ཙུང་ལི་གཞོན་པ་ཁྲིན་དབྱི་ལགས་ཚ་ཧན་ཝུའུ་སུའུ་རུ་བཞུགས་པའི་རིང་གི་ཕྱིར་དྲན།
2021.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཆིག་སྟོང་དགུ་བརྒྱ་ང་དྲུག་ལོའི་ཟླ་བཞི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཁྲིན་དབྱི་ཡིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་སུ་ཕེབས་པའི་ལམ་བར་དུ་ཚ་ཧན་ཝུའུ་སུའུ(སྔོན་ཆད་ཀྱི་མཚོ་ནུབ་ཁུལ་གྱི་གནས་ཡུལ)བརྒྱུད་སྐབས། དུས་ཡུན་ཉིན་གཉིས་ལ་གནས་དེར་བསྡད་པ་མ་ཟད། འཚམས་འདྲིའི་བྱེད་སྒོ་སྤེལ་བ་དེས་མི་རིགས་ཁག་གི་ལས་བྱེད་པར་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་ཡོད། སྐབས་དེ་དུས་ང་རང་སྣེ་ལེན་གྱི་ལས་ཀར་ཞུགས་མྱོང་སྟབས། འཐུས་མི་ཚོགས་པས་ཚ་ཧན་ཝུའུ་སུའུ་རུ་བྱེད་སྒོ་སྤེལ་དུས་འབྲེལ་འདྲིས་བྱས་མྱོང་བ་དང་། དུས་མཚུངས་སུ། ཙུང་ལི་གཞོན་པ་ཁྲིན་དབྱི་ཡི་གསུང་མོལ་ལའང་ཉན་པའི་གོ་སྐབས་ལྡན་ཕྱིར་མྱོང་ཚོར་ཟབ་མོ་བྱུང་། ད་ལྟའི་བར། ཁོང་གི་ལྷག་བསམ་རྣམ་དག་དང་། དཀྱེལ་ཡངས་པའི་གཤིས་རྒྱུད། གཞུང་དྲང་ཟོལ་མེད་ཀྱི་ཀུན་སྤྱོད། དེ་བཞིན་དྲང་མོའི་གཏམ། རྩེད་དགོད་ཆེ་བའི་བཞིན་གྱི་ཉམས་སྣང་དེ་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་དྲོད་ཁོལ་གྱིས་འཁྱིལ་འདུག

ཐུགས་རྒྱུད་འཇམ་ཞིང་ངང་རྒྱུད་རིང་། 

ཙུང་ལི་གཞོན་པ་ཁྲིན་དབྱི་ལགས་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲས་ཤིག་ཡིན་པ་དང་། ཁྱད་དུ་འཕགས་པའི་གསར་བརྗེ་པ་དང་། རླབས་ཆེན་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། སྙན་ངག་པ་ཡིན་པས། མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་། རྒྱ་ཆེའི་བཀོད་འཐབ་པ་དང་མི་དམངས་མང་ཚོགས་ཀྱིས་བྱམས་བརྩེའི་ངངཙུང་ལི་རྒན་པ་ཁྲིནཞེས་འབོད་བཞིན་ཡོད། ཙུང་ལི་ཁྲིན་ལགས་ཀྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཚ་ཧན་ཝུའུ་སུའུ་བརྒྱུད་དེ་གནས་སྐབས་སུ་མཚོ་ནུབ་རུ་སྡོད་ཀྱིན་པ་ཐོས་རྗེས། ཙུང་ལི་ཁྲིན་ལགས་དངོས་སུ་མཐོང་མ་མྱོང་པའི་ང་ཚོར་མཚོན་ན་ཁོའི་གཟི་ཉམས་ལ་ལྟ་མི་འདོད་མཁན་སུ་ཞིག་ཡོད།

ཧ་ལམ་ཟླ་བཞི་བའི་ཟླ་སྨད་ཀྱི་ཉིན་ཞིག་ལ། ཙུང་ལི་གཞོན་པ་ཁྲིན་དབྱི་ལགས་ཀྱིས་ཏང་ཀྲུང་དབྱང་དང་། མའོ་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྕི་མོ་ཕྲག་ཏུ་བླངས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་བཅུ་བདུན་གྱི་འཐུས་མི་དང་། དེ་མིན་རིག་རྩལ། འཕྲོད་བསྟེན་སོགས་ཕྱོགས་ཀྱི་མི་སྣ་ཞུགས་པའི་སོགས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་བརྒྱ་ལྷག་གིས་གྲུབ་པའི་ཀྲུང་དབྱང་གི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཚ་ཧན་ཝུའུ་སུའུ་རུ་ཕེབས་པ་ན། གྲོང་རྡལ་ཡོངས་སུ་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས། མཚོ་ནུབ་ཀྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་པ་རྒྱང་ཐག་རིང་བའི་སར་སོང་ནས་ཙུང་ལི་གཞོན་པ་ཁྲིན་དབྱི་དང་། དེ་མིན་འཐུས་ཚབ་ཚོགས་པ་དེར་བསུ་མ་བྱས། ཙུང་ལི་གཞོན་པ་ཁྲིན་དབྱི་མཚོ་ནུབ་ཁུལ་ཏང་ཨུ་ཡི་ར་སྐོར་ནང་དུ་ཕེབས་སྐབས། ར་སྐོར་ནང་དུ་མི་ཚོགས་ཀྱི་འཚང་ཁ་ཤིག་ཤིག་བྱེད་ལ། དགའ་འབོད་དང་། དགོད་སྒྲ ཐལ་མོའི་རྡེབ་སྒྲ་བཅས་རྒྱུན་མི་ཆད་པར་གྲགས་འོང་། དམག་སྤྱིའི་བཟོ་ལྟ་དང་བརྗིད་ཉམས་གསལ་བོ་མཐོང་ཆེད། མི་མང་པོ་ཞིག་གིས་གུས་ཞབས་དང་སྒྲིག་ལམ་ལ་མི་འཛེམ་པར་མདུན་ཕྱོགས་དུ་འཚང་བ་དང་། མི་འགའ་ཞིག་གིས་རྐང་པ་ཡར་བཀྱགས་ནས་སྐེ་བསྲིངས་ཏེ་ལྟ་བཞིན་ཡོད། ལྷག་པར་དུ་གཟུགས་ཐུང་བའི་མི་རྐུབ་སྟེགས་ཀྱི་སྟེང་སྤོས་ནས་གསལ་བོ་ལྟ་བར་བྱེད། སྐབས་དེ་དུས་མང་ཚོགས་ཀྱི་སྤྲོ་སེམས་དང་སེམས་འགུལ་ཆེན་པོ་ཐེབས་པའི་རྣམ་པ་དེ་ཚ་ཧན་ཝུའུ་སུའུ་རུ་ཐེངས་དང་པོ་ཡིན་པ་རེད། ཙུང་ལི་གཞོན་པ་ཁྲིན་དབྱི་ཡིས་ཚང་མའི་བསམ་ཚུལ་གསལ་བོར་རྟོགས་རྗེས། སེམས་ཁམས་དེ་ལ་བསམ་ཤེས་བྱེད་ཅིང་། ཁོང་གི་བྱམས་བརྩེ་ལྡན་པའི་མིག་ཟུང་གིས་མི་ཚོགས་ལ་གཟིགས་ཤིང་ཕྱག་གཡུག་གཡུག་བྱེད་བཞིན་འཛུམ་མདངས་དང་བཅས། བློ་མཐུན་ཚོ། ཁྱེད་ཚོས་དཀའ་ལས་མྱངས་སོངཞེས་འཚམས་འདྲི་ཞུས་པ་མ་ཟད། ད་དུང་ཉེ་འགྲམ་གྱི་བློ་མཐུན་རེ་རེར་ཕྱག་འཇུ་གནང་། ཁོ་རང་ངལ་གསོ་ཁང་དུ་ཕེབས་ཟིན་མོད། འོན་ཀྱང་ར་སྐོར་ནང་དུ་ད་དུང་མི་མང་པོ་ཞིག་ཕར་འགྲོ་ཚུར་འོང་བྱེད་ཅིང་གནས་དེ་དང་ཁ་འབྲལ་འདོད་མེད་པ་རེད།

ཙུང་ལི་གཞོན་པ་ཁྲིན་དབྱི་ནི་ཐུགས་རྒྱུད་འཇམ་ཞིང་ངང་རྒྱུད་རིང་པོ་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་བརྗེད་ཀྱིན་མེད། ངལ་གསོ་བྱེད་པའི་སྐབས་དང་། གུང་གསེང་གི་སྐབས། ཡང་ན་ཟ་མ་བཞེས་རྗེས་འཆམ་འཆམ་དུ་ཕེབས་སྐབས་སོགས་གང་ཡིན་ཡང་། མང་ཚོགས་ཀྱི་ཁྲོད་དུ་ཕེབས་ཏེ་ལས་བྱེད་པ་དང་ལས་བཟོ་བར་སེམས་གཏམ་གླེང་བ་དང་། ཁ་བརྡ་བྱས་ཏེ། འབྲོག་ཁུལ་དུ་བྱ་བ་སྒྲུབ་ན་དཀའ་ངལ་ཡོད་མེད་དང་། བྱ་བ་ལས་ན་སེམས་ཁམས་སྐྱིད་པོ་ཡིན་མིན་སོགས་འདྲི་རྟོགས་བྱས། གལ་ཏེ་ལྷོ་ཕྱོགས་ས་ཁུལ་གྱི་མི་ཡིན་ན་འབྲས་ཟ་མི་ཐུབ་པས། གོམས་ལོབས་སུ་འགྲོ་མིན་དང་། ཐ་ན་ས་ཆ་གང་གི་ཡིན་པ་དང་། ཁྱིམ་གྱི་གནས་ཚུལ། བྱ་བ་ཅི་ཞིག་སྒྲུབ་ཀྱིན་ཡོད་མེད་སོགས་ལ་ཐུགས་ཁུར་གནང་ནས་དྲིས་པར་མ་ཟད། ཚང་མས་སེམས་བདེ་མོའི་ངང་ལས་ཀ་སྒྲུབ་དགོས་པ་དང་འབྲོག་ཁུལ་དུ་རྐང་བཙུགས་ཏེ་གྲངས་ཉུང་མི་རིགས་ལ་ཚེ་གང་བོར་ཞབས་འདེགས་ཞུ་འདོད་པའི་བསམ་བློ་ཡོད་དགོས་པའི་སྐུལ་མ་བཏང་། སྐབས་དེའི་མཚོ་ནུབ་ཁུལ་ཏང་ཨུའི་ཟ་ཁང་གི་ཇ་མ་ནི་ཐེན་ཅུན་མིན་ཡིན་པ་དང་། ཙུང་ལི་གཞོན་པ་ཁྲིན་དབྱི་ཡིས་ཁོས་བརྔོས་པའི་སྔོ་ཚལ་བཞེས་རྗེས་བྲོ་བ་ལྡན་པ་ཞིག་ཡིན་པར་སྙམ་སྟེ། ཡག་པོ་འདུག སི་ཁྲོན་བྲོ་བའི་སྔོ་ཚལ་རིགས་ཀྱི་བྲོ་བ་འདུག་ཅེས་གསུངས། ཁོས་ཐེན་ཅུན་མིན་ནི་ཟི་ཁྲོན་གྱི་མི་ཡིན་ལ། དམག་དཔུང་ནུབ་སྐྱོད་བྱེད་སྐབས་ཤུལ་དུ་ལུས་པའི་མི་ཞིག་ཡིན་པ་ཤེས་རྗེས། ཁོང་གིས་ཐེན་ཅུན་མིན་བཙལ་ནས་གསུང་གླེང་མཛད། དང་ཐོག་ཐེན་ཅུན་མིན་གྱིས་རང་ལ་ཚོད་འཛིན་བྱས་ནས་སྐད་ཆ་མང་པོ་བཤད་མ་ཐུབ། ཡིན་ནའང་ཙུང་ལི་གཞོན་པ་ཁྲིན་དབྱི་ཡིས་གྲོགས་པོ་རྙིང་པར་འཕྲད་པ་ཞིག་དང་འདྲ་བར་གདོང་ལ་འཛུམ་གྱིས་ཁེངས་ནས་ཐ་མག་སྟེར་བ་དང་ཇ་འདྲེན་པ་སོགས་བྱས་ཏེ། སི་ཁྲོན་གྱི་སྐད་གདངས་ལམ་ནས་ཐེན་ཅུན་མིན་དང་གསུང་མོལ་བྱས་པ་དེས་ཁོ་ལ་ཐག་ཉེ་བའི་སྣང་བ་ཞིག་སྦྱིན་པ་དང་། སྐད་ཅིག་ཉིད་ལ་ལྷོད་ལ་བབས་ཏེ། ཁོ་གཉིས་ཀྱི་ཁ་བརྡ་ཇེ་མང་དུ་ཕྱིན་པ་དང་། འདས་ཟིན་པར་འཐབ་འཛིང་བྱས་པ་ནས་ད་ལྟའི་བྱ་བ། རང་གི་ཕ་ཡུལ་ནས་མཚོ་སྔོན། དེ་ནས་མཚོ་ནུབ་གླེང་བ་དང་། དེ་ནི་ཡུན་རིང་མ་མཇལ་བའི་གཉེན་ཉེར་འཕྲད་པ་དང་འདྲ་བར་གླེང་མི་ཚར་བ་ཞིག་བཤད་རྒྱུ་ཡོད་པ་རེད། ཙུང་ལི་གཞོན་པ་ཁྲིན་དབྱི་ཡིས་ཐུགས་ཁུར་ཧ་ཅང་ཆེན་པོའི་སྒོ་ནས་ཐེན་ཅུན་མིན་གི་ཁྱིམ་ཚང་དང་མི་སྒེར་གྱི་འཚོ་བའི་གནས་ཚུལ་འདྲི་རྟོགས་གནང་རྗེས། ནན་ཏན་གྱིས་སྔོན་ཆད་ཀྱི་ཁྲག་བཞུར་རང་སྲོག་བཏང་བ་དེ་ནི་མི་དམངས་ཀྱི་ཆེད་དུ་ཡིན་ཞིང་། དེ་རིང་གི་ལས་ཀ་ཡང་མི་དམངས་ཀྱི་ཆེད་དུ་ཡིན། གསར་བརྗེ་པ་རྣམས་ནི་ཚེ་སྲོག་གི་རྒྱུན་མ་ཆད་ན་དམག་འཐབ་མཚམས་མི་འཇོག་པ་ཞིག་རེད། ཟ་མ་གཡོ་བའི་ལས་ཀ་དེའང་གལ་ཆེན་པོ་རེད། ཟ་མ་ནི་སུས་ཀྱང་ཟ་དགོས། དེ་ནི་འཐབ་འཛིང་གི་འགན་ལེན་ཡིན་ལ། ད་ལྟའི་ལས་ཀའི་ཁག་ཐེག་ཡང་ཡིན། ཁག་ཐེག་འདི་ཧ་ཅང་གལ་ཆེ་ཞེས་ཐེན་ཅུན་མིན་གྱིས་མུ་མཐུད་དུ་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་སྐུལ་ལྕག་གནང་། དེའི་འཕྲོར་ཐེན་ཅུན་མིན་གྱིས་ཚོར་སྣང་ཟབ་མོའི་སྒོ་ནས་ཙུང་ལི་གཞོན་པས་མཇལ་འཕྲད་གནང་བ་དང་སློབ་སྟོན་གནང་བ་དེ་ནམ་ཡང་བརྗེད་མི་སྲིད་ཅེས་བཤད།

གུས་པར་འོས་པའི་ཙུང་ལི་གཞོན་པ་ཁྲིན་དབྱི་ནི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཡིན་ལ་རྒན་རབས་པ་ཞིག་ཀྱང་ཡིན། ཡིན་ནའང་དངོས་ཡོད་འཚོ་བའི་ཁྲོད་དུ་ཁོས་རང་ཉིད་ངལ་རྩོལ་པ་དཀྱུས་མ་ཞིག་ཏུ་བརྩིས་ཡོད། དུས་ཡུན་ཐུང་ཐུང་ཞིག་ལ་བཞུགས་པའི་རིང་ལ། ཁོང་གིས་ལས་བྱེད་པ་དང་ལས་བཟོ་བ་ཅི་ཙམ་ལ་ཕྱག་འཇུ་གནང་བ་དང་། སེམས་གཏམ་གླེང་བ་བགྲང་གིས་མི་ལངས། ཁོང་གི་བྱམས་བརྩེའི་ཁ་བརྡ་དང་། སློབ་སྟོན་དེ་ནི་དཔྱིད་ཀྱི་ཆར་བ་ཇི་བཞིན་མི་ཅི་འདྲའི་མང་པོ་ཞིག་གི་སེམས་པ་བརླན་ཡོད་པ་དང་། མི་ཇི་འདྲའི་མང་པོ་ཞིག་སད་རྟོགས་བྱུང་དུ་བཅུག་ནས། ཡར་རྒྱས་བརྩོན་ལེན་དང་འབྲོག་ཁུལ་དུ་སེམས་བདེ་མོས་བྱ་བ་སྒྲུབས་བཞིན་ཡོད་པ་རེད་ཨང་། འདི་ནི་འཚོ་བའི་འདས་དོན་ཡིན་ལ། མི་སེམས་འགུལ་བའི་ཕྱིར་དྲན་ཞིག་ཀྱང་རེད།

མང་ཚོགས་དང་སེམས་པ་གཅིག་ཏུ་འབྲེལ།

སྔོན་ཆད་རྩོམ་ཡིག་ཅིག་ལ་ལྟོས་མྱོང་བ་དང་། དེའི་ནང་ཙུང་ལི་གཞོན་པ་ཁྲིན་དབྱི་ལགས་འདི་ལྟར་ཞིབ་འབྲི་བྱས་ཡོད་པ་སྟེ། ཙུང་ལི་ཁྲིན་དབྱི་ལགས་ཀྱི་རང་གཤིས་གསལ་ཞིང་། སྐད་གདངས་དྭངས་པ་དང་། གོམ་ཁ་ཤིན་ཏུ་ཡང་བས། རྣོ་ལྕགས་ལས་གྲུབ་པ་ལྟ་བུའི་ཕོ་རྒོད་ཅིག་ཡིན་པ་རེད། དོན་ངོ་མར། ལོ་རྒྱུས་ཀྱིས་དེ་ལྟར་བདེན་དཔང་བྱས་ཡོད།  1936ལོར། མའེ་ལིན་དགྲ་དམག་གིས་བསྐོར་བའི་དཀའ་ཚེགས་ཀྱི་འཐབ་རྩོད་ཁྲོད། ཁོང་རྨས་ཕོག་ནས་ཉིན་ཉི་ཤུ་ལྷག་འགོར་རྗེས། སྲོག་ཉེན་ལས་ཐར་མི་ཐུབ་པར་འདོད་དེ། སྙན་ངག་ཅིག་བརྩམས་པ་འདི་ལྟར་དེ། ལྷོ་ཕྱོགས་སུ་ལོ་ངོ་བཅུའི་རིང་ལ་དམག་འཐབ་བརྒྱབ་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་རང་གི་མགོ་བོ་ཡང་ཤོར་དགོས་ཞེས་བྲིས་ཡོད། ཡིན་ནའང་། ཕྱོགས་གཞན་ཞིག་ནས། གསར་བརྗེའི་འཐབ་མོ་བ་དང་མང་ཚོགས་ལ་འཛིན་པའི་ལྟ་སྟངས་ནི་ལྷད་མེད་པའི་བརྩེ་དུངས་དང་། སྐྱིད་སྡུག་ཤེས་པ་ཞིག་རེད། ཙུང་ལི་གཞོན་པ་ཁྲིན་དབྱི་ཡི་མངོན་གསལ་དོད་པའི་གསར་བརྗེའི་ལངས་ཕྱོགས་དང་། བླ་ན་མེད་པའི་གསར་བརྗེའི་གཤིས་རྒྱུད་ཀྱིས་ཁོ་རང་ཚ་ཧན་ཝུའུ་སུའུ་རུ་བཞུགས་པའི་སྐབས་ཀྱི་འགྲོ་འདུག་འཆག་གསུམ་དང་། དུས་སྐབས་གཅིག་ལ་སྒྲུབ་པའི་བྱ་བ་ཚང་མ་གསལ་པོར་མཚོན་ཡོད།

མཚོ་སྔོན་ནི་མདོ་དབུས་མཐོ་སྒང་དུ་གནས་ཡོད། གལ་སྲིད་མཚོ་སྔོན་ནི་ནང་ལོགས་དང་བསྡུར་ན་རྗེས་ལུས་ཡིན་ཟེར་ན། སྐབས་དེར་ཕྱུགས་ལས་རྐྱང་བ་གཉེར་བའི་མཚོ་ནུབ་ས་ཁུལ་ནི་དཔལ་འབྱོར་སྣ་གཅིག་དང་རྗེས་ལུས་ཡིན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། རིག་གནས་འཚོ་བ་དེ་འདྲ་མི་བཟང་བ་རེད། གལ་ཏེ་རིག་རྩལ་འཁྲབ་སྟོན་ཞིག་ལ་ལྟ་བའི་གོ་སྐབས་རེ་བྱུང་ན། དེ་ནི་དངོས་གནས་བསོད་ནམས་ཆེ་བའི་དོན་ཞིག་རེད། ཐེངས་འདིར་འཐུས་ཚབ་ཚོགས་པ་དང་མཉམ་དུ་ད་དུང་རིག་རྩལ་ཚོགས་པ་ཤིག་ཀྱང་ཡོང་ཡོད་པས། ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་འཁྲབ་སྟོན་ཐེངས་གཅིག་བྱེད་དགོས་པའི་རེ་བ་ཞུས། ཡིན་ན་ཡང་། འཐུས་ཚབ་ཚོགས་པ་པེ་ཅིན་ནས་ལྷ་སར་འགྲོ་བ་ཡིན་ལ། རི་མཐོ་ལ་ལམ་ཐག་རིང་བ་དང་། འཁྲབ་ཆས་ཚང་མ་སྒམ་ནང་དུ་བཅུག་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད་པས། གནས་སྐབས་སུ་འཁྲབ་སྟོན་བྱེད་རྒྱུ་དཀའ་ལས་ཡོད་པ་དང་། ཡང་གཅིག་བཤད་ན། སྐབས་དེ་དུས་མཚོ་ནུབ་ས་ཁུལ་དུ་གར་སྟེགས་གཅིག་ཀྱང་མེད་པས་འཁྲབ་སྟོན་བྱེད་དཀའ་བར་བརྟེན་མང་ཚོགས་ཀྱི་རེ་བ་ཁས་མ་བླངས། དེའི་སྐོར་ཙུང་ལི་གཞོན་པ་ཁྲིན་དབྱི་ཡིས་རྟོགས་རྗེས། ཁོང་གིས་རྩ་དོན་གྱི་མཐོ་ཚད་ནས་མང་ཚོགས་ཀྱི་རེ་བར་མཐོང་ཆེན་མཛད་དེ། ཁོང་གིས་འཐུས་ཚབ་ཚོགས་པའི་བློ་མཐུན་རྣམས་ལ་དེ་ནི་མང་ཚོགས་ལ་འཛིན་པའི་རྩ་དོན་གྱི་གནད་དོན་ཡིན་པས་སྣང་མེད་སྤུ་ཙམ་ཡང་བྱེད་མི་རུང་ལ་སྣང་ཆུང་ཡང་གཏན་ནས་བྱེད་མི་རུང་། དེའི་རྒྱུ་མཚན་ནི་ང་ཚོས་མི་དམངས་ལ་ཞབས་འདེགས་ཞུ་གི་ཡོད་པས་རེད་ཞེས་གསུངས། སྐབས་དེའི་དགོང་མོ་ཧ་ཅང་འཕྱི་ནའང་། ཙུང་ལི་གཞོན་པ་ཁྲིན་དབྱི་ཡི་ཐུགས་ཁུར་འོག མཚོ་ནུབ་ཁུལ་དངུལ་ཁང་གི་ར་སྐོར་ནང་ནས་ཚ་ཧན་ཝུའུ་སུའུ་མང་ཚོགས་ཀྱི་ཚོགས་ཆེན་ཚོགས། ཟླ་བཞི་པའི་ནམ་ཟླ་དེ་ནང་ལོགས་ས་ཁུལ་ལ་མཚོན་ནས་བཤད་ན། སྔོ་ལྗང་ལྡན་པ་ཞིག་ཡིན་པ་དང་། མཐོ་སྒང་དུ་གནས་པའི་མཚོ་ནུབ་ས་ཁུལ་ལ་མཚོན་ནས་བཤད་ན། གྲང་ངར་ཤིན་ཏུ་ཆེ་བ་ཞིག་རེད། ཙུང་ལི་གཞོན་པ་ཁྲིན་དབྱི་ཡིས་ངལ་དུབ་དང་གྲང་ངར་མི་འཛེམ་པར་བློ་མཐུན་ཀྲང་ཆན་དང་མཉམ་དུ་ཚོགས་ཆེན་ལ་ཞུགས་ནས་བྱམས་བརྩེ་དང་སྤྲོ་སེམས་འཁོལ་བའི་ངང་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། ཁྱེད་ཚོ་འཛམ་གླིང་གི་ཡང་རྩེ་སྟེ། མདོ་དབུས་མཐོ་སྒང་དུ་ལོ་ངོ་མང་པོར་རྒྱུན་འཁྱོངས་བྱས་ནས་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་དངོས་འབེབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་བརྒྱབ་པ་དང་། དགེ་མཚན་ལྡན་པའི་བྱ་བ་མང་པོ་སྒྲུབས། ངས་ཏང་ཀྲུང་དབྱང་དང་། མའོ་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཚབ་བྱས་ནས་བློ་མཐུན་ཚོར་འཚམས་འདྲི་ཞུས་པ་ཡིན་ཞེས་གསུངས། ཁོང་གི་གསུང་བཤད་ཀྱིས་ཚང་མར་མུ་མཐུད་ནས་འབད་བརྩོན་བྱས་ཏེ་བྱ་བ་སྔར་ལས་ལེགས་པོར་སྒྲུབ་དགོས་པའི་སྐུལ་ལྕག་གནང་། ཙུང་ལི་གཞོན་པ་ཁྲིན་དབྱི་ཡི་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་དང་། བྱམས་བརྩེའི་སློབ་སྟོན་གྱིས་ཚོགས་འདུར་ཞུགས་པའི་མི་རྣམས་ལ་སྐུལ་མ་ཐེབས་པ་དང་། ཚང་མའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ལས་ཏང་ཀྲུང་དབྱང་དང་། མའོ་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ལ་བཀའ་དྲིན་ཞུས་པ་དང་། ཙུང་ལི་གཞོན་པ་ཁྲིན་དབྱི་ལ་གུས་བཀུར་བྱས་པ་མཚོན་པར་བྱས།

བྱམས་བརྩེའི་སྒོ་ནས་ཐུགས་ཁུར་དང་བསླབ་བྱ་གནང་།

འཐུས་ཚབ་ཚོགས་པ་ཚ་ཧན་ཧུའུ་སུའུ་རུ་གནས་སྡོད་བྱེད་པའི་རིང་ལ་ཙུང་ལི་གཞོན་པ་ཁྲིན་དབྱི་ཡི་བཀོད་སྒྲིག་ལྟར་དུས་མཉམ་དུ་ཚོགས་འདུ་གཉིས་ཚོགས་སྟེ། གཅིག་ནི་བཞུགས་མོལ་ཚོགས་འདུ་ཡིན་པ་དང་། གཅིག་ནི་མི་རིགས་ལས་བྱེད་པའི་ཚོགས་ཆེན་རེད། བཞུགས་མོལ་ཚོགས་འདུའི་སྟེང་ཙུང་ལི་གཞོན་པས་མཚོ་ནུབ་ཁུལ་རིམ་པའི་སྡེ་ཁག་སོ་སོ་དང་ཅུའུ་ཨུ་ཡོན་ལྷན་ཁང་གི་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་། མི་རིགས་ལས་བྱེད་པའི་ཚོགས་ཆེན་སྟེང་འཐུས་ཚབ་ཚོགས་པའི་ཁོངས་མི་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་བཀྲ་ཤིས་དབང་ཕྱུག་གིས་སྙན་ཞུ་ཕུལ། 

ཉིན་དེར། གནམ་ངོ་ཤིན་ཏུ་དྭངས། སྔ་མོ་ནས་སྲིད་གཞུང་གི་ར་སྐོར་ནང་མི་ཚང་མས་བཞུགས་མོལ་ཚོགས་འདུ་ལེགས་པོར་ཚོགས་པར་གྲ་སྒྲིག་བྱེད་བཞིན་འདུག ཕལ་ཆེར་སྔ་དྲོའི་དུས་ཚོད་དགུ་ཙམ་གྱི་སྟེང་། ཙུང་ལི་གཞོན་པ་ཁྲིན་དབྱི་ཡིས་ལུས་ཡོངས་ལ་སྟོབས་ཤུགས་ཀྱིས་ཁེངས་ནས་གོམ་པ་ཡང་མོར་ལེན་བཞིན་ཚོགས་རའི་ནང་ཕེབས་བྱུང་བ་དང་། བྱམས་བརྩེ་ལྡན་པའི་སྒོ་ནས་མཇལ་འཕྲད་གནང་བའི་བློ་མཐུན་རེ་རེར་ཕྱག་འཇུ་གནང་། མཚོ་ནུབ་ཁུལ་གྱི་ཁུལ་དཔོན་མགོན་པོ་རྒྱལ(སོག་རིགས)ཡིས་ཙུང་ལི་གཞོན་པ་ཁྲིན་དབྱི་ལ་བྱ་བ་མདོར་བསྡུས་ཀྱི་སྒོ་ནས་ཡར་ཞུ་བྱས་པ་དང་། གཟབ་ནན་བྱེད་རྒྱུ་མང་དྲགས་པས། སྐད་ཆ་ལྷུག་པོར་བརྗོད་མ་ཐུབ། ཙུང་ལི་གཞོན་པས་འཚུབ་ཆ་ལངས་བཞིན་པར་འདོད་དེ། བར་བར་དུ་དྲི་བ་འདྲི་ལ་བཤད་ཞོར་དང་དགོད་ཞོར་བྱས། དགོད་སྒྲ་དང་བསྟུན་ནས་ཚོགས་རའི་རྣམ་པ་ཡང་སྤྲོ་སྣང་ལྡན་པ་ཞིག་ཏུ་གྱུར་བ་དང་། སྐད་ཆ་ལྷུག་པོར་བཤད་བྱུང་བས། མགོན་པོ་རྒྱལ་ཡིས་ཧ་སག་མི་རིགས་ཨའར་ཏོན་ཆུའུ་ཁི(ད་ལྟའི་ན་གོར་མོ)རུ་བཀོད་སྒྲིག་བྱས་པའི་གནས་ཚུལ་ཡར་ཞུ་བྱེད་དུས། སོག་རིགས་དང་། བོད་རིགས། ཧ་སག་རིགས་བཅས་གཙོ་བོ་ཡིན་པའི་མི་རིགས་རྣམས་སྔོན་ཆད་ཀྱི་འགལ་ཟླ་དང་། དོགས་ཟོན། ཕན་ཚུན་ཡིད་ཆེས་མི་བྱེད་པ། ཐ་ན་མཚོན་གྱིས་འཛིང་རེས་བྱེད་པ་ནས་ཕན་ཚུན་ཡིད་ཆེས་དང་། མཐུན་སྒྲིལ་རོགས་རེས། མཉམ་དུ་ཐོན་སྐྱེད་གོང་འཕེལ་གཏོང་བ་སོགས་ཀྱི་དཔེ་མཚོན་ཡར་ཞུ་བྱེད་སྐབས། ཙུང་ལི་གཞོན་པ་དགའ་སྤྲོ་ཆེན་པོ་སྐྱེས་ནས་དགོད་སྒྲ་ལྷང་ལྷང་གྲགས་བྱུང་། ཁོང་གིས་ཧ་ཅང་བཟང་གི དེ་སྔ་ང་ཚོས་འཇར་པན་འདྲེ་དམག་དང་ལོག་སྤྱོད་ཕྱོགས་ཁག་ལ་རྡུང་རྡེག་གཏོང་སྐབས་པ་ལུའུ་དམག་མི་དང་། དམག་དཔུང་ཞིན་སི་ཅུན། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་རྣམས་ཀྱིས་མཐུན་སྒྲིལ་དམ་ཟབ་དང་། མཉམ་དུ་འཐབ་འཛིང་བྱས་པ་མ་ཡིན་ནམ། ད་ལྟ། ང་ཚོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་ན་སྔར་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ལ་བརྟེན་དགོས་པ་དང་། མི་རིགས་མཐུན་སྒྲིལ་བྱུང་ན་ཐོན་སྐྱེད་གཞི་ནས་འཕེལ་རྒྱས་ཡོང་ཐུབ་ལ། མཐུན་སྒྲིལ་ནི་རྒྱལ་ཁ་ཡིན་ཞེས་གསུངས།

གཏམ་གྱི་མགོ་གླེང་བ་ན་ཁོང་གིས་ཁ་བརྡ་ཆུ་བོའི་རྒྱུན་བཞིན་གློད་དེ། འདས་ཟིན་པ་དང་། ད་ལྟ་བ། བསམ་བློ། མཐུན་སྒྲིལ་སོགས་གླེང་མོལ་བྱས་པ་དང་། ཆེ་ཕྱོགས་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གླེང་བ་དང་། ཆུང་ཕྱོགས་ནས་དམངས་སྲོལ་གོམས་གཤིས་དངབྱེ་བྲག་གི་བྱ་བའི་སྐོར་གླེང་ཡོད། བཞུགས་མོལ་ཚོགས་འདུའི་སྟེང་། ཁོང་གིས་ཞིབ་ཕྲ་དང་། ནན་ཏན་གྱིས་ཉན་པ་དང་། ལྷག་བསམ་ཟོལ་མེད་དང་བྱམས་བརྩེའི་སྒོ་ནས་ཁ་བརྡ་བྱས། ཆེས་མཐའ་མཇུག་ཁོང་གིས་གསུངས་རྒྱུར། ཁྱེད་ཚོ་མཚོ་ནུབ་གྱི་ཚྭ་འདམ་གཞོང་ས་ཁུལ་ཚུད་པའི་མི་རིགས་མཐུན་སྒྲིལ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ས་ཆ་ཡག་པོ་ཞིག་ཡིན་པ་དང་། གསེར་གྱི་གཞོང་པ་ལྟ་བུ་ཞིག་རེད།  ཡིན་ནའང་། དེ་ལ་སྣང་དོགས་བྱེད་བཞིན་མེད་པ་རེད། ངས་ལམ་བར་ནས་གཞུང་ལམ་འགྲམ་གཉིས་སུ་བྱེ་མ་ཡོད་པ་དང་སྤང་ཤུན་སྔོག་འདོན་བྱས་པ་མཐོང་བྱུང་། གོ་ཐོས་ཡིན་ན། ནགས་ཚལ་ལའང་གཏོར་བརླག་གཏོང་བཞིན་པ་ཐོས་བྱུང་། དེ་ནི་དོན་བཟང་ཞིག་མ་རེད། རྒྱུ་མཚན་ནི་ནགས་ཚལ་དང་སྤང་ཤུན་ལ་གཏོར་བརླག་བཏང་ན་ས་ཆུ་ཤོར་ནས་བྱེ་རླུང་གི་གནོད་པ་ཚབས་ཆེན་ཐེབས་ངེས་པ་དང་། མི་རྣམས་གནས་འདི་ནས་འཚོ་བ་རོལ་ཐབས་མེད་པར་བཟོས་པས། རང་སྲོག་བཅད་པ་ལྟ་བུ་ཞིག་མ་ཡིན་ནམ་ཞེས་གསུངས་པ་དང་། དེའི་འཕྲོར། དེ་ནས་ཁོ་རང་གད་མོ་དགོད་ཙམ་བྱས་རྗེས་རྩེད་དགའི་ཀློང་ནས་ང་ཚོས་སྔོན་རབས་པའི་བདེ་སྐྱིད་ལོངས་སུ་སྤྱོད་བཞིན་ཡོད་ལ། མི་རབས་རྗེས་མར་ཡང་བདེ་སྐྱིད་བསྐྲུན་དགོས་ཞེས་ཙུང་ལི་གཞོན་པའི་གླེང་མོལ་གྱི་ནང་དོན་གཏིང་ཟབ་ཅིང་། དོན་སྙིང་ལྡན་ལ། རྩེད་དགོད་ཀྱི་ཉམས་སྣང་ལྡན་པས། ཚོགས་འདུར་ཞུགས་པའི་མི་རྣམས་ཀྱི་བསམ་བློའི་ངོས་ཟིན་མཐོར་འདེགས་བྱུང་བ་དང་། བྱ་བའི་ཡིད་ཆེས་ཇེ་དྲག་ཏུ་བཏང་ལ། ཙུང་ལི་གཞོན་པ་དང་ཁ་བརྡ་ཐེངས་གཅིག་བྱས་པ་ལས་ལོ་བཅུར་དཔེ་ཀློག་བྱས་པ་ལས་ཀྱང་ཕན་བསྐྱེད་བྱུང་བའི་སྣང་བ་ཞིག་སྟེར་བར་བྱེད།

ལོ་ངོ་སུམ་ཅུ་ལྷག་འགོར་བ་དང་། ལོ་རྒྱུས་མདུན་ནས་མདུན་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ང་ཚོ་མཚོ་ནུབ་ཀྱི་དཔལ་འབྱོར་དང་ཚྭ་འདམ་གཞོང་གི་ཐོན་ཁུངས་གསར་སྤེལ་བྱེད་པར་ཡང་ཡུན་རིང་གི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དེ་ལ་ཏང་དང་རྒྱལ་ཁབ་དང་དེ་བཞིན་གུས་པར་འོས་པའི་ཙུང་ལི་གཞོན་པ་ཁྲིན་དབྱི་ལགས་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་འདུས་ཡོད་པ་རེད།

མཚོ་ནུབ་བརྒྱུད་ལམ་དུ་ཤུལ་བཞག་ཡོད།

ཙུང་ལི་གཞོན་པ་ཁྲིན་དབྱི་ལ་ཐུགས་འཕྲད་གནང་མྱོང་བའི་མི་ཞིག་ཡིན་ཕྱིན་ཁོང་ལ་དམག་སྤྱིའི་ཉམས་ཡོད་པ་མ་ཟད། ཕྱི་འབྲེལ་པ་ཞིག་གི་སྤོབས་ཉམས་ཡོད་ལ། སྙན་ངག་པ་ཞིག་གི་བཟོ་ལྟ་ཡང་ཡོད་པ་རེད། ཁོང་ནི་སློབ་སྦྱོང་ལ་བརྩོན་ཞིང་ཤེས་རྒྱ་ཆེ་བ། ཉམས་མྱོང་ཕུན་སུམ་ཚོགས་པ། དགའ་སྐྱོ་ཆགས་སྡང་ཡོད་ཚད་རྩོམ་ཡིག་ཏུ་འབྲི་བ་ཞིག་ཡིན། སྐབས་དེར་ཙུང་ལི་ཁྲིན་དབྱི་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཡོད་པའི་བློ་མཐུན་གྱིས་བཤད་པ་ལྟར་ན། ཉིན་རྒྱུན་དགོང་མོའི་གློག་གཟིམ་པ་ཆེས་འཕྱི་ཤོས་ནི་ཙུང་ལི་ཁྲིན་དབྱི་ལགས་ཀྱི་སྡོད་ཁང་རེད།  ཁོས་སྤྱིར་བཏང་གི་མི་ཞིག་ལས་འདས་པའི་བྱ་བ་སྒྲུབ་བཞིན་ཡོད་ལ། རང་ཉིད་སྟོབས་ལྡན་དུ་འགྱུར་བར་ནམ་ཡང་འབད་པས་སློབ་སྦྱོང་བྱེད། ཙུང་ལི་ཁྲིན་དབྱི་ལགས་ད་དུང་དམངས་གླུ་ལ་ཧ་ཅང་དགའ། ཁོང་གིས་མཚོ་ནུབ་ཁུལ་གྱི་ཁུལ་དཔོན་མགོན་པོ་རྒྱལ་ལ་བཤད་རྒྱུར། ལོ་རྒྱུས་ཀྱི་འཕེལ་རྒྱས་ངོས་ནས་བལྟས་ན། གྲངས་ཉུང་མི་རིགས་ནི་ལས་ལ་བརྩོན་ཞིང་གཞུང་དྲང་བབ་ཆགས་ཡིན་པ་མ་ཟད། ད་དུང་བློ་གྲོས་ལྡན་པའི་མི་རིགས་ཤིག་ཀྱང་ཡིན་ཞིང་། དར་ཁྱབ་ཆེ་བའི་དམངས་གླུ་དང་། རྩལ་ཆེ་བ། ལྷག་བསམ་རྣམ་དག་གིས་མི་སེམས་འགུག་པ་བཅས་ཀྱིས་དེ་དག་བདེན་དཔང་བྱས་ཡོད་ཅེས་གསུངས།

ཁོང་གིས་དམངས་གླུ་ཚིག་འགའ་ཡང་ལེན་ཤེས་པ་སྟེ། དེ་ནི“མུན་ནག་གི་མཚན་མོ་ཕར་བསྐྱལ་ནས།  གཡའ་དག་གི་ནམ་མཁའ་མཐོང་བྱུང་།  ཏང་གི་བྱམས་བརྩེ་ཆེན་པོས། བོད་རིགས་མི་དམངས་སྐྱིད་ལ་བཀོད། ”ཞེས་པའོ།

ཙུང་ལི་གཞོན་པ་ཁྲིན་དབྱི་ཚ་ཧན་ཝུའུ་སུའུ་རུ་ཉིན་གཉིས་ལ་མ་གཏོགས་བཞུགས་མེད་ཀྱང་། ཡིན་ཡང་ཁོང་གིས་མཚོ་ནུབ་ཀྱི་བྱ་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། མཚོ་ནུབ་ཀྱི་ཐོན་ཁུངས་གསར་སྤེལ་ལ་མཐོང་ཆེན་ཚད་མཐོན་པོ་གནང་། ཁོ་རང་ལེ་དབར་སྟོང་གི་ཆོད་པའི་བྱེ་ཐང་དུ་བགྲོད་པ་དང་། ཁུ་ནུ་བརྒྱུད་སྐབས། བརྩེ་བ་ཟབ་མོ་དང་། མཛེས་སྡུག་ལྡན་པའི་སྙན་ཚིག་གིས་ཡངས་པའི་རྩྭ་ཐང་ལ་བསྟོད་བསྔགས་འདི་ལྟར་གནང་ཡོད་དེ། གངས་ཐང་ཆེན་མོ་ནམ་མཁའི་མཐའ་དང་འབྲེལ། ། རྟ་ནོར་མཆོངས་རྩལ་མིག་གི་ལམ་ལ་མངོན། ། བྱེ་མའི་རིལ་བུ་དེ་ནི་ཅི་ཡིན་པ། ། འཚོལ་ཞིབ་ཚོགས་པས་དབྱེ་ཞིབ་བྱེད་དགོས་འདུག ། ཞེས་པ་ཞིག་ཀྱང་བྲིས་འདུག

གུས་པར་འོས་པའི་ཙུང་ལི་གཞོན་པ་ཁྲིན་དབྱི་ལགས་ང་ཚོ་དང་དུས་གཏན་དུ་བྲལ་ནའང་། ཁོང་གིས་མཚོ་ནུབ་མང་ཚོགས་ལ་གནང་བའི་སེམས་ཁུར་དང་། བརྩེ་བ་ཟབ་མོ་དེ་ནམ་ཡང་མང་ཚོགས་ཀྱི་སེམས་གཏིང་དུ་ཉར་ཡོད། མཚོ་ནུབ་ཀྱི་རིགས་སོ་སོའི་མི་དམངས་དང་། ཚྭ་འདམ་གཞོང་དུ་འབད་འཐབ་བྱེད་བཞིན་པའི་རིགས་སོ་སོའི་ལས་བྱེད་པས་ནམ་ཡང་ང་ཚོའི་གུས་པར་འོས་པའི་ཙུང་ལི་གཞོན་པ་ཁྲིན་དབྱི་ལགས་ལ་རྗེས་དྲན་བྱེད་བཞིན་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།