མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་ཐུན་མོང་གིས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས།
2021.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

—སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཁོང་གིས་རྨ་སྟོད་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། གནོད་ཤུལ་བསྐྱར་སྐྲུན་གྱི་བྱ་བར་དམ་འཛིན་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་། མང་ཚོགས་ཀྱི་སེམས་པ་བདེ་རུ་གཏོང་བ། མང་ཚོགས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་གིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱ་དགོས་པའི་མངག་བཅོལ་གནང་། བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲོད་འཁོལ་ལྡན་པའི་སྐད་ཆས་མགོ་ལོག་ཁུལ་དང་རྨ་སྟོད་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་འགུལ་ཚད་མེད་ཐེབས། རྨ་སྟོད་ཀྱི་གནོད་ཤུལ་བཀོད་སྒྲིག་བྱ་ཡུལ་དུ་འབྲོག་པ་མང་ཚོགས་ཚོས་རང་འགུལ་ངང་རྒྱལ་དར་རྒུད་སྐྱོབ་རུས་གུར་རེ་རེའི་ཐོག་བཙུགས་ནས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་དྲིན་ཞུ་བ་དང་ཏང་གི་བཀའ་དྲིན་ཚོར་བ། དུས་རབས་ཀྱི་བཀའ་དྲིན་ཚོར་བ། མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན”བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་བྱམས་བརྩེའི་ཐུགས་ཁུར་དེ་ལས་སྤྱི་ཁྱབ་ཧྲུའུ་ཅིའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་སེམས་ལ་བརྟན་པོར་བཅངས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་རྨ་སྟོད་གསར་པ་བསྐྲུན་ཏེ། ཕུལ་བྱུང་གི་བསྐྱར་སྐྲུན་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས་ཞེས་བཤད།

མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐུན་མོང་གིས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་བློས་གཏོང་ཕོད་པ། འགན་འཁྲི་འཁུར་ཕོད་པ། ཧུར་བརྩོན་གྱིས་བྱ་བ་སྒྲུབ་པ་བཅས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་ཆེས་གཞི་རྩའི་འགན་འཁྲིར་འཛིན་དགོས།

མགོ་ལོག་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་ཞའོ་མིང་གིས་བཤད་རྒྱུར། “རྨ་སྟོད་ཀྱི“5·22”ས་ཡོམ་བྱུང་རྗེས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་དུས་ཚོད་ནང་སྣེ་ཁྲིད་བྱས་ནས། གནོད་ཐེབས་ས་ཁུལ་གྱི་ཉེན་ཁ་ཆེས་ཆེ་ས་དང་དཀའ་ངལ་ཆེ་ས། དགོས་མཁོ་ཆེ་ས་བཅས་ཀྱི་ས་ཆར་བསྐྱོད་ནས་འབད་འཐབ་བྱས་པ་དེ་ལས་གུང་ཁྲན་ཏང་ཡོན་གྱིས་འགན་འཁྲི་འཁུར་ཕོད་པའི་རང་བཞིན་གང་ལེགས་ཀྱིས་མངོན་ཡོད། ད་ཐེངས་ཀྱི་ཚད་རིམ་འདི་འདྲིའི་མཐོ་བའི་ས་ཡོམ་ཆེན་པོ་བྱུང་ཡང་མི་ཤི་མེད་པ་དེ་ནི། ཉེ་བའི་ལོ་འགའི་རིང་ལག་བསྟར་བྱས་པའི་ཡུལ་གཞན་གནས་སྤོ་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་སོགས་ཏང་གི་སྲིད་ཇུས་བཟང་པོ་དང་དམངས་ཚིས་བཟོ་སྐྲུན་ལས་བྱུང་བ་ཞིག་ཀྱང་རེད། བདུན་གཅིག་གི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་རྨ་སྟོད་ཀྱི་གནོད་ཤུལ་བསྐྱར་སྐྲུན་བྱ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་དང་། མིག་སྔར། རྨ་སྟོད་ཀྱི་གནོད་ཤུལ་བསྐྱར་སྐྲུན་བྱ་བ་ཡང་མགྱོགས་མྱུར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བ་མགྱོགས་མྱུར་སྒོས་རྒྱུན་ལྡན་གྱི་བགྲོད་ལམ་ཐོག་སྐྱོད་བཞིན་ཡོད་ལ། འབྲོག་པ་མང་ཚོགས་ཀྱིས་ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་གནོད་ཤུལ་བསྐྱར་སྐྲུན་གྱི་མགོ་རྩོམ་ས་གསར་པ་ནས་མུ་མཐུད་འབད་འཐབ་བྱས་ཏེ། གནོད་ཤུལ་བསྐྱར་སྐྲུན་དང་དྲིལ་བསྒྲགས་བྱ་རྒྱུ་དེ‘རྨ་སྟོད་ཀྱི་གཟུགས་བརྙན’དང‘རྨ་སྟོད་ཀྱི་སྙིང་སྟོབས’ཕན་ཚུན་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཛུགས་རྒྱུའི་སྐུལ་ལྕག་གནང་བ་དང་། བློ་བརྟན་འགྱུར་མེད་བཅས་བྱས་ཏེ་མཐུན་སྒྲིལ་ཕྱུག་འགྱུར། དཔལ་ཡོན་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་རྨ་སྟོད་གསར་བ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན”ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཐེབས་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་གནང་བ་ཐོས་རྗེས། རྨ་སྟོད་རྫོང་མི་དམངས་སྨན་ཁང་གི་ནད་ཐོག་སྨན་བཅོས་ཚན་ཁག་གི་ཀྲིག་ཀའོ་ཆང་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་ང་ཚོས་གནོད་ཤུལ་བསྐྱར་སྐྲུན་གྱི་བསམ་པའི་སྒུལ་ཤུགས་སུ་གྱུར་ཡོད། སྨན་བཅོས་ལས་དོན་པ་ཞིག་གི་ངོས་ནས། མང་ཚོགས་ལ་གནོད་ཤུལ་གྱི་ནད་ལྟ་སྐྱོང་བྱ་བ་ཡག་པོ་སྒྲུབ་དགོས། ང་ཚོའི་སྨན་ཁང་གི་གནོད་ཤུལ་སྲོག་སྐྱོབ་སྨན་བཅོས་ཀྱི་བྱ་བ་མིག་སྔར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ཀྱང་དུས་མཉམ་དུ་རྒྱག་བཞིན་ཡོད། གནོད་ཤུལ་བསྐྱར་སྐྲུན་བྱས་པ་བརྒྱུད་ང་ཚོའི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཟེར།

རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་ནི་ད་ཐེངས་ཀྱི་ས་ཡོམ་ཁྲོད་ཀྱི་ཡོམ་གནས་གཙོ་བོ་རེད། རྨ་ཕྲ་ལི་སྡེ་བའི་ཏང་ཡོན་བཤད་སྒྲུབ་ཀྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་སྟོད་རྫོང་གི་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ང་ཚོར་སེམས་ཁུར་དང་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་གནང་བས་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་བཤད་ན། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒུལ་ཤུགས་སུ་བྱས་ནས། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ‘རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི’ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་བདག་སྐྱོང་པའི་འགན་འཁྲི་ཏན་ཏིག་གིས་བསྒྲུབས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱས་ཏེ་རྒྱ་ཆེའི་འབྲོག་པ་མང་ཚོགས་དང་མཉམ་དུ་གནོད་ཤུལ་བསྐྱར་སྐྲུན་གྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ནས། ང་ཚོའི་ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་ཧུར་ཐག་གིས་བསྐྲུན་རྒྱུ་ཡིན”ཞེས་བཤད།

དཀའ་སྡུག་གི་དུས་སྐབས་སུ་ཏང་ཡོན་ལས་བྱེད་པ་མི་དམངས་མང་ཚོགས་དང་མཉམ་དུ་གནས་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་ཏེ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་ཡང་འབད་བསྐྱར་འབད་དང་འབད་འཐབ་ལྷོད་མེད་བྱེད་དགོས།

རྨ་ཆུ་ཡུལ་ཚོ་དུག་གཞུང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ལིས་རྟ་མགྲིན་གྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅིས་རྨ་སྟོད་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། གློ་བུར་དུ་ས་ཡོམ་དྲག་པོ་བྱུང་བས་མང་ཚོགས་མང་ཆེ་བ་འཇིགས་སྣང་ཆེན་པོ་སྐྱེས་བཞིན་འདུག འོན་ཀྱང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མཐོང་རྗེས་འཇིགས་སྣང་དེ་ཡལ་སོང”ཟེར། འབྲོག་ཁུལ་གྱི་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ལིས་རྟ་མགྲིན་གྱིས་རྗེས་ཕྱོགས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ནས། གདོང་ལེན་དཔེ་སྟོན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། འཆམ་མཐུན་མཛེས་སྡུག་གི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱི་འོས་འགན་དང་འགན་འཁྲི་འཁུར་རྒྱུ་ཡིན་ཟེར།

རྨ་སྟོད་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཅཱ་ཁྲིན་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་ཏན་ཏིག་བྱས་ནས། གནོད་ཤུལ་བསྐྱར་སྐྲུན་གྱི་དོན་དངོས་བྱ་སྤྱོད་ཐོག་ནས་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པའི་ལས་བྱེད་པའི་དཔུང་ཁག་ལེགས་སྐྲུན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བརྟེན་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་གིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་བསྐྲུན་དགོས་ཟེར།

རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ལས་བྱེད་པ་ཀྲིན་ཚན་ཞིན་གྱིས་བཤད་རྒྱུར། ང་ཚོའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མིག་སྔའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟུང་འབྲེལ་དམ་པོ་བྱས་ནས། ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་ཧུར་ཐག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བ་ཟབ་མོ་དང་མངགས་བཅོལ་ཟབ་མོ་དེ་གནོད་ཤུལ་བསྐྱར་སྐྲུན་དང་མགོ་ལོག་གི་བྱ་བ་སྣ་ཚོགས་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཏེ། རྣམ་པ་གསར་རྐྱང་གི་ཐོག་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ་བ་དང་ཐུན་མོང་གིས་མགོ་ལོག་གི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།

མི་དམངས་ལ་བརྟེན་ནས་ཁྱིམ་གཞིས་བསྐྱར་སྐྲུན་དང་། ཐུན་མོང་གིས་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་དང་། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་སྐྲུན་པ། ཐུན་མོང་གིས་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་ཡོད།

རྨ་སྟོད་རྫོང་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡི་ལས་བྱེད་པ་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར། “ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས། ང་ཚོས་ས་ཡོམ་གྱི་གནོད་ཤུལ་བསྐྱར་སྐྲུན་ཡག་པོ་བྱེད་པ་དང་། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གནོད་ཤུལ་བསྐྱར་སྐྲུན་ལས་དོན་ཏན་ཏིག་ངང་སྤེལ་ཏེ། ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་རྣམས་ཀྱིས་ཐུན་མོང་གིས་ཕྱུག་འགྱུར་གྱི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱ་རྒྱུ་ཡིན”ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་གནོད་ཁུལ་མི་དམངས་ལ་ཐུགས་ཁུར་གནང་བར་མྱོང་ཚོར་ཟབ་མོ་བྱུང་། གནོད་ཐེབས་ས་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡོམ་འགོག་གནོད་སེལ་བྱེད་པའི་བརྒྱུད་རིམ་ཁྲོད་ཏང་དང་སྲིད་གཞུང་། མི་དམངས་དམག་དཔུང་བཅས་ཀྱིས་མི་དམངས་མང་ཚོགས་ལ་བཅངས་པའི་བརྩེ་དུང་ཟབ་མོ་དངོས་སུ་མཐོང་། ལས་ཀར་ཞུགས་ནས་ཡུན་རིང་མ་འགོར་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟོ་ཞིག་ཡིན་པའི་ཆ་ནས། ངས་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་ནས་གནོད་ཤུལ་བསྐྱར་སྐྲུན་ཐད་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན”ཞེས་རྨ་སྟོད་རྫོང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟོ་བ་དར་མཚོས་དེ་ལྟར་བཤད།

རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་མཁན་ཆེན་སྡེ་བའི་སྡེ་མི་རྡོ་རྗེ་ཡིས་བཤད་རྒྱུར། “སྐྱེ་ཁམས་བདག་སྐྱོང་བ་ཞིག་ཡིན་པའི་ཆ་ནས། ང་ཚོའི་འགན་འཁྲི་ནི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པས་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། རྨ་ཆུའི་ཆུ་འགོ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་རྩྭ་དང་རྩི་ཤིང་ལ་ཡང་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གནོད་ཤུལ་བསྐྱར་སྐྲུན་གྱི་རྨ་སྟོད་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་བློ་བདེ་མོ་གནང་རོགས། ང་ཚོས་ངེས་པར་དུ་རྨ་ཆུའི་ཆུ་འགོ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།