ཀོས་ནན་རྫོང་གིས་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་འཆམ་མཐུན་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་ལེགས་སུ་བཏང་།
2021.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

 ཀོས་ནན་རྫོང་གླིང་ཆེན་བྱེ་སྣའི་བྱེ་འགོག་བྱེ་བཅོས་དྲན་གསོ་ཁང་གི་ལྗོངས་གཟིགས་སྟེགས་བུ་ནས་རྒྱང་རིང་ལ་བལྟས་ཚེ་མུ་མཐའ་བྲལ་བའི་རྩྭ་ཐང་ལ་སྐྱེ་སྟོབས་ཀྱིས་ཁེངས་འདུག

ཀོས་ནན་རྫོང་གླིང་ཆེན་བྱེ་སྣའི་བྱེ་འགོག་བྱེ་བཅོས་དྲན་གསོ་ཁང་ནི་བྱེ་འགོག་བྱེ་བཅོས་ཀྱི་སྐོར་གཡེང་ས་ཚིགས་ཤིག་ཀྱང་ཡིན་ལ། ཁ་རྒྱ་སྡེ་བའི་སྡེ་མི་རྡོ་རྗེ་རྒྱལ་ནི་སྐོར་གཡེང་ས་ཚིགས་ཀྱི་ནགས་ཚལ་ལྟ་སྲུང་པ་ཞིག་ཡིན།    ད་ལོ་ལོ57ལ་སླེབས་པའི་རྡོ་རྗེ་རྒྱལ་གྱིས་དེ་སྔའི་བྱེ་འགོག་བྱེ་བཅོས་ཀྱི་འཕོ་འགྱུར་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པའི་ཆ་ནས་གླིང་ཆེན་བྱེ་སྣའི་འདས་མ་ད་གསུམ་གྱི་འགྱུར་ལྡོག་ལ་གསལ་ཆ་ཆེན་པོ་ཡོད།

“སྔོན་ཆད་བྱེ་རླུང་གིས་རྩྭ་ཐང་ལ་གཏོར་བརླག་ཚབས་ཆེན་བཏང་བ་དང་ལོ་རེར་ངེད་ཚང་གི་སྤྱི་ཆིང4ཙམ་གྱི་རྩྭ་སའང་བྱེ་མས་སྣུབ་ཀྱི་ཡོད།  བྱེ་མའི་གནོད་འཚེའི་དབང་གིས་སྡེ་མི་རྣམས་གནས་སྤོ་མི་བྱེད་ཀ་མེད་བྱུང་སོང་”ཞེས་རྡོ་རྗེ་རྒྱལ་གྱིས་དེ་སྔའི་གནས་ཚུལ་ཕྱིར་དྲན་བྱེད་ཞོར་དུ་དེ་ལྟར་བཤད་བྱུང་།

རྗེས་སུ་ཀོས་ནན་རྫོང་གིས་ཏང་སྲིད་དམག་དམངས་དང་སློབ་གྲྭ།  ཁུལ་དང་རྫོང་། ཡུལ་ཚོ།  སྡེ་བ་བཅས་ཀྱི་དམངས་ཡོངས་བྱེ་འགོག་བྱེ་བཅོས་ཁྲོད་ཞུགས་པ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱིས་བྱེ་འགོག་བྱེ་བཅོས་བྱས།  ལོ་རེའི་དཔྱིད་ཀར།  རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ་ཚང་མས་བྱེ་འགོག་བྱེ་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་སྤེལ་བཞིན་ཡོད། ད་ལྟ།  གླིང་ཆེན་བྱེ་སྣའི་བྱེ་མ་འགོག་བཅོས་ཀྱི་རྒྱ་ཁྱོན་སྤྱི་ཆིང་འབུམ་གཅིག་ཁྲི་གསུམ་ལ་བསླེབས་པ་དང་།  2020ལོར་རྫོང་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད19.24%བར་ཇེ་མཐོར་སོང་ཡོད།

ཀོས་ནན་རྫོང་གི་གླིང་ཆེན་བྱེ་སྣའི་བྱེ་མ་བཅོས་སྐྱོང་ནི་ཀོས་ནན་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་སྡུག་གི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཅིག་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་མཉམ་འདྲེས་ཆེན་པོའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།

ཉེ་བའི་ལོ་འགར། ཀོས་ནན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་།  མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་འདོན་ས་བྱེད་པ། མི་རིགས་ཁག་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་ཐབས་ལམ་དུ་བརྩི་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་མི་རིགས་འཆམ་མཐུན་དང་། མི་དམངས་མཉམ་སྤྲོ། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་འཇགས། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཟམ་མི་ཆད་པར་བཏོད་དེ་རྫོང་ཡོངས་ཀྱི་ཁྱོན་ཡོངས་བརྟན་བརླིང་དང་ཡུན་རིང་བདེ་འགོད་མངོན་འགྱུར་བྱས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བཟོ་སྐྲུན་ལག་བསྟར་བྱས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སློབ་གསོའི་དྲིལ་བསྒྲགས་བཟོ་འགོད་ལག་བསྟར་བྱས་ནས་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་། ཉེ་བའི་ལོ་ཤས་རིང་། ཀོས་ནན་རྫོང་གིས་བསམ་བློ་གསར་པར་སློབ་སྦྱོང་བྱ་རྒྱུ་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་དང་།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སློབ་གསོ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱས་པ་དང་། མང་ཚོགས་ཀྱི་རིན་ཐང་ལྟ་བ་དང་འབྲེལ་བ་ཡོད་པའི་ངོས་འཛིན་གཏིང་ཟབ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་།  ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པ་དེ་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་ཞིག་ཏུ་འགྱུར་བར་བྱས།

ཏང་གི་ལོ་རྒྱུས་དང་། ཀྲུང་གོའི་ལོ་རྒྱུས་གསར་པ།  བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བྱས་ནས།   མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་ཚོར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ་སོགས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བཅས་བརྟན་པོར་བཙུགས།   མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཞུགས་པར་ཡོངས་ཁྱབ་ཏུ་སྐུལ་སློང་བྱས་པས་བརྟན་འཇགས་སྲུང་སྐྱོབ་ཀྱི་འཛིང་རགས་ཆེན་པོ་གྲུབ་ཡོད།   རྒྱ་ཆེའི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་།

གསར་འཛུགས་རྨང་གཞིའི་བཟོ་འགོད་ལག་བསྟར་བྱས་ཏེ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་བཏང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དེ་དཔལ་འབྱོར་འཛུགས་སྐྲུན་དང་གནད་འཁེལ་དབུལ་སྐྱོར། གྲོང་གསེབ་དར་སྤེལ།   སྐྱེ་ཁམས་སྲུང་སྐྱོབ་སོགས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་བསམ་བློའི་དབུལ་ཐར། ཏང་གཤིས་སློབ་གསོ།  རིག་གནས་ཡུལ་སྐོར་བྱེད་སྒོ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་སྤྱོད་སྤེལ་ནས་གསར་འཛུགས་ལས་དོན་གྱི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་རྒྱ་བསྐྱེད་པ་རེད།  ཁུལ་རིམ་པའི་དཔེ་སྟོན་ས་ཚིགས77དང་། རྫོང་རིམ་པའི་ལྟ་སྦྱོང་ས་ཚིགས27། རྫོང་རིམ་པའི་དཔེ་སྟོན་ས་ཚིགས་40བཅས་གསོ་སྐྱོང་བྱས་པ་དང་ཆབས་ཅིག འགུལ་རྣམ་དོ་དམ་ལག་བསྟར་བྱས་པས།  2019ལོར་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་རྫོང་དུ་བདམས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དེ་ལས་ཁུངས་དང་། ཞིང་སྡེ། སྡེ་ཁུལ། སློབ་གྲྭ། དམག་སྒར། ཁེ་ལས། དགོན་པ། ཁྱིམ་ཚང་། ཁྲོམ་ར།  ལྗོངས་ཁུལ། དྲ་རྒྱ་བཅས་སུ་སྐྱོད་པའི་བྱེད་སྒོ་སྤེལ་བས། ལས་ཁུངས་སུ་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པ་དང་།  ཞིང་སྡེར་འཆམ་མཐུན་གྱི་སྲོལ་བཟང་དར་སྤེལ་བྱེད་པ།  སྡེ་ཁུལ་གྱི་ཁྱིམ་མཚེས་ཕན་ཚུན་འཆམ་མཐུན་མཉམ་གནས་བྱེད་པ། ཁྲོམ་རའི་ཡིད་རྟོན་བདག་གཉེར་དང་བྱིས་པར་བརྙས་བཅོས་མི་བྱེད་པ་དེ་གཉེར་སྐྱོང་མཁན་གྱི་ཚད་གཞིར་འགྱུར་བར་བྱེད་པ།  དམག་སྒར་གྱི“དམག་དམངས་མཐུན་སྒྲིལ་གྱི་ཉ་ཆུ་ལྟ་བུའི་འབྲེལ་བ”མི་སེམས་སུ་ཟུག་པ།   སློབ་གྲྭའི་དགེ་སློབ་ཚོའི“མི་རིགས་ང་དྲུག་མེ་ཏོག་ལྔ་དྲུག” ཞེས་པའི་བསྟོད་གླུ་མཉམ་ལེན་ཁྲོད་ཡོངས་སུ་ཞུགས་པ། དམངས་ཡོངས་ཀྱིས་གསར་འཛུགས་ཀྱི་རྣམ་པ་བཟང་བོ་མཉམ་སྤྱོད་བྱེད་པ་བཅས་རྫོང་ཡོངས་སུ་དཔལ་ཡོན་གསར་འཛུགས་ཀྱི་མེ་ཏོག་གང་སར་བཞད་ཡོད།

མི་རིགས་ཁག་གི་དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད།

དབྱར་འགོའི་དུས་སུ་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་གྱི་རྒན་གསོ་ཁང་དུ་བདག་སྐྱོང་པ་བསོད་བྷེ་ཡིས་ལོ85ལ་སླེབས་པའི་བགྲེས་སོང་ལྷ་ཁོ་སྐྱིད་ཀྱི་སྐྲ་ཤད་པ་དང་ལུས་པོར་ཕུར་མཉེད་བྱེད་བཞིན་ཡོད།  རྒན་གསོ་ཁང་གི་རྒན་པ་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ཡོད། 2015ལོར་ཀོས་ནན་རྫོང་གིས་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས།  ཕྱོགས་གསུམ་པ་དང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་དང་སྨན་བཅོས་ལེགས་གསོའི་གྲོས་མཐུན་བཞག་སྟེ་རྒན་གསོ་དང་། སྨན་བཅོས། བདེ་སོས་བཅས་གཞི་གཅིག་ཅན་གྱི་རྒན་གསོའི་རྣམ་པ་ཧུར་ཐག་གིས་བཏོད་ཡོད། མིག་སྔར་རྒན་གསོ་ཁང་དེར་རྒན་པ27ཡོད་པ་དང་དེའི་ནང་བོད་རིགས་དང་རྒྱ་རིགས་ཀྱང་ཡོད།   བདག་སྐྱོང་པ10ཡིས་བདག་སྐྱོང་ལེགས་པོ་བྱས་པ་བརྒྱུད་རྒན་པ་ཚོའི་འགྲོ་འདུག་དང་ཟས་གོས་ཐད་ལ་སེམས་ཁྲལ་མེད་པར་བདེ་སྐྱིད་ཀྱི་ཚེ་མཇུག་རོལ་བཞིན་མཆིས།   “ཉེ་འགྲམ་དུ་གཉེན་ཉེ་མེད་ཀྱང་ད་ལྟ་ང་ཚོའི་འཚོ་བ་ཧ་ཅང་སྐྱིད་པས་སེམས་ཁྲལ་བྱེད་མི་དགོས”ཞེས་བགྲེས་སོང་ལྷ་ཁོ་སྐྱིད་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

དབུལ་ཐར་མཁྲེག་གཏོར་སྲ་བརྟན་ལས་གཞི་ལག་བསྟར་བྱས་ནས་དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་བཏང་། ཉེ་བའི་ལོ་ཤས་རིང་། ཀོས་ནན་རྫོང་གིས་བསམ་བློའི་དབུལ་ཐར་ནི་རྩ་བ་དང་། ཐོན་ལས་འཕེལ་རྒྱས་ནི་རྟེན་གཞི། ལས་ཞུགས་སྣེ་ཁྲིད་ནི་སྒུལ་ཤུགས། མཉམ་ལས་གཉེར་སྐྱོང་ནི་ཐབས་ལམ།  ཆ་སྒྲིག་རོགས་སྐྱོར་ནི་རམ་འདེགས”བཅས་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་ཉེར་གཅིག་ལྷག་བཏང་ནས་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། གནད་འཁེལ་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས།  རྫོང་ཡོངས་ཀྱི་ཡིག་ཚགས་བཟོས་པའི་སྡེ་བ་དབུལ་པོ་30དང་། ཡིག་ཚགས་བཟོས་པའི་ཁྱིམ་ཚང2228ཀྱི་དབུལ་ཕོངས་མི་གྲངས8700དབུལ་ཕོངས་ལས་ཐར་ཏེ།   དབུལ་ནག་མེད་པ་མངོན་འགྱུར་དང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དམིགས་འབེན་ཡོངས་འགྲུབ་བྱས་ཡོད།

སེམས་ཤུགས་གཅིག་སྒྲིལ་གྱི་བཟོ་འགོད་ལག་བསྟར་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད།  2016ལོ་ནས་བཟུང་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁག16དང་དཔལ་ཡོན་སྡེ་བ་དང་གྲོང་རྡལ9། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང4122དཔྱད་འདེམས་བྱས་པ་དང་།   རྫོང་དང་།  ཡུལ་ཚོ།   སྡེ་བ་བཅས་རིམ་པ་གསུམ་གྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ལ་བརྟེན་ནས་དང་བླངས་ཞབས་ཞུའི་ལས་དོན་ཤུགས་ཆེན་པོས་སྤེལ།  སྐད་གཉིས་སྒྲོག་འགྲེལ་དང་། རིག་རྩལ་སྒྲོག་འགྲེལ།  དྲ་རྒྱའི་སྒྲོག་འགྲེལ་བཅས་ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། བྱ་ཡུལ་མི་འདྲ་བ་དང་མང་ཚོགས་ཀྱི་ཁྱད་ཆོས་མི་འདྲ་བ་ལྟར་དྲིལ་བསྒྲགས་ལ་ཤུགས་སྣོན་བྱས།  《 ཀོས་ནན་གྱི་བག་ཆགས》དང《མཛེས་པའི་ཐུག་འཕྲད》། 《བཀྲག་མདངས་འཚེར་བའི་ཀོས་ནན། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད》སོགས་དཔེ་དེབ་དང་བརྙན་པར་དང་དེ་བཞིན་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། མི་སེམས་གཅིག་སྒྲིལ་དང་སྙིང་སྟོབས་མཉམ་གནས”ཀྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་།   《བོད་ཀྱི་མཛའ་གཞས》སོགས་དམངས་སྲོལ་རིག་གནས་ཀྱི་མུ་འབྲེལ་དཔེ་ཚོགས་བཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་།  གེ་སར་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་སྨི260ཡི་བོད་ཀྱི་གཙགས་དྲུབ་དང་།  མི་རིགས་མཐུན་སྒྲིལ་རྟགས་མའི་གཙགས་དྲུབ།  གླུ་གར་དང་ནོར་ནག་རིག་གནས་ཡུལ་སྐོར་དུས་ཆེན་སོགས་རིག་གནས་བྱེད་སྒོ་ཆེན་པོ་སྒྲུབ་ནས་དམངས་ཕྱུག་སྲིད་ཇུས་བཟང་ལ་མི་རིགས་མཐུན་སྒྲིལ་ལེགས་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་སྒྲོག་སྤེལ་བྱས་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཤེས་ལྡན་མི་སྣའི་བཟོ་འགོད་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཁྱད་ལྡན་སྤུས་རྟགས་བཏོད་པ་དང་། ཤེས་ལྡན་མི་སྣ་གསར་འཛུགས་བཟོ་འགོད་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས། གཞི་རིམ་ཏང་རྩ་འཛུགས་ཀྱི“ཅན་གཉིས”དང“རྨང་གཞི་གསུམ”གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་སྤྱི་ཡོངས་ནས་ཇེ་ལེགས་དང་མཐོར་གཏོང་གི་བྱ་སྤྱོད་ལག་བསྟར་བྱས་ཏེ།   སྲིད་འཛིན་སྡེ་བ90.7%གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགོ་ཁྲིད་ཚན་ཁག་དང100%ཡི་སྡེ་ཁུལ་གྱི་འགན་འཁུར་བས་འགན་གཅིག་ལྕོགས་སུ་ཁུར་བ་མངོན་འགྱུར་བྱས་ཤིང་། ནུས་མེད་ཉམས་ཞན་གྱི་སྡེ་བའི་ཏང་ཀྲི་པུའུ6ལེགས་སྒྲིག་བྱས་པ་དང་། རྫོང་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ14ཞང་དང་གྲོང་རྡལ་གྱི་ཧྲུའུ་ཅི་དང་པོ་དང་སྡེ་ཁུལ་ཏང་འཛུགས་སྐྲུན་གྱི་མཛུབ་ཁྲིད་པར་འདེམས་གཏོང་བྱས་པ། དབུལ་སྐྱོར་ཧྲུའུ་ཅི་དང་པོ75ཡིས་དབུལ་ཐར་མཁྲེགས་གཏོར་དང་གཞི་རིམ་ཏང་འཛུགས་སྐྲུན་གྱི་ལས་དོན་ཏན་ཏིག་ངང་བསྒྲུབས་པ་རེད། དྲ་ཐོག་སློབ་སྦྱོང་དང་ལས་ཡུལ་སློབ་སྦྱོང་ཟུང་འབྲེལ་དང་། སློབ་ཁང་དུ་གསོ་སྦྱོང་དང་དངོས་སྦྱོང་དངོས་སྤྱོད་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ“མི་སྣ་གསོ་སྦྱོང་ཆེན་པོ་དང་ལས་གནས་ཐོག་སྦྱོང་བརྡར་ཆེན་པོ་བྱེད་པའི”བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་རང་ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་།  འབྲེལ་ཡོད་ལས་རིགས་ལག་རྩལ་སློབ་གྲྭས་རིམ་རྩིས་བྱས་ན་ལས་རིགས་གསར་བའི་རོང་འབྲོག་པ1408གསོ་སྦྱོང་བྱས་ཡོད།

ཚོང་རྟགས་གྲགས་ཅན་གཏོད་པའི་བཟོ་འགོད་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བློ་འགུགས་ནུས་པ་ཇེ་རུ་བཏང་།   བརྩོན་ལེན་དྲུག་དང་འགྲན་པ་དྲུག “དམག་དམངས་མཉམ་འཛུགས”། “དབུལ་སྐྱོར་དཀའ་སེལ”། “སློབ་ཞུགས་རོགས་སྐྱོར”སོགས་ཀྱི་བྱེད་སྒོ་སྤེལ་ནས་དམག་དམངས་མཉམ་འཛུགས་ལ་སྐུལ་འདེད་བཏང་།  གཞུང་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་གཏོད་ནས་ཁེ་ལས་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་དང་། གཟི་བརྗིད་བྱ་གཞག་དང་དབུལ་སྐྱོར་ལས་དོན་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ཤིང་། ཁེ་ལས་གསར་འཛུགས་ཁྲོད་ཞུགས་ཚད100%ཡན་ཟིན་ཡོད། རྫོང་ཁོངས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་གཞིར་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འགྲེམས་ཁང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞི་བསྐྲུན་པ་དང་། ལས་བྱེད་པ་དང་མང་ཚོགས་ཁྲི་ལྔ་སྟོང་གཅིག་གིས་གཏིང་ཟབ་པའི་ཏང་གཤིས་སློབ་གསོ་དང་བསམ་བློའི་སྦྱོང་བརྡར་དང་ལེན་བྱས་པ་རེད། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ཧུར་ཐག་གིས་འདེམས་འཛུགས་དང་། མིག་དཔེའི་སྟོབས་ཤུགས་འདོན་སྤེལ། གསར་འཛུགས་ལས་དོན་གྱི་ཡིད་འགུག་ནུས་པ་དང་། མཉམ་འདྲེས་ནུས་པ། ཤུགས་རྐྱེན་ནུས་པ་བཅས་ཆེ་རུ་བཏང་སྟེ། མི་ཚང་མ་གསར་གཏོད་ཁྲོད་ཟབ་ཞུགས་བྱེད་པ་དང་། མི་ཚང་མས་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་ལེགས་པོ་བསྐྲུན་ཡོད།

 ཡིག་སྒྱུར་བ། སྒྲོལ་མ་སྐྱིད།