་དཔའ་བོ་ལིག་རེན་ཁན་གྱིས་བདེན་དོན་མ་ཞུས་གོང་དགྲ་བོས་ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་ཁོང་གི་ལྕེ་བཅད་ཀྱང་། ཁོའི་སྔར་བཞིན་རྐང་པ་ལ་བརྟེན་ནས་ཁྲག་དམར་གྱིས་“གསར་བརྗེ་གྲུབ་འབྲས་ཐོབ་པའི་ངང་ཁྲི་ལོར་བརྟན་པར་ཤོག”ཅེས་བྲིས་ཡོད། སྔོན་གཤེགས་དཔའ་བོ་ཅང་ཧྲན་ཀྲུང་གིས་ཁྲག་གི་ཡི་གེ་བྲིས་ནས“མུན་ནག་ནང་དུ་ཤི་ཡང་ངོ་ལོག་མི་བྱེད་པར་གུང་ཁྲན་ཏང་ཁྲི་ལོ་ཡོང་བར་སྲུང་སྐྱོབ་བྱེད།”ཅེས་བྲིས་ཡོད། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པའི་རྒྱུ་མཚན་ནི་དད་སེམས་ལ་བརྟེན་པ་ཞིག་རེད། ད་ལྟ་དམག་འཁྲུག་དུས་སྐབས་ཀྱི་ཁྲག་དང་མེ་ལྟ་བུའི་ཤི་གསོན་གྱི་ཉམས་སད་དེ་ཉུང་དུ་ཕྱིན་ཡོད་མོད།འོན་ཀྱང་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་སྔར་བཞིན་མུ་མཐུད་དུ་བྱེད་བཞིན་ཡོད་པས།ང་ཚོའི་མདུན་དུ་འགྲན་སློང་གལ་ཆེན་དང་ཉེན་ཁ་ཆེན་པོ།འགལ་རྐྱེན་ཆེན་པོ།འགལ་བ་གལ་ཆེན་བཅས་རབ་དང་རིམ་པའི་དཀའ་ཚེགས་ཆེ་བའི་ཚོད་བགམ་སྣ་ཚོགས་ལྷགས་ཡོད། ཕུགས་བསམ་དང་དད་སེམས་བརྟན་པོ་མེད་ན།རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ཁ་ཕྱོགས་ནོར་བ་དང་།ཐའེ་ཧྲན་གྱི་གནོན་ཤུགས་ཆེན་པོའི་འོག་ནས་ཕྱིར་བཤོལ་གཡོལ་ཐབས་བྱེད་པ་དང་སྒྱོགས་མདེལ་གྱི་འོག་ཏུ་མགོ་སྒུར་པ་རེད། ང་ཚོས་གསར་བརྗེའི་གཞི་རྒྱུའི་ཁྲོད་ནས་དད་མོས་ཀྱི་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཏེ།“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས་”་ལེགས་པོར་སྒྲུབ་པ།རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་ལག་ལེན་བྱེད་མཁན་བཅས་བྱས་ཏེ།ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་ཚེ་གང་མི་འགྱོད་པའི་མར་ཁེ་སི་རིང་ལུགས་ཀྱི་འཐབ་འཛིང་པ་ངོ་མར་འགྱུར་བར་བྱ་དགོས།

(2019ལོའི་ཟླ་5ཚེས་22ཉིན་ཅང་ཞི་རུ་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

2019ལོའི་ཟླ་9ཚེས་23ཉིན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་།ཝང་དབྱང་།ཝང་ཧུའུ་ཉིན་།ཀྲའོ་ལི་ཅི།ཧན་ཀྲིན།ཝང་ཆི་ཧྲན་སོགས་ཀྱིས་པེ་ཅིན་འགྲེམས་སྟོན་ཁང་དུ“རླབས་ཆེན་གྱི་ལོ་རྒྱུས་ལམ་བུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཆེན་མོར”གཟིགས་སྐོར་གནང་བཞིན་པ།

ཉི་ཤུ།     ཀྲུང་གོ་གསར་བ་ནི་གྲངས་ལས་འདས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོས་ཁྲག་དྲོན་དང་ཚེ་སྲོག་གིས་བསྐྲུན་པ་རེད། དམར་པོའི་སྲིད་དབང་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་།ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་སླ་པོར་བྱུང་བ་ཞིག་མིན།  ནུབ་ལམ་དམག་དཔུང་གིས་དཀའ་ཉེན་ལ་མི་སྐྲག་པ་དང་ཁྲག་བཏོན་དམར་འཛིང་བྱེད་པའི་དཔའ་བོའི་རིང་ལུགས་ཀྱི་དཔའ་ཉམས་ཀྱིས་ཏང་དང་མི་དམངས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྙིང་སྟོབས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་པས་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ང་ཚོས་ཏང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་དམར་དམག་གི་གཏམ་རྒྱུད་ཡག་པོ་བཤད་པ།ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བཤད་པ་བཅས་བྱས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་དགོས།

(2019ལོའི་ཟླ་8ཚེས་19ཉིན་ནས་ཚེས་22ཉིན་བར་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།)

ཉེར་གཅིག ཀྲུང་གུང་ཀྲུང་དབྱང་ནི་པེ་ཅིན་ཞང་ཧྲན་དུ་ལོ་ཕྱེད་ཙམ་ལས་མ་འདས་མོད།  འོན་ཀྱང་འདི་ནི་ང་ཚོའི་ཏང་གིས་བཅིངས་འགྲོལ་དམག་འཁྲུག་གི་མགོ་ཁྲིད་དེ་རྒྱལ་ཡོངས་སུ་རྒྱལ་ཁ་བླངས་པ་དང་།དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་རླབས་ཆེན་བླངས་པའི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིན་པ་དང་།ཀྲུང་གོའི་གསར་བརྗེའི་ལྟེ་གནས་གྲོང་གསེབ་ནས་གྲོང་ཁྱེར་དུ་བསྒྱུར་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས།ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གོ་གནས་ཧ་ཅང་གལ་ཆེན་བཟུང་ཡོད།

2019ལོའི་ཟླ་5ཚེས་20ཉིན་ནས་ཚེས་22ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་ཞི་རུ་རྟོག་ཞིབ་གནང་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།འདི་ནི་ཞི་ཅིན་ཕིང་གིས་དམར་དམག་གི་སྔོན་གཤེགས་དཔའ་བོའི་རྗེས་རབས་པ་དང་དམག་ཞབས་ཐིམས་པའི་དམག་མི་སུན་ཀོན་ཧྥ་ཡི་ཁྱིམ་དང་ས་གནས་དེ་གའི་གྲོང་རྡལ།སྡེ་བའི་ལས་བྱེད་པ་བཅས་དང་འཚོ་བའི་སྐོར་གླེང་ནས་རྟེན་གཞིའི་ཁུལ་རྙིང་པའི་མི་དམངས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།

ང་ཚོས་ལོ་རྒྱུས་ལ་རྗེས་དྲན་ཞུ་བ་ནི།  གསར་བརྗེ་པ་རྒན་རབས་རྣམས་ཀྱིས་“དམག་ལ་ཞུགས་འོས་པ་དང་ཇག་པ་བདའ་ཕོད་པ།སྙན་གྲགས་གཡོ་གཉེར་མི་བྱེད་པ།”ཞེས་པའི་གསར་བརྗེ་མཐའ་འཁྱོལ་བའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་།རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།ལམ་ལུགས་ཀྱི་གདེང་ཚོད།རིག་གནས་ཀྱི་གདེང་ཚོད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་།ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་ཕོད་པ།མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བ་བཅས་བྱས་ཏེ་“ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོ་དེ་མུ་མཐུད་དུ་རླབས་གཤགས་མདུན་སྐྱོད་ཐུབ་པ་བྱེད་དགོས།

ང་ཚོས་ལོ་རྒྱུས་ལ་རྗེས་དྲན་ཞུ་བ་ནི། གསར་བརྗེ་པ་རྒན་རབས་ཚོས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་གསར་བརྗེའི་བརྩེ་སེམས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཞུ་བ་དང་།མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ།མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་དེ་ཐོག་མཐའ་བར་གསུམ་དུ་འབད་འཐབ་ཀྱི་དམིགས་ཚད་དུ་འཛིན་པ་བཅས་བྱས་ནས་དམངས་གཙོའི་ཏང་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཐུན་མོང་སྒོས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱ་དགོས།

ང་ཚོས་ལོ་རྒྱུས་ལ་རྗེས་དྲན་བྱེད་སྐབས།གསར་བརྗེ་པ་རྒན་རབས་རྣམས་ཀྱི་ཁེངས་སྐྱུང་གཟབ་ནན་དང་ང་རྒྱལ་དང་འཚབ་འཚུབ་མེད་པ།དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ།ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་དང་།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་སྲུང་འཛིན་བྱས་ཏེ།“རྒྱུགས་ལེན་དུ་སྐྱོད་པ་”ཡི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་རྒྱུགས་གཞི་ཡག་པོ་ཞིག་སྤྲོད་དགོས།

(2019ལོའི་ཟླ་9ཚེས་12ཉིན་པེ་ཅིན་ཞང་ཧྲན་གསར་བརྗེ་དྲན་གསོ་བྱེད་སར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད།)

ཉེར་གཉིས། ད་ཐེངས་ཀྱི་རྟོག་ཞིབ་ས་ཚིགས་དང་པོ་ནི་ཧུའུ་པེ་དང་།ཧོ་ནན།ཨན་ཧུའེ་བཅས་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ཡིན་པ་དང་།དེའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ཆེད་རེད། ང་རང་གིས་ཐེངས་རེར་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པར་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། གསར་བརྗེའི་ལོ་རྒྱུས་རྗེས་དྲན་བྱེད་ས་ཚང་མར་འགྲོ་བ་ནི་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་དམར་པོའི་སྲིད་དབང་ཇི་ལྟར་བྱུང་བ་དང་།ཀྲུང་གོ་གསར་པ་ཇི་ལྟར་བྱུང་བ།ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ཇི་ལྟར་བྱུང་བ་བཅས་ཀྱི་བསླབ་བྱ་གཏོང་འདོད་པ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་དམར་པོའི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བློ་རྩ་བརྟན་པོས་བསྐྱོད་དེ་སྔོན་བྱོན་པ་རྣམས་ཀྱིས་གསར་གཏོད་གནང་བའི་བྱ་གཞག་ཟམ་མི་ཆད་པར་གོང་དུ་སྤེལ་དགོས་པ་ཁྱབ་བསྒྲགས་བྱེད་འདོད་པ་ཡིན།

(2019ལོའི་ཟླ་9ཚེས་16ཉིན་ནས་ཚེས་18ཉིན་བར་ཧི་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།)

ཉེར་གསུམ།  ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་གསར་པར་སློབ་སྦྱོང་མང་ཙམ་བྱེད་པ་དང་།གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་རང་རྟོགས་ངང་དང་ལེན་བྱེད་པ་དང་རྒྱུན་དུ་སློབ་སྦྱོང་བྱེད་པ།རྒྱུན་ཆད་མེད་པར་ཚོར་ཤེས་བཅས་བྱས་ཏེ་ཕུགས་བསམ་དང་དད་སེམས་སྲ་བརྟན་དང་མཐོ་རུ་གཏོང་དགོས། གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དང་།དྲན་གསོ་ཁང་།ཏང་གི་ལོ་རྒྱུས་ཁང་།སྔོན་གཤེགས་དཔའ་བོའི་བང་སོ་ཁང་སོགས་ནི་ཏང་དང་རྒྱལ་ཁབ་ཀྱི་གསར་བརྗེའི་གཞི་རྒྱུའི་མཛོད་རེད། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད།གནས་གཞིའི་ས་ཁུལ་གྱི་གཏམ་རྒྱུད།དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་བཤད་དགོས་པ་དང་།གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ།གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ཏེ་གསར་བརྗེའི་རི་ཀླུང་གི་ཚོན་མདོག་ནམ་ཡང་མི་འགྱུར་རྒྱུའི་འགན་ལེན་བྱེད་དགོས།

(2019ལོའི་ཟླ་9ཚེས་16ཉིན་ནས་ཚེས་18ཉིན་བར་ཧི་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།)

ཉེར་བཞི། གསར་བརྗེར་རྒྱལ་ཁ་ཐོབ་པ་ནི་སྔར་ནས་ད་བར་གནམ་ནས་ལྷུང་བ་ཞིག་མིན་ལ།གཞན་གྱིས་གཅིག་གིས་གཅིག་ལ་གཅིག་སྤྲོད་བྱས་པ་ཞིག་ཀྱང་མིན་པར་རང་སྲོག་བློས་གཏོང་བྱས་ནས་ཐོབ་པ་ཞིག་ཡིན། ཧུའུ་པེ་དང་ཧི་ནན།ཨན་ཧོས་བཅས་ཞིང་ཆེན་གསུམ་གྱི་སུའུ་ཝེ་ཨེད་ས་ཁོངས་སུ་ལོ་28རིང་ཁྲག་བཏོན་དམར་འཛིང་བྱས་པ་དང་། ཏ་པའེ་རི་བོའི་བུ་ཕྲུག་འབུམ་གཉིས་ཀྱིས་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད།ཐོ་འགོད་བྱས་པའི་སྔོན་གཤེགས་དཔའ་བོ་འབུམ་གཅིག་དང་ཁྲི་གསུམ་ལྷག་ཙམ་ཟིན།སྐབས་དེ་དུས་མི་འབོར་འབུམ་གཅིག་ལས་མེད་པའི་རྫོང་གསར་པར་གསར་བརྗེ་བྱེད་མཁན་མི་ཁྲི་ལྔ་དང་སྟོང་ལྔ་ ཡོད་པ་རེད། ཧི་ནན་ཡང་དཔའ་བོ་གྲངས་མེད་ཐོན་པའི་ས་ཆ་ཡིན་ཞིང་།དབྱང་ཅིན་ཡུས་དང་ཕེང་ཞུའེ་ཧྥེང་།ཅི་ཧུང་ཁྲང་སོགས་ཚང་མ་ཧི་ནན་ནས་ཐོན་པའི་དཔའ་བོ་ཤ་སྟག་རེད། ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་གསར་པའི་སློབ་སྦྱོང་དམ་འཛིན་ཡག་པོ་བྱེད་པ་དང་།གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ།ཏང་གཤིས་སློབ་གསོའི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པའི་ཁྲོད་ཐོག་མའི་བསམ་འདུན་མ་སྲུང་བ་དང་འགན་འཁྲི་ཁུར་དུ་བླངས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་དེའི་ཆེད་དུ་འབད་འཐབ་བྱེད་པ་དང་རང་སྲོག་བློས་གཏོང་བའི་རླབས་ཆེན་བྱ་གཞག་ནུས་ཤུགས་ཡོད་རྒུས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

(2019ལོའི་ཟླ་9ཚེས་18ཉིན་ཧི་ནན་དུ་བྱ་བར་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

ཉེར་ལྔ། ཧྲང་ཧེ་ནི་ང་ཚོའི་ཏང་གི་འཁྲུངས་ཡུལ་ཡིན་པ་དང་།ཏང་དབུ་བརྙེས་རྗེས་ཏང་ཀྲུང་དབྱང་གི་ལས་ཁུངས་དུས་ཡུན་རིང་པོར་ཧྲང་ཧེ་རུ་བཅའ་སྡོད་བྱས་ཡོད། ང་རང་ཏང་གི་ཚོགས་ཆེན་དང་པོའི་ཚོགས་གནས་ལ་མཇལ་ཐེངས་རེ་ལ་ཚོར་བ་ཟབ་མོ་འདུག  ཧྲང་ཧེ་ཡིས་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་འདི་དག་བརྗོད་བྱ་གཙོ་བོའི་སློབ་གསོའི་གསོན་ཉམས་ལྡན་པའི་བསླབ་གཞིར་བརྩིས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས།བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཐོག་མའི་བསམ་འདུན་གཅིག་རྒྱུད་གཅིག་འཛིན་དང་ལས་འགན་ནམ་ཡང་ཕྲག་ཏུ་ཁུར་ནས“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་དཔའ་ངར་ཆེར་བསྐྱེད་དང་མདུན་གྲལ་དུ་བསྐྱོད་དགོས།

(2019ལོའི་ཟླ་11ཚེས་3ཉིན་ཧྲང་ཧེ་རུ་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

2018ལོའི་ཟླ་9ཚེས་25ཉིན་ནས་ཚེས་28ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་ཤར་ཞིང་ཆེན་གསུམ་དུ་རྟོག་ཞིབ་གནང་ནས་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བ་རེད། འདི་ནི་ཚེས་28ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་ལེའོ་ཉིན་ཕུའུ་ཧྲུན་གྲོང་ཁྱེར་དུ་ལེ་ཧྥུན་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བཞིན་པ།

ཉེར་དྲུག  ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་གསར་པར་སློབ་སྦྱོང་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་རྩ་ཆེ་བ་ཤེས་དགོས་པ་དང་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱ་རྒྱུ་ནི་གལ་ཆེན་ཡིན་པར་གོ་བ་ལེན་དགོས། ཡུན་ནན་ལ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ཡོད་པ་དང་།མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཡོད། གཏམ་རྒྱུད་དེ་དག་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི”སློབ་གསོའི་གསོན་ཉམས་དོད་པའི་སློབ་གཞིར་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ།  ཐོག་མའི་བསམ་འདུན་མ་བརྗེད་པར་ལྷག་བསམ་རྣམ་དག་དང་སྤྱོད་གཙང་།འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་རྒྱུན་ཆད་མེད་པར་ཞུན་བརྡར་བྱེད་དགོས།

(2020ལོའི་ཟླ་1ཚེས་19ཉིན་ནས་ཚེས་21ཉིན་གྱི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཡུན་ནན་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱེད་སྐབས་ཀྱི་གསུང་བཤད།)

ཉེར་བདུན།  ཧྲན་ཞི་ཡང་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ལྡན་པའི་ས་ཆ་ཞིག་དང་པ་ལུའུ་དམག་གི་སྤྱི་ཁྱབ་པུའུ་གནས་ས་དང་རི་འགོག་དམག་འཁྲུག་གི་གཡུལ་ས་གཙོ་བོ་ཞིག་བཅས་ཡིན་ཞིང་།ཅིན་སུའེ་དང་ཅིན་ཁྲ་ཅི་སོགས་རི་འགོག་གནས་གཞིའི་ས་ཁུལ་བཙུགས་པ་དང་།ཕིན་ཞིན་ཀོན་འགག་སྒོར་རྒྱལ་ཁ་ཆེན་པོ་ཐོབ་པ་དང་།མདའ་ཤོག་བརྒྱའི་གཡུལ་འགྱེད་ཆེན་པོ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཅིང་།ཐའེ་ཧང་སྙིང་སྟོབས་དང་ལུའི་ལིང་གི་སྙིང་སྟོབས་ནི་ང་ཚོའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། འདི་དག་ཚང་མ་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ།སྣ་མང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་དང་གསར་བརྗེའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཧྲན་ཞིའི་འཕེལ་རྒྱས་ལ་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱ་དགོས།

(2020ལོའི་ཟླ་5ཚེས་12ཉིན་ཧྲན་ཞིའི་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

ཉེར་བརྒྱད།  གཅིག་སྟོང་དགུ་བརྒྱ་སོ་ལྔ་ལོར་མའོ་ཀྲུའུ་ཞིས་དམར་དམག་གི་སྣེ་ཁྲིད་དེ་ཉིན་ཞ་རུ་དམག་འཐབ་བྱས་ནས་“ཁྱིམ་གཅིག་པུས་མཚན་གཏམ་ཕྱོགས་བསྡུས་”ཞེས་པའི་དམར་པོའི་སྐད་ཆ་གླེང་པ་དང་། 1936ལོར་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་དང་པོ་དང་གཉིས་པ་ཅང་ཐའེ་པའོ་ནས་རྒྱལ་ཁའི་ངང་དམག་དཔུང་མཉམ་དུ་འཛོམས། དམར་དམག་རྒྱང་སྐྱོད་ཀྱིས་ཉིན་ཞ་རུ་ཧ་ཅང་རྩ་ཆེ་བའི་གསར་བརྗེའི་བག་ཆགས་བཞག་ཡོད། ཁྱེད་ཚོས་གསར་བརྗེའི་ཐོན་ཁུངས་དེ་དག་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པར་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་པའི་སློབ་གསོ་གཏོང་དགོས།

(2020ལོའི་ཟླ་6ཚེས་10ཉིན་ཉིན་ཞ་རུ་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

ཉེར་དགུ།  ཅི་ལིན་ལ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ཡོད། རི་འགོག་དམག་འཁྲུག་གི་དུས་སྐབས་སུ་ཆ་རྐྱེན་ཧ་ཅང་ཞན་པའི་གནས་ཚུལ་འོག དམག་དཔོན་ཆེན་མོ་དབྱང་ཅིན་ཡུས་ཀྱིས་རི་འགོག་དྲག་དཔུང་གི་མགོ་ཁྲིད་དེ་རི་འགོག་དྲག་དཔུང་གིས་རི་པིན་འགོག་པར་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་བཞི་བཅུ་ཡི་གྲང་ངར་ལ་མ་འཛེམས་པར་དགྲ་བོར་ཁྲག་བཏོན་དམར་འཛིང་ཐེངས་མང་བྱས་ནས་རང་སྲོག་བློས་བཏང་བ་དང་། སྐབས་དེར་ཁོ་ཚོའི་ཕོ་བའི་ནང་དུ་རྩྭ་དང་ཤིང་ཤུན།སྲིང་བལ་བཅས་ལས་འབྲུ་རིགས་རྡོག་གཅིག་ཀྱང་མེད་པས་སྣང་བརྙན་དེ་ནི་མི་སེམས་འགུལ་བ་ཞིག་རེད། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ།ཐེངས་གསུམ་ལ་འབྲི་ཆུའི་ལྷོ་རྒྱུད་བརྒལ་བ་སོགས་ཏང་གིས་མི་དམངས་དམག་དཔུང་གི་མགོ་ཁྲིད་དེ་རྒྱལ་ཁའི་གླུ་དབྱངས་བླངས་པ་རེད། མེ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ཁྲོད་ཅི་ལིན་མི་དམངས་ཀྱིས་ཀྱང་བྱས་རྗེས་ཆེན་པོ་བཞག གསར་བརྗེའི་ཐོན་ཁུངས་དེ་དག་ཕུགས་བསམ་དང་དད་མོས་བརྟན་དུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་གསོན་ཉམས་ལྡན་པའི་སློབ་གཞིར་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་གསར་པ།བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས།སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་གཏིང་ཟབ་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཐོག་མའི་བསམ་འདུན་ནམ་ཡང་མི་ཉམས་པར་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་བསམ་བློ་དང་ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

(2020ལོའི་ཟླ་7ཚེས་24ཉིན་ཅི་ལིན་དུ་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

སུམ་ཅུ་པ། ཧུའུ་ནན་ནི་གསར་བརྗེའི་གནས་མཆོག་ཅིག་ཡིན་ཞིང་།མའོ་ཙེ་ཏུང་དང་ལིའུ་ཧྲའོ་ཆི།རེན་པུས་ཧྲི།ཕིན་ཏི་ཧའེ།ཧོ་ལུང་།ལུའོ་རུང་ཧིན་སོགས་གསར་བརྗེ་རྒན་རབས་པ་རྣམས་ཀྱི་ཁྲོད་དུ་སྟོན་བསྡུའི་འོས་ལངས་དང་།ཧུའུ་ནན་ལྷོ་ཁུལ་གྱི་གྱེན་ལངས་།བགྲོད་ལམ་བརྒྱུད་དེ་དམག་དཔུང་བསྒྱུར་བ་སོགས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་བྱུང་བ་དང་།གུང་ཁྲན་ཏང་མི་འབོར་ཆེན་ཞིག་གིས་ས་གཞི་འདིའི་སྟེང་གནམ་ས་གཡོ་བའི་དཔའ་བོའི་གླུ་དབྱངས་བྲིས་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན།ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ།དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

(2020ལོའི་ཟླ་9ཚེས་18ཉིན་ཧུའུ་ནན་དུ་བྱ་བའི་རྟོག་ཞིབ་མཇུག་སྒྲིལ་སྐབས་ཀྱི་གསུང་བཤད།)

སོ་གཅིག་པ། རྒྱང་སྐྱོད་ཀྱི་སྐབས་སུ་ཀུའེ་ཀྲིག་ནི་དམར་དམག་གིས་བྱེད་སྒོ་སྤེལ་ཡུན་རིང་ཤོས་དང་བྱེད་སྒོ་སྤེལ་ཁྱོན་ཆེ་ཤོས་ཡིན་པས་ང་ཚོར་རྩ་ཆེའི་བསམ་པའི་རྒྱུ་ནོར་བཞག་ཡོད། ཙུན་དབྱི་གྲོས་ཚོགས་ནི་ང་ཚོའི་ཏང་གི་ལོ་རྒྱུས་ཐོག་གི་ཁ་ཕྱོགས་འགྱུར་བའི་དོན་སྙིང་རླབས་ཆེན་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། ཐེངས་དེའི་ཚོགས་འདུ་ནི་དམར་དམག་གིས་“སྐོར་བཅོམ་”ལ་ངོ་རྒོལ་ཐེངས་ལྔ་པ་བྱས་པར་ཕམ་ཉེས་བྱུང་བ་དང་རྒྱང་སྐྱོད་བྱས་མ་ཐག་པའི་དུས་སྐབས་སུ་འགལ་རྐྱེན་ཚབས་ཆེན་བྱུང་བའི་ལོ་རྒྱུས་ཀྱི་འགག་རྩར་ཚོགས་པ་ཞིག་རེད། བློ་མཐུན་མའོ་ཙེ་ཏུང་གི་ཏང་ཀྲུང་དབྱང་དང་དམར་དམག་གི་མགོ་ཁྲིད་གོ་གནས་གཏན་ལ་ཕབ། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་མར་ཁེ་སིའི་རིང་ལུགས་ཀྱི་ཡང་དག་པའི་ལམ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་མགོ་ཁྲིད་གོ་གནས་གཏན་འཁེལ་བྱེད་འགོ་བརྩམས། བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཚན་པ་རབས་དང་པོས་ང་ཚོའི་ཏང་གིས་རང་ཚུགས་རང་བདག་གི་སྒོ་ནས་ཀྲུང་གོའི་གསར་བརྗེའི་གནད་དོན་དངོས་ཐག་གཅོད་བྱེད་པའི་དུས་རིམ་གསར་པ་བཏོད་ཅིང་།ཉེན་ཁ་ཆེ་ཤོས་ཀྱི་འགག་རྩར་ཏང་སྐྱོབ་ཐུབ་པ་དང་།དམར་དམག་སྐྱོབ་ཐུབ་པ།ཀྲུང་གོའི་གསར་བརྗེ་སྐྱོབ་ཐུབ་པ་བཅས་བྱུང་བ་རེད། ཙུན་དབྱིའི་གྲོས་ཚོགས་ཀྱི་ཁྱད་ཆོས་མངོན་གསལ་ནི་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་དང་།ཏང་ཀྲུང་དབྱང་གི་མགོ་ཁྲིད་ཡང་དག་པ་གཏན་འཁེལ།གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོའི་གསར་བརྗེའི་ཁྱད་ཆོས་དང་མཐུན་པའི་འཐབ་ཇུས་དང་ཐབས་ཇུས་གཏན་འབེབས་དང་ལག་བསྟར་བཅས་བྱ་རྒྱུ་དེ་རེད། དེ་ནི་ད་ལྟའང་སྔར་བཞིན་དོན་སྙིང་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད།

(2021ལོའི་ཟླ་2ཚེས་5ཉིན་ཀོས་ཀྲིག་རུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ཀྱི་གསུང་བཤད།)

སོ་གཉིས་པ།  ཧྥུའུ་ཅན་ནི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་ཡིན་ཞིང་།ཏང་གི་ལོ་རྒྱུས་ཀྱི་དོན་རྐྱེན་མང་བ་དང་།གསར་བརྗེའི་ཐོན་ཁུངས་མང་བ།གསར་བརྗེའི་སྔོན་བྱོན་པ་མང་བ།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་ཐུན་མིན་གྱི་དགེ་མཚན་ལྡན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད་དུ་ལོ་རྒྱུས་དང་གནས་ལུགས་གསལ་པོར་ཤེས་དགོས་ན།གནས་ལུགས་གསལ་པོར་ཤེས་པ་ནི་ཡིད་ཆེས་ཆེ་རུ་གཏོང་བ་དང་།ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ།འབད་བརྩོན་བྱེད་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། ཏང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་།དཀའ་ཚེགས་ཆེ་བའི་ལོ་རྒྱུས།ལོ་རྒྱུས་ཀྱི་ཉམས་མྱོང་།སྲོལ་རྒྱུན་བཟང་པོ་བཅས་ཀྱི་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་།མར་ཁེ་སིའི་རིང་ལུགས་ཅིའི་ཕྱིར་ལག་ལེན་དུ་བསྟར་ཐུབ་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་ལག་ལེན་ཡག་པོ་བྱེད་ཐུབ་པ་སོགས་ཀྱི་གནས་ལུགས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ།དེའི་ནང་གི་ལོ་རྒྱུས་ཀྱི་གཏན་ཚིགས་དང་།རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས།ལག་ལེན་གྱི་གཏན་ཚིགས་བཅས་གསལ་པོར་རྟོགས་པར་བྱ་དགོས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་མགོ་ཁྲིད་ལ་ཡིད་ཆེས་བརྟན་པོ་བྱེད་དགོས། མར་ཁེ་སི་རིང་ལུགས་དང་དེའི་ཀྲུང་གོ་ཅན་གྱི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་ཡང་དག་པའི་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཞེས་པའི་ཡང་དག་པའི་བགྲོད་ལམ་ཉག་ཅིག་འདིར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས།

(2021ལོའི་ཟླ་3ཚེས་25ཉིན་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།)

མཆན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས་གསར་བརྗེའི་དྲན་གསོ་བྱེད་གནས་སུ་ཐེངས་མང་ཕེབས་པ་དང་།གསར་བརྗེའི་ལོ་རྒྱུས་དྲན་གསོ་བྱེད་གནས་མཇལ་བར་ཕེབས་ཏེ།གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་དང་།དམར་པོའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ནས་དམར་པོའི་རི་ཀླུང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་དགོས་པའི་ནན་བཤད་ཡང་ཡང་གནང་བ་རེད། རྩོམ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོའི་ཟླ་12པ་ནས་2021ལོའི་ཟླ་3པའི་རིང་ས་གནས་སུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས་གནང་བའི་གསུང་བཤད་ནང་གི་ནང་དོན་གྱི་སྙིང་པོ་བསྡུས་འགོད་བྱས་པ་ཞིག་རེད།

ཡིག་སྒྱུར་བ། གཡང་འབུམ་རྒྱལ།