ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་སྟེང་དུ་རབ་མཛེས་མཚར་སྡུག་གི་བཀྲག་མདངས་རྣམ་པར་བཀྲ།
2021.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་དངོས་བྲིས།

མཚོ་སྔོན་ནི་ཟླུམ་གཟུགས་གོ་ལའི་ཡང་རྩེ་དང་མདོ་ལ་རི་བོའི་བྱང་རྒྱུད། ཁུ་ནུ་རི་བོའི་དཀྱིལ་དབུས། གདང་ལ་རི་བོའི་ལྷོ་ཕྱོགས་བཅས་སུ་ཆགས་ཤིང་། ཀྲུང་ཧྭའི་ཆུ་མཛོད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྗིད་མོ་ཁུར་དུ་ཐེག་སྟེ། ཀྲུང་གོའམ་ཡང་ན་ཡ་གླིང་ཤར་མའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གཙོ་བོར་གྱུར་ཡོད།

མཚོ་སྔོན་ནི་མཐུན་སྒྲིལ་གྱི་ཨ་ལོང་བརྒྱུས་པའི་གཡང་ས་དྲོད་མོ་ཞིག་ཀྱང་ཡིན་ལ། དེ་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་མི་གྲངས་ཀྱི་བསྡུར་ཚད་ཅུང་མཐོ་བའི་ཞིང་ཆེན་ཞིག་དང་། རིགས་སོ་སོའི་མི་རིགས་བར་བརྩེ་སེམས་ཀྱི་གཉེན་འདང་ཆེ་བ་དང་མཉམ་སྤེལ་མཉམ་འདྲེས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ལ་འཛུགས་སྐྲུན་བྱས་པའི་དཔེ་སྟོན་ཞིང་ཆེན་ཞིག་ཡིན་པས། རྒྱུན་མི་ཆད་པར་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོ་བྱས་ནས། རིགས་སོ་སོའི་མི་རིགས་རྣམ་གྱིས་མཉམ་དུ་མཐུན་སྒྲིལ་འབད་ཐབས་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་བྱས།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་རྩོམ་པའི་ལོ་དང་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་ཐོན་ལ་ཉེ་བའི་སྐབས་སྟེ་ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུའི་ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་མཐོ་སྒང་ཡུལ་དུ་ཞབས་ཀྱིས་བཅགས་ཏེ་ཁེ་ལས་ལ་གཟིགས་ཞིབ་དང་སྡེ་ཁུལ་དུ་འཚམས་འདྲི། ཞིང་སྡེ་རུ་སྐུ་དངོས་ཕེབས་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་རྟོག་ཞིབ་བཅས་མཛད་ནས་གསུང་བཤད་གལ་ཆེན་གནང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་བོར་བསྟན།

ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་སྟེང་དུ་རབ་མཛེས་མཚར་སྡུག་གི་བཀྲག་མདངས་རྣམ་པར་བཀྲ།

ཁྱད་ཆོས་མངོན་པར་ལྡན་པའི་ཐོན་ལས་དང་གསོན་ཉམས་ཆེན་པོ་ལྡན་པའི་ཁེ་ལས་བསྒྲུབ་པར་བློ་ཁོག་ཡངས་དགོས།

ཚེས་བདུན་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་ནང་དུ་འཕྲུལ་ཆས་སྣ་ཚོགས་ཀྱི་ལྡིར་སྒྲའི་བར་སྣང་ཁེངས་ཤིང་ལས་ལ་བྲེལ་བའི་ཡོ་ལང་རྣམ་པར་རྒྱས།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཇུས་འགོད་སྡེ་ཁག་ཏུ་རྟོག་ཞིབ་མཛད་པའི་ཚུལ་རེད།

ཆེ་ཆུང་དང་ཁ་དོག་མི་འདྲ་བའི་བོད་ལུགས་ས་གདན་མང་པོས་འགྲེམས་སྟོན་གྱང་ངོས་ཡོངས་སུ་བཀང་ཡོད་ལ། དེའི་སྟེང་དུ་ཡིག་རྟགས་དང་མེ་ཏོག འདབ་ཆགས། ཡུལ་ལྗོངས་སོགས་ཀྱི་རི་མོ་སྣ་ཚོགས་གཙགས་ཡོད་པས། མི་རྣམས་ཀྱིས་མིག་དབང་ཅིག་ཅར་འཕྲོག་ངེས།

“དངོས་གནས་འདྲ་མིན་སྣ་ཚོགས་འདུག” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་དགྱེས་པའི་ངང་ཉེ་བར་ཕེབས་ཏེ་ཞིབ་མོར་གཟིགས་པ་དང་མཚམས་རེར་ཕྱག་གིས་བོད་ལུགས་ས་གདན་ལ་རེག་ཙམ་བྱས་ཏེ་རྒྱུ་སྤུས་འཇལ་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ།  སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆ་དང་ཁྱད་དུ་འཕགས་པའི་མི་རིགས་གོམས་སྲོལ།  བཟོ་རྩལ་རྩེར་སོན་བཅས་ལ་བརྟེན་ནས་བོད་ལུགས་ས་གདན་མཐོ་སྒང་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཡིས “ཁྱོད་ཚོའི་ཁེ་ལས་ལ་ཁྱད་ཆོས་དང་ལེགས་ཆ་ག་འདྲ་ཡོད་དམ” ཞེས་དྲིས་པར།

“ང་ཚོའི་ཀུང་སིའི་ཆེས་ཆེ་བའི་ཁྱད་ཆོས་ནི་ཐོན་སྐྱེད་མ་བཅོས་རྒྱུ་ཆ་བརྒྱ་ཆའི་དགུ་བཅུའི་ཡན་ནི་ལྷད་མེད་ཡིན། ” ཁེ་ལས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན།  ཁོ་ཚོས་སྤྱོད་བཞིན་པ་ནི་མཚོ་སྔོན་ནས་ཐོན་པའི་ལྷད་མེད་བལ་ཡིན་ཞིང་།  ངག་རྒྱུན་དུ“ཟི་ལིང་གི་བལ་དཀར”ཞེས་བརྗོད་པ་མ་ཟད།  ད་དུང་སྤུས་ལེགས་ནོར་གནག་གི་ཁུ་ལུའི་འཐག་ཟིན་པའི་ས་གདན་ལ་ཞིབ་ཚགས་ལྡན་པར་མ་ཟད་ད་དུང་བདེ་ཐང་ལ་འཕྲོད།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།

སྤྱི་ཁྱབ་ཧྲུའུ་ཅི་མ་བཅོས་རྒྱུ་ཆའི་འགྲེམས་སྒྲོམ་མདུན་དུ་ཕེབས་ཏེ།  ཁུ་ལུ་དང་ལུག་བལ་ཕྱག་ཏུ་བཟུང་ནས་ཞིབ་མོར་གཟིགས་ཏེ་དངོས་གནས་ཡག་པོ་འདུག”ཅེས་གསུངས།  སྤྱི་ཁྱབ་ཧྲུའུ་ཅི་ཡིས“ད་ལྟ་བོད་ལུགས་ས་གདན་གྱི་ཁྲོམ་རའི་དགོས་མཁོ་ཅི་འདྲ་རེད།  ཁྱོད་ཚོས་གཙོ་བོ་རྒྱལ་ནང་ལ་འཚོང་གི་ཡོད་དམ་ཕྱི་རྒྱལ་དུ་འཚོང་གིན་ཡོད”ཅེས་མུ་མཐུད་དུ་དྲིས་པར།

“ད་ལྟ་མི་མང་པོ་ཞིག་གིས་ས་གདན་ལ་སྒྱུ་རྩལ་གྱི་རྣམ་པ་ཡོངས་སུ་མངོན་པས་རང་ཁྱིམ་དུ་འགེལ་རྒྱུར་ཧ་ཅང་དགའ་བ་རེད།  ལོ་འདི་དག་གི་རིང་ལ་ཁྲོམ་རའི་རྣམ་པ་སྔར་ལས་བཟང་ལ་རྒྱལ་ཁབ་ཕྱི་ནང་དུ་དགོས་མཁོ་ཆེན་པོ་ཡོད”ཅེས་བཤད།   ཁེ་ལས་འདིའི་ཐོན་རྫས་ཡོ་རོབ་དང་ཨ་མེ་རི་ཁ།  དབུས་ཤར་སོགས་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ལྷག་ལ་བྲིན་ཚོང་བྱས་པ་དང་།  ན་ནིང་ཐོན་རྫས་རིན་ཐང་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་ལ་སླེབས་ཡོད།

མདོ་དབུས་མཐོ་སྒང་དུ་བོད་ལུགས་ས་གདན་འཐག་པར་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད།  མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་ལེགས་བཅོས་གསར་གཏོད་བྱས་པ་བརྒྱུད།  སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱས་ཡོད་ལ་ཉམས་འགྱུར་གསར་པའང་མངོན་ཡོད།  2006ལོར།  “རྒྱ་ཡག་བོད་ལུགས་ས་གདན་འཁེལ་ཐག་གི་ལག་ཤེས”ཏེ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་གྲས་སུ་ཚུད།

ཁེ་ལས་འཁོར་ཁང་དུ་རྒྱ་ཡག་བོད་ལུགས་ས་གདན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དབྱང་ཡུང་ལེང་གིས་ཁོའི་གམ་དུ་ཡོད་པའི་སློབ་མར་སློབ་ཁྲིད་བྱེད་བཞིན་འདུག

“ཁྱོད་ཀྱི་ལག་ཤེས་འདི་མེས་པོ་ནས་བརྒྱུད་ཡོང་བ་ཡིན་ནམ།  མི་རབས་དུ་འགོར་སོང་།” སྤྱི་ཁྱབ་ཧྲུའུ་ཅིས་ཞབས་ཐང་དུ་བགྲོད་མཚམས་བཞག་སྟེ་དགེ་རྒན་དབྱང་དང་མཉམ་དུ་གསུང་གླེང་མཛད་པ་རེད།

“ང་མཚོན་ན་མི་རབས་བདུན་པ་ཡིན།  ང་རང་ལོ་བརྒྱད་ནས་བཟུང་ཨ་ཕའི་རྗེས་སུ་འབྲངས་ནས་བལ་བཀྲུ་བ་དང་བལ་འཁེལ་བའི་ལག་ཤེས་སྦྱངས་བ་ཡིན”ཞེས་བཤད།

“འདི་འདྲའི་བོད་ལུགས་ས་གདན་གཅིག་འཐག་ན་དུས་ཡུན་ཅི་ཙམ་འགོར་དགོས། ”

“མི་གཅིག་གིས་འཐག་ན་ཧ་ལམ་ཟླ་བ་གཅིག་མ་གཏོགས་མི་འགོར།”

སྤྱི་ཁྱབ་ཧྲུའུ་ཅིས་ཁོ་ལ“ཁྱོད་ཀྱི་ལག་ཤེས་འདི་ཧ་ཅང་རྩ་ཆེན་དང་དོན་སྙིང་ཆེན་པོ་ལྡན་པས་ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས”ཞེས་སྐུལ་ལྕག་གནང་བ་རེད།

བོད་ལུགས་ས་གདན་རེ་རེ་ཡིས་ལས་ཞུགས་ཀྱི་སྦྲེལ་ཐག་བསྐྲུན་ཡོད།

ཁེ་ལས་ཀྱི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་བཤད་རྒྱུར། ཁོ་ཚོའི་ཀུང་སིའི་ལས་བཟོ་བ་མང་ཆེ་བ་རང་ས་གནས་ཀྱི་མི་ཡིན་ཞིང་མཐོ་རིམ་སློབ་འབྲིང་མན་གྱི་ཡོན་ཚད་ཀྱིས80%ཡན་ཟིན་ཡོད། ཉེ་འཁོར་དུ་བསྡད་ཡོད་པའི་ཁྱིམ་བདག་མ་མང་པོ་ཞིག་ཁེ་ལས་སུ་གསོ་སྦྱོང་བྱེད་པར་ཡོང་བཞིན་ཡོད་ལ། ལོ་གསུམ་ནས་ལྔ་ཙམ་འགོར་རྗེས་བྱང་ཆ་ལྡན་པའི་ལག་ཤེས་པར་གྱུར་ནས་ཆ་སྙོམས་ཟླ་རེའི་གླ་ཕོགས་སྒོར་སྟོང་བཞི་ནས་སྟོང་ལྔ་ཙམ་ཟིན་གྱི་ཡོད་ཟེར།

“ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་དེ་རེད།” སྤྱི་ཁྱབ་ཧྲུའུ་ཅི་ཡིས། “དེའི་ཐད་ནས་བལྟས་ན། བོད་ལུགས་ས་གདན་ཐོན་ལས་ལ་དབུལ་སྐྱོར་ཕྱུག་འགྱུར་དང་གྲོང་གསེབ་དར་སྤེལ་གཏོང་བའི་ནུས་པ་ལྡན་པར་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ནུས་པ་ཡང་ལྡན་ཡོད”ཅེས་ཁས་ལེན་གང་ལེགས་གནང་།

ཐོན་སྐྱེད་འཁོར་ཁང་ནས་བྱེད་ནུས་རང་བཞིན་གྱི་ཞིབ་བཤེར་ཚད་ལེན་ཁང་དང་དེ་ནས་ ཇུས་འགོད་སྡེ་ཁག་བཅས་བར་སྤྱི་ཁྱབ་ཧྲུའུ་ཅིས་རེ་རེ་བཞིན་གཟིགས་ཞིབ་མཛད་པ་རེད།

“ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ། ” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུང་སི་དང་ཁ་གྱེས་སྐབས་ཚུར་རུབ་ཡོང་བའི་ཁེ་ལས་ཀྱི་ལས་བཟོ་བར་ཞལ་ཕྱོགས་ཏེ།“བོད་ལུགས་ས་གདན་ནི་ང་ཚོ་བོད་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པའི་ཐོན་ལས་ཤིག་ཡིན་ཞིང་། ཁྱེད་ཚོའི་ཁེ་ལས་ཀྱིས་ཁྱབ་ཁོངས་དེའི་ནང་སྤུས་རྟགས་བཏོད་ནས་སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་བཟོ་རྩལ་ཟུང་འབྲེལ་ཡག་པོ་བྱས་པས་རང་གཤིས་ཅན་དང་སྣ་མང་ཅན་གྱི་ཁྲོམ་རའི་དགོས་མཁོ་དང་མཐུན་ཡོད”ཅེས་མྱོང་ཚོར་ཟབ་མོས་དེ་ལྟར་གསུང་བྱུང་།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ལས་བཟོ་བར་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

སྤྱི་ཁྱབ་ཧྲུའུ་ཅིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆེས་ཁྱད་ཆོས་ལྡན་པའི་ཐོན་ལས་དང་གསོན་ཤུགས་ཆེན་པོ་ལྡན་པའི་ཁེ་ལས་ལ་དམ་འཛིན་བྱེད་མཁས་པོ་བྱས་ཏེ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ལེགས་ཁེ་ལས་སྐྱེད་སྲིང་བྱེད་པ་དང་ཁེ་ལས་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན་ཞིང་།  མཚོ་སྔོན་གྱིས་ས་གནས་ཀྱི་དོན་དངོས་དང་འཚམ་པའི་ཁྱད་ལྡན་ཐོན་ལས་དེ་བས་མང་བ་འཕེལ་རྒྱས་བཏང་ནས་གསར་གཏོད་ལ་བརྟེན་ནས་དེ་བས་ལེགས་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཐུགས་རེ་བཏོན།

“མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ཆེད་ང་ཚོས་འབད་འབུངས་ལྷོད་མེད་བྱ་དགོས།”

“ང་ས་གནས་སུ་རྟོག་ཞིབ་བྱེད་པར་འགྲོ་སྐབས་ནམ་ཡིན་ཡང་ཞིང་སྡེ་དང་གྲོང་ཁྱེར་གྱི་སྡེ་ཁུལ་དུ་སོང་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་ཅི་འདྲ་ཡིན་པ་དང་། ཉམས་མྱོང་ཡག་པོ་ཅི་ཞིག་ཡོད་ཚེ་སྤེལ་རེས་དང་ཁྱབ་གདལ་གཏོང་ཆོག་པ། སེམས་ཁྲལ་དང་དཀའ་ཁག་ཅི་ཡོད་ཚེ་ང་ཚོས་ཐག་གཅོད་བྱེད་དགོས་པ་བཅས་ལ་བལྟས་པ་ཡིན།  ”

ཚེས7ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་ཝུན་ཧོས་སྲང་ལམ་ཝུན་ཐིན་ལམ་སྡེ་ཁུལ་དུ་ཕེབས་པ་རེད།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཝུན་ཧོས་སྲང་ལམ་ཝུན་ཐེན་ལམ་སྡེ་ཁུལ་གྱི་མང་ཚོགས་ལ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

དེ་ནི་མི་གྲངས་ཅུང་མང་བའི་སྡེ་ཁུལ་ཆེན་པོ་ཞིག་ཡིན་ཞིང་། སྡོད་ཁུལ་ཆུང་བ་བཅུ་གསུམ་དང་སྡོད་དམངས་ཁྲི་གཉིས་སྟོང་གཉིས་ལྷག་ཡོད་པ་དང་།  དེ་ཡང་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཞིག་རེད། དེ་རུ་བོད་རིགས་དང་། ཧུའེ་རིགས། སོག་རིགས། ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྡོད་དམངས་སྟོང་གཅིག་ལྷག་ཡོད།

སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཚུའེ་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ། ལོ་འདི་དག་གི་རིང་ལ། སྡེ་ཁུལ་གྱིས་འཆམ་མཐུན་ཞེས་པའི་ཡིག་འབྲུ་དེ་གཉིས་དམ་འཛིན་བྱས་ནས། “མཉམ་འདྲེས་ལྔ་དང་མཉམ་གཏོད་ལྔའི་འཆམ་མཐུན་ཁྱིམ་མཚེས”ཀྱི་སྤུས་རྟགས་གཏོད་རྒྱུ་གཙོ་ གནད་དུ་བཟུང་སྟེ། ཁོངས་གཏོགས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། ཆུས། ཁྲོམ་གཞུང་། སྡེ་ཁུལ་བཅས་རིམ་པ་ལྔའི་ཏང་རྩ་འཛུགས་དང་འབྲེལ་མཐུད་བྱས་ནས། ལས་དོན་མཉམ་གྲོས་དང་། བྱེད་སྒོ་མཉམ་གཉེར། ཞབས་ཞུ་མཉམ་སྒྲུབ། ཏང་ཡོན་མཉམ་སྐྱོང་། གཡུལ་ས་མཉམ་སྤྱོད་བཅས་ཀྱི་མཉམ་འགུལ་ཏང་འཛུགས་སྐྲུན་གྱི་རྣམ་པ་ཆེན་པོ་ཞིག་ཆགས་པར་བྱས་ཡོད་པའི་ཡར་ཞུ་ཕུལ།

སྡེ་ཁུལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་ཕེབས་པ་ན་དེ་རུ་སྤྲོ་སྣང་གིས་ཡོངས་སུ་ཁེངས་འདུག   ཡིག་གཟུགས་ཁང་དང་། ཞབས་བྲོ་ཁང་། དཔེ་ཀློག་ཁང་། ལུས་གསོ་ཁང་སོགས་ཚང་མ་འཛོམས་ཡོད་པས།  གླུ་སྐད་སྙན་མོའི་ཡིད་དབང་འཕྲོག་ཤིང་ཡིག་གཟུགས་མཛེས་པོས་མིག་དབང་འཕྲོག་ངེས།

དམངས་ཕན་ཞབས་ཞུའི་སྒེའུ་ཁུང་གི་མདུན་ནས་སྤྱི་ཁྱབ་ཧྲུའུ་ཅིས་ལོ་རེ་ལྔ་ལ་སོན་པའི་བོད་རིགས་རྒན་མོ་རྡོ་རྗེ་སྒྲོལ་མར་ཐུག་འཕྲད་གནང་བ་རེད།

སྡེ་ཁུལ་ལ“རྒན་གཅེས་བདེ་སྐྱིད་ཟ་ཁང་”ཞིག་ཡོད་པས་དེ་རིང་ཆེད་དུ་ཟ་མ་ཟ་སྤྱད་ཀྱི་བྱང་བུ་སྒྲུབ་པར་ཡོང་བ་ཡིན་ཞེས་ཁོ་མོས་སྤྱི་ཁྱབ་ཧྲུའུ་ཅིར་དེ་ལྟར་བཤད་བྱུང་།

སྤྱི་ཁྱབ་ཧྲུའུ་ཅིས“མི་སུ་ཞིག་གིས་ཟ་མ་ཟ་ཆོག་པ་རེད་དམ”ཞེས་དྲིས་པར།

“མིག་སྔར་གཙོ་བོ་ཁྱིམ་ཐོ་སྡེ་ཁུལ་དུ་ཡོད་པའི་ལོ་དྲུག་ཅུ་ཡན་གྱི་རྒན་པ་རྣམས་ཡིན”ཞེས་ལས་བྱེད་མི་སྣས་དེ་ལྟར་ལན་བཏབ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་སོ་གཉིས་པའི“རྒན་གཅེས་བདེ་སྐྱིད་ཟ་ཁང་”དུ་ཕེབས་ཤིང་།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཝུན་ཧོས་སྲང་ལམ་ཝུན་ཐེན་ལམ་སྡེ་ཁུལ་གྱི་བདེ་སྐྱིད་ཟ་ཁང་དུ་རྒན་པ་རྣམས་ལ་བཟའ་བཏུང་འདོན་སྤྲོད་བྱེད་པའི་ཞབས་ཞུའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

སྤྱི་ཁྱབ་ཧྲུའུ་ཅིས“ཟས་རིན་མཐོའམ”ཞེས་དྲིས་པར།

“གཟིགས་སྐྱོང་བྱ་ཡུལ་མི་འདྲ་བར་གཟིགས་སྐྱོང་མི་འདྲ་བ་རེ་ཡོད་པ་དང་། དམར་ཟས་དང་དཀར་ཟས་གཉིས་ལ་ཁྲོམ་རའི་རིན་གོང་སྒོར་བཅོ་བརྒྱད་ཡིན་ཞིང་། ལོ་དྲུག་ཅུ་ཡན་གྱི་རྒན་པ་རྣམས་ལ་བདེ་སྐྱིད་ལོངས་སྤྱོད་རིན་གོང་སྒོར་དྲུག་ཡིན་པ་དང་། ལོ་བརྒྱད་ཅུ་ཡན་གྱི་ལོངས་སྤྱོད་རིན་གོང་སྒོར་གསུམ་ཡིན་པ་བཅས་ཀྱི་ནང་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པ་སོགས་རྒན་རྒོན་རིགས་བཞིར་སྒོར་གཅིག་ལས་མི་དགོས”ཞེས་ལིག་ཚུའེ་ཆིན་གྱིས་རེ་རེ་བཞིན་ཞིབ་མོར་བཤད་བྱུང་།

“སྒྲུབ་པ་ཧ་ཅང་ཞིབ་ཚགས་རེད།   ལས་ཀ་སྒྲུབ་ན་དངོས་གནས་འདི་ལྟར་སྒྲུབ་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་བསྔགས་བརྗོད་གནང་བ་རེད།

“ང་ཚོའི་འདི་གར་སྟབས་བདེ་ལ་གཙང་མའང་ཡིན་པས།  སྤྱི་གཞུང་ཐབ་ཚང་གིས་གཅིག་གྱུར་གྱིས་བསྐྱལ་བཞིན་ཡོད།  ཟས་རིགས་རེ་རེར་ཞིབ་བཤེར་བྱས་ནས་ཟས་རིགས་བདེ་འཇགས་ལ་འགན་ལེན་བྱེད་ཀྱིན་ཡོད། ལིག་ཚུའེ་ཆིན་གྱིས་སྤོབས་པ་ཆེན་པོས་བཤད་རྒྱུར། ད་ལྟ་ཉིན་རེར་རྒན་པ་བཞི་ཅུ་ལྷག་གིས་ཟ་མ་ཟ་གི་ཡོད་ལ། ཁོ་ཚོའི་ཁྲོད་ཀྱི་མང་ཆེ་བ་ནི་ཁེར་སྡོད་རྒན་རྒོན་ཡིན་པ་རེད།  རྒན་པ་ཞིག་གིས་སྤྱི་ཚོགས་རིང་ལུགས་ངོ་མ་བཟང་།    མི་ཚེ་འདིར་རྗེས་ཆོད་སོང་ཞེས་སེམས་འགུལ་ཆེན་པོས་དེ་ལྟར་བཤད་བྱུང་། ”

“སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་འཚོ་བ་ནི་འདི་ལྟར་ཡིན་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཁྱོད་ཚོས་སྒྲུབ་པ་ཧ་ཅང་བཟང་། རྒན་བཀུར་ཆུང་བྱམས་བྱ་རྒྱུ་ནི་ང་ཚོའི་སྲོལ་རྒྱུན་བཟང་པོ་ཞིག་རེད”ཅེས་སྐུལ་ལྕག་གནང་།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཝུན་ཧོས་སྲང་ལམ་ཝུན་ཐེན་ལམ་སྡེ་ཁུལ་གྱི་དཔེ་ཀློག་ཁང་དུ་ལོ་ཆུང་བྱིས་པར་སློབ་ཁྲིད་རྗེས་སུ་སྤྱི་ཕན་གཉོར་སྐྱོང་གི་ཞབས་འདེགས་ཞུ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

སྡེ་ཁུལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་སོ་དང་པོའི་དཔེ་གཟིགས་ཁང་དུ་སློབ་གྲྭ་གྲོལ་མ་ཐག་པའི་བྱིས་པ་ཚོས“ཆུ་ཚོད་བཞི་དང་ཕྱེད་ཀའི་སློབ་ཁང”དུ་ལས་བྱ་འབྲི་བ་དང་ལག་ཤེས་ལས་བཞིན་ཡོད། ལྔ་པའི་ཚེས་ལྔའི་དུས་ཆེན་ཐོན་ལ་ཉེ་བས་ཙོག་ཙེའི་ཐོག་ཚོན་མདོག་སྣ་ཚོགས་ཀྱི་ཤོག་བུའི་འབྲུག་དབྱིབས་གྲུ་གཟིངས་དང་ཞིམ་ཐུམ་བསྒྲིགས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བྱིས་པ་ཚོའི་ལག་རྩལ་བཟང་ཞེས་བསྔགས་བརྗོད་གནང་།

“བྱིས་པ་ཚོ་སློབ་གྲྭ་གྲོལ་རྗེས་ཚུར་བསུས་ཏེ་འདུག་ས་ཡོད་པར་གྱུར།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཐོག་མར་དོན་དག་འདི་སློབ་གྲྭས་བསྒྲུབ་དགོས་པ་དང་། སློབ་གྲྭས་སློབ་མའི་སློབ་ཁྲིད་རྗེས་ཀྱི་དུས་ཚོད་ཚང་མ་སྤྱི་ཚོགས་སྟེང་འདེད་མི་རུང་། སློབ་མའི་གཞི་རྩའི་སློབ་སྦྱོང་ལ་སློབ་གྲྭའི་ནང་གི་དགེ་རྒན་གྱིས་འགན་ཁུར་དགོས། སློབ་གྲྭའི་ནང་དུ་མི་སྒྲུབ་པར་ཕྱི་ལ་སོང་ནས་གསབ་སྦྱོང་བྱས་ན་མི་འགྲིག་ལ། འདི་ལྟར་བྱས་ན་མགོ་མཇུག་ལོག་ཡོད། ད་ལྟ་སློབ་གསོའི་སྡེ་ཁག་གིས་སྣང་ཚུལ་དེ་རིགས་ཡོ་བསྲང་བྱེད་བཞིན་པའི་སྒང་ཡིན”ཞེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྔར་ལས་ལྷག་པའི་སྒོ་ནས་བསྟན་དོན།“གལ་ཏེ་བྱིས་པ་ཚོར་ད་དུང་དུས་ཚོད་སེམས་ཤུགས་ཡོད་ཚེ་སྡེ་ཁུལ་དུ་ཡོང་ནས་ཁོ་ཚོར་སྤྲོ་སྣང་དང་འཚམ་པའི་བྱ་བ་སྒྲུབ་རྒྱུའི་ཁྲིད་སྟོན་བྱེད་སྟངས་འདི་རིགས་ཧ་ཅང་བཟང”ཞེས་གསུངས།

འགྱུར་ཁུག་སྙན་ཞིང་འཇེབས་པའི་གླུ་སྒྲ་དང་འགྲོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞབས་བྲོ་ཁང་དུ་ཕེབས།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཝུན་ཧོས་སྲང་ལམ་ཝུན་ཐེན་ལམ་སྡེ་ཁུལ་གྱི་ཞབས་བྲོ་ཁང་དུ་ལས་འཁྱུར་ངལ་གསོ་མི་སྣས་གླུ་དབྱངས་སྦྱོང་བར་གཟིགས་བཞིན་པའི་ཚུལ་རེད།

“གླུ་ཡི་ལས་དབང་མཉམ་གཞས་ཚོགས་པས”གནས་དེར“བདུན་གཅིག”ལ་ལེགས་སྐྱེས་ཕུལ་བའི་གསར་བརྗེའི་གླུ་གཞས་སྦྱོང་བརྡར་བྱེད་བཞིན་ཡོད། ལོ་རེ་གཅིག་ལ་སླེབས་པའི་སྒྲོལ་མ་ཚེ་རིང་གྲལ་ཤར་དང་པོ་རུ་ལངས་ནས་སྐད་གདངས་མཐོ་ལ་སྙན་ཞིང་འཇེབས་པའི་བོད་སྐད་ཀྱིས་ལམ་ནས“པེ་ཅིང་གི་གསེར་རིའི་སྟེང་འོད་ཟེར་ཕྱོགས་བཞིར་འཕྲོ”ཞེས་པའི་གླུ་གཞས་ལེན་གྱིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅིས་སྣེ་འཁྲིད་དེ་ཐལ་མོ་རྡེབ་པ་དང་། “《པེ་ཅིང་གི་གསེར་རིའི་སྟེང》ཞེས་པའི་གླུ་གཞས་དེ་མི་དམངས་མང་ཚོགས་དང་ལྷག་པར་དུ་བོད་རིགས་སྤུན་ཟླས་ཏང་དང་མེས་རྒྱལ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱེད་ཀྱིན་ཡོད་པ་མཚོན་ལ། གཞས་དེ‘བདུན་གཅིག’གི་དུས་སུ་བླངས་ན་དོན་སྙིང་ཆེན་པོ་ལྡན”ཞེས་གསུང་།

གླུ་དབྱངས་ཀྱི་ཁྲོད་དུ་མང་ཚོགས་ཀྱི་ལྷད་མེད་བརྩེ་སེམས་དང་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་མཚོན་ཐུབ།

སྡེ་ཁུལ་ནས་ཁ་གྱེས་སྐབས། སྡོད་དམངས་རྣམས་སྤྱི་ཁྱབ་ཧྲུའུ་ཅིའི་གམ་དུ་རུབ་སྟེ་ཕན་ཚུན་ཡིད་འཁྲེང་ནས་ཁ་འབྲལ་འདོད་ཀྱིན་མེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་གསུངས་དོན།“སྡེ་ཁུལ་ཞིག་ལེགས་པོར་གཉེར་དགོས་ན། ངེས་པར་དུ་སྟོབས་དང་ལྡན་པའི་ཏང་རྩ་འཛུགས་ཀྱིས་གཞི་རིམ་རྩ་འཛུགས་ལ་འགོ་ཁྲིད་བྱས་ཏེ། སྡེ་ཁུལ་གྱི་ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུ་འཐུས་ཚང་དུ་གཏོང་དགོས་ཤིང་། མང་ཚོགས་ཀྱི་རང་སྐྱོང་རང་བཞིན་ལྡན་པའི་ལས་དོན་སྒྲིག་འཛུགས་ལེགས་པོ་བྱ་དགོས།”

“བདེ་བར་བསྡད་ན་ལས་ལ་བརྩོན་ཐུབ། བདེ་སྐྱིད་ལྡན་པའི་འཚོ་བ་ད་དུང་རྗེས་ན་ཡོད།” མི་ཚོགས་ཁྲོད་ཀྱི་བྱིས་པ་ཚོར་ལྟ་བཞིན་སྤྱི་ཁྱབ་ཧྲུའུ་ཅིས་གདོང་ལ་འཛུམ་གྱིས་ཁེངས་ནས“བྱིས་པ་འདི་དག་ནར་སོན་སྐབས་ང་ཚོའི་རྒྱལ་ཁབ་ཀྱང་འཕེལ་རྒྱས་བྱུང་ནས་མི་འདྲ་བར་གྱུར་ཡོད་པ་དང་། ང་ཚོའི་མི་དམངས་ཀྱི་འཚོ་བ་ཡང་ཆུ་ཚད་སྔར་ལས་བཟང་བོར་སླེབས་ངེས། ད་ནས་བཟུང་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཡོང་ཆེད་ང་ཚོས་ཡང་འབད་བསྐྱར་འབད་བྱེད་དགོས”ཞེས་གསུངས།

“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད།”

“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན།” 2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དེ་ད་བར་སྔར་བཞིན་བློ་ཡིད་དུ་གནས་ཡོད།

“ང་དེ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་ལྟ་བར་ཕྱིན་པ་ཡིན། ད་རེས་ཆེད་དུ་མཚོ་སྔོན་པོར་ལྟ་རུ་ཡོང་བ་ཡིན”ཞེས་གསུངས།

མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་བདུན་ལྷག་ཙམ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་མིང་ཡང་དེ་ལྟར་ཐོགས་པ་རེད།

ཟི་ལིང་ནས་མེ་འཁོར་ལ་བཞུགས་པ་དང་དེ་ནས་རླངས་འཁོར་ལ་བཞུགས་ཏེ་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་འཕགས་སྨི3200ལྷག་ཙམ་ཡོད་པའི་མཚོ་སྔོན་པོའི་ཁེ་རམས་ཐང་དུ་ཕེབས་ནས། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཚོ་སྔོན་པོའི་ཁེ་རམས་ཐང་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

ཁེ་རམས་ཐང་ནི་མཚོ་སྔོན་པོའི་ནུབ་བྱང་ཕྱོགས་སུ་གནས་པ་དང་། དེ་ནི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཚོད་ལྟ་ཁུལ་དུ་གཏོགས། དབྱར་དུས་ཀྱི་ཉི་འོད་དེ་ཡངས་ཤིང་རྒྱ་ཆེ་བའི་མཚོ་ངོས་སུ་འཕྲོས་པ་ན། འོད་ཟེར་རབ་ཏུ་འཚེར་ཞིང་མུ་མཐའ་མེད་པ་ཞིག་རེད།

ས་གནས་དེ་གའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཞུ་རྒྱུར། ཉེ་བའི་ལོ་བཅོ་ལྔའི་རིང་ལ། མཚོ་སྔོན་པོའི་ཆུ་གནས་སྨི་གསུམ་ལྷག་ཙམ་དང་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་སུམ་བརྒྱ་ལྷག་ཙམ་མཐོ་རུ་ཕྱིན་ཡོད་ཅེས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཡིས “ད་ལྟ་ཆུའི་གཏིང་ཚད་ག་འདྲ་ཡིན་ནམ”ཞེས་དྲིས་པར།

“ཆ་སྙོམས་སྨི་བཅོ་བརྒྱད་དང་ཆེས་ཟབ་སའི་གནས་སུ་སྨི་ཉེར་བརྒྱད་ཡོད།”

མཚོ་སྔོན་པོའི་ཆུ་གནས་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་ལ། ཉེ་འཁོར་གྱི་གནམ་གཤིས་བརླན་འགྱུར་དང་དྲོ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་། ཚད་ངེས་ཅན་ཞིག་གི་ཐོག་ནས་ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། འདབ་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་དང་དེ་མིན་མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་ཡོད།

ཁེ་རམས་ཐང་ནས་ཕྱོགས་བཞིར་རྒྱང་ལྟ་བྱས་ཚེ། ཆུ་རྒྱུད་དང་གྲམ་ཐང་། ཆུ་སྐྱེས་རྩི་ཤིང་སོགས་སྐྱེ་ཁམས་མཛེས་ལྗོངས་ཕུན་སུམ་ཚོགས་པ་དང་། རླབས་ཕྲེང་ལང་ལོང་དུ་གཡོ་ཞིང་། བྱ་ཚོགས་འཕུར་སྐྱོད་བྱེད་པ་བཅས་ལས་དཔེ་མཚོན་གྱི་བརླན་སའི་རྣམ་པ་མངོན་ཡོད།

“གནས་འདིའི་ཆུ་སྤུས་ག་འདྲ་ཡིན་ནམ།” “འདབ་ཆགས་ཀྱི་རིགས་ག་ཚོད་ཡོད་དམ།” “ཉ་འཛིན་མི་ཆོག་པ་དེ་ཅི་ལྟར་བྱས་ནས་སྒྲུབ་ཀྱིན་ཡོད་དམ།” མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་ད་ཡོད་གནས་ཚུལ་དང་སྲུང་སྐྱོབ་བྱ་བའི་ཐད་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་ཞིབ་ཕྲ་གནང་།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཚོ་སྔོན་པོའི་ཁེ་རམས་ཐང་དུ་མདོ་ལ་རི་བོའི་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

ཟླ་གསུམ་གྱི་སྔོན་ལ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་བྱ་ཡུལ་དུ་མདོ་ལ་རི་བོའི་འདབས་ཀྱི་མཚོ་བྱང་ཁུལ་མིན་ཡོན་རྫོང་གི་འཐུས་མི་ཁུང་ཆིན་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཉེ་བའི་ལོ་འགའི་རིང་མདོ་ལ་རི་བོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འཕོ་འགྱུར་ངོ་སྤྲོད་བྱས་པ་རེད།

ཐེངས་འདིར། མཚོ་སྔོན་པོའི་འགྲམ་དུ་བཞེངས་ནས་མདོ་ལ་རི་བོར་རྒྱང་ལྟ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རི་བོའི་རང་བྱུང་སྐྱེ་ཁམས་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་། ལྷག་པར་དུ་མདོ་ལ་རི་བོའི་འཁྱག་རོམ་དང་མཚོ་སྔོན་པོའི་ཆུ་ཁུངས་བར་གྱི་འབྲེལ་བའི་གནས་ཚུལ་ལ་གདེང་འཇོག་ཆེན་པོ་གནང་།

ཤིང་ཟམ་གྱི་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞབས་ཐང་གིས་ཕེབས་ཞོར་དུ་ཉེ་འགྲམ་གྱི་ཁོར་ཡུག་ལ་གཟིགས་ཞིབ་གནང་སྐབས། རྒྱང་རིང་གི་རི་བོའི་དཔང་མཐོ་ཞིང་ཆུ་མོ་དྭངས་ཤིང་རྒྱང་དུ་བཞུར་ལ།  ཡངས་པའི་རྩྭ་ཐང་དུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་རྒྱུ་ཞིང་མཁའ་དབྱིངས་སུ་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གར་ལ་རོལ་བཞིན་འདུག

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཚོ་སྔོན་པོའི་ཁེ་རམས་ཐང་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

“རྣམ་པ་དེ་དག་མཐོང་དུས་ཝང་ལུའོ་པིན་གྱིས་མཚོ་སྔོན་དུ་བརྩམས་པའི་དམངས་གཞས་ཏེ།《རྒྱང་ཐག་རིང་བོའི་གནས་དེ་རུ།》ཞེས་པ་དེ་དྲན་ཡོང་ལ་གནས་འདིའི་འཚོ་བའི་ཉིང་བཅུད་བསྡུ་ལེན་བྱས་པ་ལས་ད་གཟོད་ཁོས་མིའི་རིགས་ཀྱི་སྒྱུ་རྩལ་གྱི་བང་མཛོད་ནང་དུ་བརྩམས་ཆོས་འདི་འདྲ་ཡག་པོ་ཁ་སྣོན་བྱས་པ་རེད།”ཅེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་དགོངས་སུ་སྔོ་ལྗང་གི་རི་ཀླུང་ནི་མཛེས་སྡུག་ལྡན་པ་དང་གནམ་སྔོན་པོ་ནི་བདེ་སྐྱིད་ཅིག་ཏུ་སེམས་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོན། སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་ཡིན་ལ་ང་ཚོའི་གཏེར་མཛོད་ཀྱང་ཡིན།  ཁོང་གིས་ཕྱོགས་བཞིར་གཟིགས་རྗེས་སུ། ས་གནས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་རྣམས་ལ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་ཆེན་ཡིན་པས་འགན་འཁྲི་ཧ་ཅང་ལྕི།  མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡག་པོ་བྱེད་པ་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པའི་མངགས་བཅོལ་ཡང་ཡང་གནང་།

ཚེས་9ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་སེམས་ཐག་བཅད་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་བསམ་གཞིག་སྐོར་གླེང་བྱུང་།

ཁོང་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་པས་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གནས་བབ་དང་།རྒྱལ་ཁབ་ས་ཁོངས་བདེ་འཇགས་གནས་བབ།ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་གནས་བབ་བཅས་དེ་བས་གལ་འགངས་ཆེ་བར་བསྟན།

“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི‘རྒྱལ་ཁབ’ཀྱི་དོན་ཆེན་ཞིག་རེད།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་གཙོ་གནད་ཞིག་ཡིན་པས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་མགོ་ཁུངས་སྲུང་སྐྱོབ་བྱེད་པ།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས་ཞེས་ནན་གྱིས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་མཚོ་སྔོན་གྱི་ཁྱད་ཆོས་ཡོད་པས་ངེས་པར་དུ་རང་སྟེང་གི་དོན་དངོས་ལ་གཞིགས་ནས། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་རང་བཞིན་ཁྲོད་རང་ཉིད་ཀྱི་ངེས་གནས་གནད་ལ་འཁེལ་པོས་འཚོལ་དགོས་ཞེས་ནན་གྱིས་གསུངས།  མཚོ་སྔོན་གྱི་རྒྱལ་ཁབ་མངའ་ཁོངས་ས་ཁུལ་གྱི་90%ཡན་ཚང་མ་གསར་སྤེལ་ཚོད་འཛིན་ས་ཁུལ་དང་ཡང་ན་གསར་སྤེལ་བཀག་སྡོམ་ས་ཁུལ་གྱི་ཁོངས་སུ་གཏོགས་པས། ངེས་པར་དུ་སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོ་དང་འགྱུར་མེད་གཅུན་སྡོམ་ལ་བརྩི་དགོས།

མཚོ་སྔོན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གཙོ་བོས་བྱ་བའི་སྙན་ཞུ་འབུལ་སྐབས། མཚོ་སྔོན་གྱིས་རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ། རྩྭ་ཐང་། བྱེ་མ་དང་འཁྱགས་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བཞིན་ཡོད་ཅེས་ཞུས་པར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད་ལ་ཁས་ལེན་མཛད་ཅིང་། “ངས་ཁྱེད་ཚོས‘འཁྱགས་རོམ’ཞེས་པའི་ཡིག་འབྲུ་ཞིག་བསྣན་ཡོད་པ་དེའི་ཐོག་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་དམིགས་བསལ་རང་བཞིན་མཚོན་ཡོད་པ་རྟོགས་ཤིང་། འཁྱགས་རོམ་ཞེས་པའི་ཡི་གེ་དེ་གང་སར་བཀོལ་ཆོག་པ་ཞིག་གཏན་ནས་མིན་གསུངས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་དོན་རྐྱེན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཐུགས་ཁུར་གནང་བཞིན་འདུག

2014ལོའི་ཟླ་8པ་དང་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་མུ་རུ་གཏེར་ཁུལ་གྱི་གཏོར་བཤིག་རང་བཞིན་གྱི་སྔོག་འདོན་ཐད་མཆན་བཀོད་མཛུབ་སྟོན་གནང་བ་རེད།

ད་ཐེངས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མུ་རུའི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་མཇུག་མ་མི་འཇོག་པ་དང་བློ་ཕམ་མི་དགོས་པ་བྱེད་དགོས་ཞེས་སླར་ཡང་ནན་བཤད་གནང་ཞིང་། སླད་ཕྱིན་གནད་དོན་དེ་རིགས་བྱུང་ཚེ་མཉམ་དུ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་ལས་རང་དགར་འཇོག་མི་རུང་ཞེས་གསུངས།

“བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་དང་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ངེས་པར་དུ་འཛུགས་སྐྲུན་བྱེད་དགོས།”

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་ནི་བོད་རིགས་ཀྱི་སྡེ་བ་ཞིག་རེད། སྲིད་གཞུང་གི་རོགས་རམ་འོག་འབྲོག་པ་རྣམས་ཐག་རིང་གི་རྩྭ་ཐང་ནས་དེ་གར་གནས་སྤར་ནས་་བཀོད་སྒྲིག་བྱས་པ་རེད།

ཚེས་8ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆ་སྙོམས་མཚོ་འཕགས་མཐོ་ཚད་སྨི་3300ཡོད་པའི་སྡེ་བ་དེར་ཕེབས་པ་རེད།

་སྤྲིན་དཀར་གྱི་འོག་ཏུ་སོ་ཕག་གིས་ལས་པའི་ཁང་པ་རེ་རེ་གྲལ་དུ་བསྒྲིགས་ཡོད་པ་དང་གཙང་ལ་གྲལ་དག་པའི་སྡེ་བའི་ལམ་གྱི་གཡས་གཡོན་དུ་ཉི་ནུས་ལམ་སྒྲོན་བཙུགས་ཡོད།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་རྟོག་ཞིབ་གནང་སྐབས་སྡེ་མི་བསོད་ནམས་ཚེ་རིང་གིས་ཞི་ཅིན་ཕིང་ལ་ཁ་བཏགས་འབུལ་བཞིན་པའི་ཚུལ་རེད །

“སྤྱི་ཁྱབ་ཧྲུའུ་ཅིར་དགའ་བསུ་ཞུ།” ལོ་ན་ལྔ་བཅུ་ལ་སླེབས་པའི་སྡེ་མི་བསོད་ནམས་ཚེ་རིང་ཚང་གི་ཁྱིམ་མི་ཆེ་ཆུང་ཚང་མ་སྒོ་འགྲམ་དུ་ལངས་ནས་སྤྱི་ཁྱབ་ཧྲུའུ་ཅིར་དྲི་མེད་ཀྱི་ཁ་བཏགས་ཕུལ།

ཟླ་ངོ་ལྔ་ཙམ་ལས་འགོར་མེད་པའི་བསོད་ནམས་ཚེ་རིང་གི་ཚ་མོ་མཐོང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་མཉེས་པའི་ངང་ནས་“བྱིས་པ་འདི་སྙིང་རྗེ་ལ་སྤྱང་གྲུང་ལྡན་པར་འདུག”ཅེས་གསུངས།

སྒོ་ར་ཆུང་ཆུང་ཞིག་གི་ནང་དུ་ཐོན་དུས་ཤེལ་གྱི་ཁང་པའི་སྟེང་དུ་ཉི་འོད་འཕྲོས་པས་དྲོད་ཀྱིས་ཁེངས་འདུག

“རང་འབབ་ཆུ་བཀོལ་སྤྱོད་བྱེད་བཞིན་ཡོད་དམ། བཙོག་ཆུ་ཇི་ལྟར་གཙང་སེལ་བྱས་པ་ཡིན།” སྔོན་དང་འདྲ་བར་སྤྱི་ཁྱབ་ཧྲུའུ་ཅིས་སྡེ་བའི་གསང་སྤྱོད་བཅོས་བསྒྱུར་བྱ་བའི་སྐོར་ལ་ཐུགས་ཁུར་གནང་བཞིན་འདུག

“ད་ལྟ་སྡེ་བའི་ནང་དུ་རང་འབབ་ཆུ་འཐེན་ཡོད། བཙོག་ཆུ་ཚང་མ་གཅིག་གྱུར་གྱིས་གཙང་སེལ་བྱེད་ཀྱི་ཡོད།”ཅེས་སྡེ་བའི་ལས་བྱེད་པས་ལན་བཏབ།

ཉལ་ཁང་དང་འགྲུལ་ཁང་དུ་ཐོན་དུས་ཁང་པའི་ནང་དུ་མཛེས་སྤྲས་བྱས་ཏེ་གྱང་ཤོག་སྦྱར་ཡོད་པ་དང་།སྒམ་དང་བརྙན་འཕྲིན་སོགས་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་ཡོད་པ་མཐོང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་འཛུམ་དམུལ་དམུལ་ངང“ཁྱིམ་དུ་བཀོད་སྒྲིག་ཡག་པོ་བྱས་འདུག”ཅེས་གསུངས།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་བསོད་ནམས་ཚེ་རིང་ཚང་གི་ནང་མི་དང་ལྷན་དུ་བཀའ་མོལ་གནང་བའི་ཚུལ་རེད།

བསོད་ནམས་ཚེ་རིང་ཚང་གི་འགྲུལ་ཁང་དུ་བཞུགས་ནས་སྤྱི་ཁྱབ་ཧྲུའུ་ཅིས་ནང་མི་དག་དང་གསུང་གླེང་ཞིབ་རྒྱས་མཛད།

བསོད་ནམས་ཚེ་རིང་གིས་པར་རྙིང་པ་ཞིག་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅིར་བསྟན་པ་དང་། དེ་ནི་སྤྱི་ལེ་བཅུ་བདུན་གྱི་ལམ་ཐག་གི་མཚམས་སུ་སྡོད་སྐབས་ཏེ། གནས་སྤོར་མ་བྱས་སྔོན་གྱི་ས་ཁང་རྙིང་པ་གྱན་གཉིས་ཀྱི་པར་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པར་དེ་ཕྱག་ཏུ་བཞེས་ནས་ཞིབ་གཟིགས་གནང་རྗེས། “སྔོན་ཆད་ཀྱི་ཆ་རྐྱེན་ནི་དངོས་གནས་དཀའ་ཁག་ཆེ་བ་ཞིག་རེད།  ད་ལྟ་ལེགས་བཅོས་ཆེན་པོ་བྱུང་འདུག”ཅེས་གསུངས།

བསོད་ནམས་ཚེ་རིང་གིས་2014ལོའི་ལོ་མཇུག་ཏུ་སྲིད་གཞུང་གིས་སྒོར་མོ་འབུམ་བཞི་དང་སྟོང་བདུན་ཁ་གསབ་བྱས་པ་དང་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་རང་གིས་ཕུལ་ནས་ཁྱིམ་མི་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སོ་ཕག་གི་ཁང་པ་འདིར་སྡོད་ཐུབ་སོང་ཟེར།

“གནས་སྤོར་བྱས་རྗེས་སུ་ཅི་ཞིག་ལས་བཞིན་ཡོད། ”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་མཛད།

“ང་ནི་རྩྭ་ཐང་གི་དོ་དམ་ལྟ་སྲུང་པ་ཞིག་ཡིན་པ་དང་། ཟླ་གཅིག་ལ་ཟླ་ཕོགས་སྒོར་མོ་སྟོང་གཅིག་དང་ཉིས་བརྒྱ་ཡོད་ཅིང་། བུ་མོ་ནི་ཁོར་སྲུང་ལས་བཟོ་པ་ཞིག་ཡིན་པ་དང་། ཟླ་གཅིག་གི་ཟླ་ཕོགས་ལ་སྒོར་མོ་སྟོང་གཉིས་དང་བཞི་བརྒྱ་ཡོད་ལ། མག་པས་རྫོང་བརྙན་འཕྲིན་ཁང་དུ་བྱ་བ་ལས་བཞིན་ཡོད་པ་དང་། ཟླ་གཅིག་ལ་ཟླ་ཕོགས་སྒོར་མོ་སྟོང་གཉིས་དང་བདུན་བརྒྱ་ཡོད། ”

བསོད་ནམས་ཚེ་རིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་རྩིས་ཞིབ་མོ་ཞིག་བརྒྱབ་རྗེས། “བརྟན་འཇགས་ཀྱི་ཟླ་ཕོགས་ཡོང་སྒོ་འདི་དག་ཕུད་རྗེས། ད་དུང་ཁྱིམ་དུ་ལུག་བརྒྱད་ཅུ་དང་། ནོར་གནག་ཉི་ཤུ་ཡོད་པ་དང་། ན་ནིང་ཕྱུགས་ཟོག་ཕྱིར་འཚོང་བྱས་པ་ལས་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་ལྔ་ཡོད”ཞེས་བཤད།

བདེ་སྐྱིད་ཀྱི་འཛུམ་མདངས་དེ་ཁྱིམ་མི་གང་བོའི་གདོང་ན་འཁྱིལ་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཐུགས་དགྱེས་པའི་ངང་ནས། ཤིན་ཏུ་བཟང་། གོ་རིམ་རྗེས་མར་ཁྱེད་ཚོར་འཚོ་བའི་སྟེང་ན་ད་དུང་རེ་བ་ཅི་ཞིག་ཡོད་པ་དང་། འཆར་གཞི་གང་འདྲ་ཡོད་ཅེས་དྲིས་པ་ན། བསོད་ནམས་ཚེ་རིང་གིས་ཅི་ཞིག་བཤད་དགོས་པའང་མ་ཤེས་པར་ཅི་ཡང་མི་འདུག ཅི་ཡང་མི་འདུག་ཅེས་ཕྱིར་ལན་བཏབ་པ་ན། ཚང་མ་མཉམ་གཅིག་ཏུ་བགད་བྱུང་།

“འབྲོག་པའི་འཚོ་བ་བཟང་པོ་ནི་ཡོད་ཚད་ཏང་གི་སྲིད་ཇུས་བཟང་པོ་ལ་རག་ལས་པས། སེམས་གཏིང་ནས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིར་བཀའ་དྲིན་ཞུས་པ་ཡིན”ཞེས་བབ་ཆགས་པའི་སྐད་ཆས་སེམས་གཏམ་བརྗོད་བྱུང་།

སྤྱི་ཁྱབ་ཧྲུའུ་ཅིས་སེམས་ཚོར་ཆེན་པོའི་ངང་ནས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་སོང་བ་དང་། ང་ཚོའི་ཏང་འདི་ཉིད་འཕེལ་རྒྱས་སྟོབས་ཆེན་དུ་གྱུར་བ་དེ་ལས་སླ་མོ་ཞིག་མིན་ཞིང་། སྲིད་དབང་འཕྲོག་ལེན་བྱེད་པ་ལས་སླ་མོ་ཞིག་མིན་ལ། ཀྲུང་གོ་གསར་བ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡང་ལས་སླ་མོ་ཞིག་མིན། མང་ཚོགས་ཀྱིས་སེམས་གཏིང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་གོང་བཀུར་བྱེད་པའི་རྒྱུ་མཚན་ཅི་ཞིག་ཡིན་ཟེར་ན། དེ་ནི་ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་བསྒྲུབས་པ་དང་། མི་རིགས་སོ་སོར་བདེ་སྐྱིད་བསྐྲུན་པར་བྱས་པ་དེའི་རྐྱེན་གྱིས་ཡིན”ཞེས་གསུངས།

“རྒྱང་སྐྱོད་བྱེད་པའི་སྐབས་སུ། དམར་དམག་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་བརྒྱུད་མྱོང་བ་དང་། ང་ཚོ་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་དག་དང་ཕུ་ནུ་མིང་སྲིང་ལྟ་བུའི་མཛའ་བརྩེ་ཆགས་ནས་མཛེས་སྡུག་ལྡན་པའི་གཏམ་རྒྱུད་མང་པོ་བཞག་ཡོད།” སྤྱི་ཁྱབ་ཧྲུའུ་ཅིས་མུ་མཐུད་དུ་གསུངས་རྒྱུར། “ད་ལྟ་ང་ཚོ་གུང་ཁྲན་ཏང་གི་རིམ་པ་སོ་སོའི་ལས་བྱེད་པ་རྣམས་ས་གང་དུ་ཐོན་ཡང་ཡུལ་མི་ཚོར་ཁྱེད་ཚོས་འཚོ་བ་ཇི་ལྟ་བུ་ཞིག་རོལ་འདོད་དམ་ཞེས་འདྲི་དགོས་ཤིང་། སྔར་ལས་བཟང་པོའི་འཚོ་བར་ང་ཚོ་ཚང་མས་མཉམ་གཅིག་ཏུ་སྐུལ་འདེད་གཏོང་དགོས་པ་དང་། མཉམ་གཅིག་ཏུ་མངོན་འགྱུར་ཡོང་བར་བྱ་དགོས།”

སྤྱི་ཁྱབ་ཧྲུའུ་ཅི་ཡར་བཞེངས་ཏེ་ཕྱིར་ཕེབས་སྐབས། ཁྱིམ་མི་གང་བོར་ཁོང་དང་འབྲལ་འདོད་མེད་པའི་སྣང་བ་ཞིག་སྐྱེས་བྱུང་།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་རྟོག་ཞིབ་མཛད་སྐབས། སྡེ་མི་རྣམས་ལ་ཕྱག་བརྡ་གཏོང་བའི་ཚུལ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཞི་ཀྲུའུ་ཞི་བཟང་”ཞེས་བསོད་ནམས་ཚེ་རིང་ཚང་གི་སྒོ་ཁའི་ལམ་འགྲམ་གཉིས་སུ་སྡེ་མི་ཚོས་སྔ་མོ་ནས་བསྐོར་ཡོད་པ་དང་། ཚང་མས་དྭངས་གཙང་གི་ཁ་བཏགས་ལག་ཏུ་བཟུང་ནས་དགའ་སྤྲོའི་ཐལ་མོ་རྡེབ་པ་དང་། སྐད་གསེང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་རྟོག་ཞིབ་མཛད་སྐབས། སྡེ་མི་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

དགའ་སྤྲོའི་ཁེངས་པའི་ཡུལ་མི་ཚོའི་ཁ་གཏད་དུ་བཞེངས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་བརྩེ་སེམས་ལྡན་པའི་སྒོ་ནས“ཁྱེད་ཚོ་མཐོང་བས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ལ། ཞེ་འདང་ཤིན་ཏུ་ཆེ། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་། ཚང་མ་ཕུ་ནུ་མིང་སྲིང་ཡིན། ཁྱེད་ཚོ་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། ཚང་མའི་འཚོ་བ་ཤིན་ཏུ་སྐྱིད་པོ་ཡིན་པ་མཐོང་བས་ང་ཚོ་དགའ་སྤྲོ་སྐྱེས་ཡོད་ལ། ཚང་མས་ཏང་དང་སྲིད་གཞུང་གི་བརྩེ་བ་ཟབ་མོ་ཉམས་སུ་མྱོང་ཐུབ་པ་ཚོར་ཡོད”ཅེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅིས“སེ་འབྲུར”དཔེར་བླངས་ནས་ཚང་མར་གཏམ་རྒྱུད་ཅིག་གསུངས་བྱུང་། ཡུ་གུར་རིགས་ཀྱི་སྤུན་ཟླས་བཤད་པའི་ང་ཚོ་སེ་འབྲུ་ནང་བཞིན་དུ་དམ་པོར་འབྲེལ་ཡོད་ཞེས་པའི་ཚིག་འདི་ཧ་ཅང་གསོན་ཉམས་ལྡན་པ་ཞིག་རེད། མི་རིགས་སོ་སོ་སེ་འབྲུ་ནང་བཞིན་དུ་དམ་པོར་འབྲེལ་དགོས་པ་དང་། ང་ཚོ་ཚང་མ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་གྲུབ་ཆ་ཞིག་ཡིན་ཞེས་གསུངས།

མ་འོངས་པར་རྒྱང་ལྟ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ད་ལྟ། ང་ཚོ་མི་འགྱངས་བར་ལོ་བརྒྱ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དང་། རྗེས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མིག་མདུན་དུ་ལྷགས་ཡོད། ཀྲུང་གོ་གསར་བ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་སྐབས་དེར་ཐོན་དུས། ཀྲུང་ཧྭ་མི་རིགས་ཉིད་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་བློ་སྤོབས་ཆེན་པོས་ཀྲོང་ངེར་འགྲེང་ཐུབ་པར་ང་རང་ཡིད་ཆེས་ཀྱིས་ཁེངས་ཡོད། སྐབས་དེར་ཐོན་དུས། བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཞིག་དང་། དེང་རབས་ཅན་གྱི་རྒྱལ་ཁབ་ཞིག་འཛུགས་སྐྲུན་བྱེད་ཐུབ་པ་ཁོ་ཐག་ཡིན། ”

སྤྱི་ཁྱབ་ཧྲུའུ་ཅིས་སྐད་གདངས་བརྟན་པོའི་སྒོ་ནས“སང་ཉིན་སྔར་ལས་བཟང་པར་ངེས་པར་དུ་ཡིད་ཆེས་བརྟན་པོ་ཡོད་དགོས”ཞེས་གསུངས།

ཐལ་མོ་རྡེབ་སྒྲ་དང་། དགའ་སྤྲོའི་འབོད་སྒྲ་དེ་མཛེས་སྡུག་ལྡན་པའི་མདོ་དབུས་མཐོ་སྒང་ན་ཡང་ཡང་གྲགས་བཞིན་འདུག

ཡིག་སྒྱུར་བ། ཨ་བརྟན་རྒྱལ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ། གཡང་འབུམ་རྒྱལ། ཚེ་རིང་སྒྲོལ་མ།