སྡོད་དམངས་ལ་ཞབས་འདེགས་ཡག་པོ་ཞུས་ནས་སྡོད་དམངས་ཀྱི་བློ་ཡིད་ཚིམ་པར་བྱེད་དགོས།
2021.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

“སྡེ་ཁུལ་བཅོས་སྐྱོང་ཡག་པོ་བྱེད་ཐུབ་མིན་གྱི་འགག་རྩ་ནི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་ཐུག་ཡོད། གཞི་རིམ་ཏང་རྩ་འཛུགས་ཞེས་པའི་འཐབ་འཛིང་བཙན་རྫོང་དེ་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་། སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ནས།   གཞི་རིམ་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བདང་། སྡེ་ཁུལ་གྱི་བྱ་བ་དེ་ཁྱིམ་གྱི་བྱ་བའི་གོ་གནས་སུ་འཇོག་པ། སྡེ་མི་རྣམས་ཀྱིས་སེམས་ཁུར་བྱེད་བཞིན་པའི་དོན་དག་རེ་རེ་ལེགས་པོར་བསྒྲུབ་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་མཐོ་རུ་གཏོང་དགོས། ཏང་གི་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཟུང་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཡོང་བར་ཡང་འབད་བསྐྱར་འབད་དང་འབད་བརྩོན་ལྷོད་མེ་བྱེད་དགོས། སེམས་མི་བདེ་བའི་དོན་དག་སྒྲུབ་སྐབས་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་སྡེ་ཁུལ་གཉིས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏིན་ཞའོ་ཡུས་ཀྱི་སེམས་སུ་ཚོར་སྣང་ཟབ་མོ་སྦྱིན་ཡོད་ཏེ།  “སྡེ་ཁུལ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་སྡོད་དམངས་ལ་ཞབས་འདེགས་ཡག་པོ་ཞུས་ནས་སྡོད་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།”ཟེར།

“སྡེ་མིར་ཞབས་འདེགས་ཡག་པོ་ཞུས་ནས་སྡེ་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།” ཞེས་པའི་སྐད་ཆ་འདི་བཤད་ན་སླ་མོད་བསྒྲུབ་ན་ངོ་མ་དཀའ་ཁག་ཆེ།

“སྔོན་ཆད་ཀྱི་སྡེ་ཁུལ་དེ་འདྲ་ཡག་པོ་ཞིག་མེད། ” ཟླ་6ཚེས་20ཉིན་ཏིན་ཞའོ་ཡུས་ཀྱིས་གསར་འགོད་པར་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་སྡེ་ཁུལ་གཉིས་པར་རྒྱུན་སྡོད་མི་འབོར་1482དང་མི་གྲངས་5322ཡོད། ཁོར་ཡུག་བཙོག་ལ་ཟང་ཟིང་ཡིན་པ་དང་དོ་དམ་བྱེད་དཀའ་བ་བཅས་ཀྱི་གནས་ཚུལ་ཡོད།

དེ་བས་སྡེ་ཁུལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་གཏང་རྒྱུ་དེ་སྡེ་ཁུལ་གཉིས་པའི་སྡོད་དམངས་རྣམས་ཀྱི་རེ་སྒུག་བྱེད་ཡུལ་ཏུ་གྱུར་ཡོད།

2020ལོར་ཏིན་ཞའོ་ཡུས་ནི་ཐུན་ཏེ་རྫོང་ཏང་ཨུ་རྩ་འཛུགས་པུའུ་ནས་སྡེ་ཁུལ་གཉིས་པར་ལས་གནས་བསྐོ་གཞག་བྱས། སྐབས་དེར་ཁོ་མོ་ཁྱིམ་ཚང་རེ་རེར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་དུས་སྡོད་དམངས་རྣམས་ལ་ཕྱོགས་གང་ཅིའི་ཐད་ནས་བསམ་འཆར་མང་པོ་འདུག

དྲ་མིག་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ཟིན་ནའང་ད་དུང་དེ་འདྲའི་གནད་དོན་མང་པོ་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་ལྟར་བསམ་བློ་གཏོང་དུས་ཏིན་ཞའོ་ཡུས་ཀྱིས་སྡོད་ཁུལ་དེའི་རྣམ་པར་འགྱུར་ལྡོག་གཏོང་དགོས་ཚེ་དོ་དམ་དང་ཞབས་ཞུ་ནི་འགག་རྩ་ཡིན་པའི་ངེས་ཤེས་རྙེད།

བསམ་ཕྱོགས་གསལ་པོ་བྱས་རྗེས་ཏིན་ཞའོ་ཡུས་ཀྱིས་བསྒྲུབ་དགོས་པའི་བྱ་བ་དང་པོ་ནི་སྡེ་ཁུལ་གྱི་འཕྲོད་བསྟེན་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་རེད།

མོས་ལས་བྱེད་མི་སྣའི་སྣེ་ཁྲིད་དེ་གད་སྙིགས་གཙང་སེལ་བྱས་པས་ཉིན་གཅིག་གི་རིང་གད་སྙིགས་རླངས་འཁོར་གཉིས་དབོར་འདྲེན་བྱས།  གནས་ཚུལ་དེ་མཐོང་བས་སྡེ་མི་རྣམས་རང་འགུལ་ངང་དུས་ལྟར་གད་སྙིགས་གཙང་སེལ་བྱེད་པའི་ལས་ཀར་ཞུགས།  དུས་ཚོད་ངེས་ཅན་ཞིག་གི་རིང་འབད་བརྩོན་བྱས་པ་བརྒྱུད་སྡེ་ཁུལ་དེར་དག་གཙང་གི་རྣམ་པ་ཉམས་དགའ་བ་བྱུང་བས་སྡོད་དམངས་རྣམས་ཀྱི་གདོང་ལའང་སྔར་མེད་ཀྱི་འཛུམ་མདངས་ཤིག་རྒྱས་འདུག

དེར་མཐུད་ནས་གནད་དོན་གཉིས་པར་འཕྲད་བྱུང་སྟེ།  རྒྱ་ཅུང་ཆེ་བའི་སྡེ་ཁུལ་དེར་ལས་བྱེད་མི་སྣ་9ལས་མེད་པ་དང་། ལས་ཕྱོད་མཐོན་པོ་མེད་པས་སྡོད་དམངས་དང་སྡེ་ཁུལ་གྱི་དོ་དམ་དེ་ཁ་ཐོར་དང་ཉམས་ཞན་གྱི་རྣམ་པར་ཆགས་པ་ནི་ཁོ་མོའི་མདུན་དུ་ལྷགས་པའི་དཀའ་གནད་ཅིག་རེད།

སྡེ་ཁུལ་གྱི་ལས་བྱེད་མི་སྣ་རྣམས་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས། སྡོད་མསང་རྣམས་ལ་ཁྱིམ་གྱི་འདུ་ཤེས་རྙེད་ཐུབ་པར་བྱ་རྒྱུ་དེ་ནི་ཁོ་མོའི་རྗེས་ཕྱོགས་ཀྱི་བྱ་བའི་འབད་བརྩོན་ གྱི་ཁ་ཕྱོགས་ཉག་ཅིག་རེད།   ཏིན་ཞའོ་ཡུས་ཀྱིས་ཏང་གི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱ་འགུལ་ཇུས་འགོད་བྱས་ནས་ཏང་ཡོན་དང་སྡོད་དམངས་རྣམས་བྱ་འགུལ་ལ་ཞུགས་པར་རྩ་འཛུགས་བྱས།  སྡེ་ཁུལ་གྱི་བྱེད་མི་སྣའི་བྲེལ་འཚུབ་ཁྲོད་བྱ་བའི་བྱེད་ནུས་ཆེ་རུ་སོང་བས་སྡོད་དམངས་རྣམས་ཀྱི་སེམས་སུ་ཡང་རང་སྡེ་ཁུལ་དེ་ལ་རང་ཁྱིམ་གྱི་འདུ་ཤེས་ཤིག་བཅོས་མིན་དུ་སྐྱེས་བཞིན་ཡོད་པ་རེད།

སྡེ་ཁུལ་དུ་བྱ་འགུལ་སྣ་ཚོགས་སྤེལ་ཐེངས་རེ་ལ་སྡེ་མི་རྣམས་རྩ་འཛུགས་བྱས་ནས་བྱ་འགུལ་ཁྲོད་ཞུགས་ཀྱི་ཡོད་།  དེ་ལྟར་དུས་ཡུན་རིང་པོ་ཞིག་སོང་རྗེས་སྡོད་དམངས་ཚོས་རང་འགུལ་ངང་བྱ་འགུལ་རྣམ་པ་སྣ་ཚོགས་སྤེལ་ནས་སྡེ་ཁུལ་གྱི་ལས་བཟོ་པ་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་བརྩོན་སེམས་དེ་བས་ཆེ་རུ་ཕྱིན་ནས་ཧུར་བརྩོན་ཡར་སྐྱེད་ཀྱི་རྣམ་པ་ཞིག་ཆགས་འདུག

ཏིན་ཞའོ་ཡུས་ཀྱིས་ལག་ལེན་དུ་བསྟར་བའི་བྱ་བ་གཙོ་བོ་ནི་སྡོད་དམངས་རྣམས་ཀྱིས་བསམ་བཞིན་པ་དང་རེ་སྒུག་བྱེད་བཞིན་པའི་བྱ་བ་དེ་ཇི་ལྟར་བྱས་ནས་ཐག་གཅོད་བྱེད་རྒྱུ་དེ་རེད།

སྡེ་ཁུལ་གཉིས་པ་དེ་དྲ་མིག་ཅན་ལྔ་རུ་ཕྱེས་ཡོད་པ་དང་ལས་བྱེད་མི་སྣ་གཉིས་རེས་དྲ་མིག་ཅན་གྱི་དོ་དམ་བྱེད་ཀྱི་ཡོད། དྲ་བའི་སྐད་འཕྲིན་ཚོགས་པ་བཙུགས་ཡོད་མོད།འོན་ཀྱང་ཐོལ་བྱུང་དོན་རྐྱེན་དང་འཕྲད་སྐབས་མི་སྣས་གཏན་ནས་འདང་གི་མེད། དེར་བརྟེན་ན་ནིང་ཏིན་ཞའོ་ཡུས་ཀྱིས་སྡེ་ཁུལ་གྱི་སྡོད་དམངས་ཐོ་འགོད་བྱས་ཏེ་མེ་ཁྱེར་གྱི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་པ་རེད། ཞབས་ཞུ་རུ་ཁག་གིས་“དམངས་ལ་དགོས་མཁོ་ཡོད་ན་ང་ལ་དགོས་མཁོ་ཡོད།”ཅེས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།ལས་ཀའི་དགོས་མཁོ་དང་ཞབས་ཞུ་ཕན་ཚུན་གསབ་རེས་བྱེད་པའི་བྱེད་ཐབས་སྤྱད་དེ།“ངས་མང་ཚོགས་ལ་དངོས་དོན་སྒྲུབ་པའི་”བྱེད་སྒོ་སྤེལ།

ཐུན་ཏེ་རྫོང་མཁར་དུ་འགྲོ་སྐབས་རྒྱུན་དུ་སྟོད་གོས་དམར་པོ་གྱོན་པའི་དང་བླངས་ཞབས་ཞུ་རུ་ཁག་གིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་ལ་གཞོགས་འདེགས་བྱེད་པ་སོགས་ནུས་ཤུགས་ཡོད་རྒུས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བཞིན་པའི་གནས་ཚུལ་མཐོང་ཐུབ།  ད་ལྟ་དང་བླངས་ཞབས་ཞུ་རུ་ཁག་མི་གྲངས་བཞི་བཅུ་ཙམ་དུ་འཕར་ཡོད།ད་ལོའི་ཟླ་གསུམ་པར་ཁོ་ཚོས་རང་འགུལ་ངང་སྡོང་ཕྲུག་སུམ་བྲགྱ་བཙུགས་པར་མ་ཟད།ད་དུང་དེ་ལ་“དང་བླངས་ནགས་ཚལ”ཞེས་པའི་མིང་ཞིག་ཀྱང་བཏགས་ཡོད།

སྡེ་ཁུལ་གཉིས་པའི་བྱ་འགུལ་ཁང་གི་རིག་གནས་གྱང་སྟེང་དུ་གྲོང་མིའི་བསམ་འདུན་ཤོག་བྱང་བཀལ་བའི་རྣམ་པ་དེ་མིག་ལ་གསལ་བོར་མངོན་ཞིང་། དེ་དག་གི་སྟེང་དུ་སྡེ་ཁུལ་གྱི་སྡོད་དམངས་རྣམས་ཀྱི་བསམ་འདུན་བྲིས་ཡོད་པ་སྟེ། ང་ལ་སྤོ་ལོ་ཞིག་ཡོད་ན་འདོད།  ང་ལ་ལྷམ་ཆ་གཅིག་ཡོད་ན་འདོད་ཅེས་པ་སོགས་མང་དུ་བྲིས་ཡོད་ཅིང་། དེ་དག་མང་ཆེ་བ་ནི་སྡེ་ཁུལ་དེའི་མི་ཧྲེང་རྒན་རྒོན་དང་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་ཀྱི་མི་སྣ་ཤ་སྟག་རེད།

“སྡེ་ཁུལ་གྱི་སྡོད་དམངས་ལ་བསམ་འདུན་ཧ་ཅང་མང་པོ་ཡོད་མོད།འོན་ཀྱང་སྡེ་ཁུལ་ལ་མ་དངུལ་མང་པོ་དེ་ཙམ་མེད། དེར་བརྟེན་བྱེད་ཐབས་དེ་འདྲ་སྤྱད་པ་ཡིན། ”ཞེས་ཏིན་ཞའོ་ཡུས་ཀྱིས་བཤད། ན་ནིང་ལོ་སྨད་དུ་སྡོད་དམངས་ཚོར་བསམ་འདུན་ཆུང་ཆུང་དེ་དག་མང་པོ་སྒྲུབ་རོགས་བྱས་པ་དང་།  ཚང་མར་བསམ་འདུན་འགྲུབ་པར་རོགས་རམ་བྱེད་མཁན་ནི་སྡེ་ཁུལ་གྱི་ལས་བྱེད་པ་དང་ཏང་ཡོན་རེད། སྡེ་ཁུལ་གྱི་དམའ་རིམ་སློབ་འབྲིང་གི་སློབ་མ་ཟོན་ཐར་རྒྱལ་གྱི་བསམ་འདུན་ནི་ཁོ་ལ་སྤོ་ལོ་ཞིག་ཡོད་རྒྱུ་དེ་རེད།ཉེ་སྔོན་སྡེ་ཁུལ་གྱི་ལས་བཟོ་པས་ཁོ་ལ་ཁ་པར་བཏང་ནས“ སྤོ་ལོ་ཉོས་ནས་ཐོན་ཡོད་པས་མགྱོགས་པོར་ལེན་དུ་ཤོག”ཅེས་བཤད་མ་ཐག  དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་ཟོན་ཐར་རྒྱལ་གྱིས་མྱུར་དུ་སྤོ་ལོ་བླངས་རྗེས་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་ལས་ཀའི་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྡེ་ཁུལ་བཅོས་སྐྱོང་གི་འགན་འཁྲི་ཤིན་ཏུ་ལྕི་བ་གསལ་བོར་རྟོགས་ཡོད་པས། ངས་མུ་མཐུད་དུ་ཞབས་ཞུའི་བྱ་བ་ཡག་པོར་བསྒྲུབས་ནས། འཆམ་མཐུན་དང་མཐུན་སྒྲིལ། རོགས་རེས། དྲོད་སྐྱིད་བཅས་ཀྱི་སྡེ་ཁུལ་ཞིག་ཧུར་ཐག་སྒོས་གསར་སྐྲུན་བྱས་ཏེ།  སྡེ་ཁུལ་གྱི་སྡོད་དམངས་རྣམས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་མཐོ་རུ་གཏང་རྒྱུ་ཡིན། ”ཞེས་ཏིན་ཞའོ་ཡུས་ཀྱིས་བཤད།

                                                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།