དམག་ཁོངས་ལས་ཕྱིར་བུད་ཀྱང་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་པ།
2021.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

 མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་ཞའོ་ཞ་གྲོང་རྡལ་ཧྲང་གྲོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སུང་ཡིག་ཁྲོན་གླེང་དུས། ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་རང་དབང་མེད་པར་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། སུང་ཡིག་ཁྲོན་ལོ་མང་པོའི་རིང་བསྟུད་མར་ཞའོ་ཞ་གྲོང་རྡལ་སྲིད་གཞུང་གིས་ཕུལ་དུ་བྱུང་བའི་སྡེ་བའི་ལས་བྱེད་པ་དང་ཕུལ་དུ་བྱུང་བའི་ཏང་གི་བྱ་བ་སྒྲུབ་མཁན། ཕུལ་བྱུང་གུང་ཁྲན་ཏང་ཡོན་བཅས་སུ་བདམས་པ་དང་།  2016ལོ་དང་2018ལོར་ཕེན་ཨན་ཆུའུ་ཏང་ཨུ་དང་ཆུའུ་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་སྡེ་བའི་ལས་བྱེད་པར་བདམས། 2019ལོ་དང་2020ལོར་ཕེན་ཨན་ཆུའུ་དྲག་ཆས་པུའུ་ཡིས་ཕུལ་བྱུང་དམངས་དམག་ལ་བདམས། 2020ལོའི་ཟླ་6པར་སླར་ཡང་ཕེན་ཨན་ཆུའུ་ཏང་ཨུ་དང་སྲིད་གཞུང་དང་ཆུའུ་དྲག་ཆས་པུའུ་ཡིས་ཆེས་མཛེས་པའི་ཁོལ་འཁྱུར་པར་བདམས།   སུང་ཡིག་ཁྲོན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམག་ཁོངས་ནས་བུད་ཀྱང་ཐོག་མའི་བསམ་འདུན་མི་འགྱུར་བའི་དམ་བཅའ་བརྟན་པོ་མཚོན་པར་བྱས་ཡོད་ལ། གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་ལས་འགན་ཡང་ལག་ལེན་དུ་བསྟར་ཡོད།

དབུལ་བོར་གྱུར་རྐྱེན་གྱི་གནད་དོན་དངོས་བཙལ་བ།

2015ལོར་རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་མགོ་ཚུགས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྒན་པ་སུང་ཡིག་ཁྲོན་གྱི་སེམས་སུ་དེ་ནི་དམག་བཀའ་དང་འཐབ་འཛིང་གི་ལས་འགན་ཡིན་ཞིང་། དཀའ་སྡུག་ཅི་ཙམ་མྱོང་དགོས་མིན་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་གཡུལ་འགྱེད་དེའི་ནང་དུ་ཞུགས།

སྲིད་ཇུས་དྲིལ་སྒྲོག་དང་གྲལ་བཤེར་བྱེད་པ། དམངས་གཙོའི་དཔྱད་མོལ་བྱེད་པ་ནས་ཡིག་ཚགས་དང་བྱང་བུ་བཟོ་བ། ཁྱིམ་ཚང་རེ་རེར་སོང་ནས་རོགས་སྐྱོར་བྱེད་པ། རོགས་སྐྱོར་ བྱེད་ཐབས་འཐེན་པ་ནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་བར་ཁོས་སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་དང་འབྲེལ་བ་ཡོད་པའི་བྱ་བ་ཚང་མ་ཞིབ་ཚགས་དང་ནན་ཏན་གྱིས་སྒྲུབ་གང་ཐུབ་བྱས།

སྐབས་དེར་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་མི་རེར་སྒོར་མོ་5400ཡི་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་དོན་འཁྱོལ་བྱུང་རྗེས། ཚང་མ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད།

གནས་ཚུལ་དངོས་ལ་དམིགས་ནས་སུང་ཡིག་ཁྲོན་དང་སྡེ་སྡོད་ཧྲུའུ་ཅི་དང་པོ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་ཁོངས་མིས་དབྱེ་ཞིབ་དང་གྲོས་བསྡུར་བྱས་པ་བརྒྱུད།  དབུལ་པོའི་རྩ་བ་དེ་སེལ་དགོས་ན་གཙོ་བོ་བསམ་བློ་དང་སྙིང་སྟོབས་ཀྱི་ཐོག་ནས་སྡེ་མི་རྣམས་ལ་རོགས་སྐྱོར་བྱས་ནས།  ཁོ་ཚོ་ཡར་ལངས་ཐུབ་པར་བྱེད་དགོས་པར་མ་ཟད། རྒྱང་རིང་དུ་བསྐྱོད་ཐུབ་པར་རོགས་རམ་བྱས་ཏེ། དབུལ་ཕོངས་ཀྱི་རྩ་བའི་གནད་དོན་འཚོལ་ཞིབ་བྱས་ཚེ་ད་གཟོད་གཞི་ནས་དབུལ་ཐར་བྱེད་ཐུབ་པ་གསལ་བོར་རྟོགས།

གྱང་ལ་ཁེན་ནས་ཉི་མར་ལྡེ་བ་དང་གཞན་གྱིས་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུར་སྒུག་པའམ་ཡང་ན་ད་ཡོད་ཀྱི་གནས་ཚུལ་ལ་ཡིད་ཚིམས་ནས་དབུལ་ཕོངས་ཀྱི་གནས་སུ་སྡོད་པ། ཐ་ན་དབུལ་པོར་འགྱུར་འདོད་པ་དང་ཡང་ན་མུ་མཐུད་དུ་མ་མཐའི་འཚོ་བ་འགན་ལེན་བྱེད་པའི་ཁྱིམ་ཚང་བྱེད་འདོད་པའི་སྣང་ཚུལ་དེ་དག་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་དུས་ལྟར་མངོན་འགྱུར་བྱེད་པར་ཤུགས་རྐྱེན་ཐེབས་པ་མ་ཟད། སྒུག་རྟེན་སློང་གསུམ་གྱི་བསམ་བློ་ཡོད་པའི་མི་རྣམས་རེ་ཞིག་དབུལ་ཐར་བྱས་ཀྱང་སླར་ཡང་དབུལ་པོར་འགྱུར་ཉེན་ཡོད་ཅེས་སུང་ཡིག་ཁྲོན་གྱིས་བཤད།    སུང་ཡིག་ཁྲོན་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིས་བསམ་བློ་མང་པོ་བཏང་མཐར་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་མཉམ་དུ་ལག་བསྟར་བྱས།  སྡེ་མི་ཝང་ཧྲིན་ཡན་དང་སུང་མན་ཁྲོན་གྱི་བུ་ཞའེ་ཧྥུའུ་ཞིན་ལ་རླངས་འཁོར་བསྐོར་བའི་ཉམས་མྱོང་ཡོད་པ་ཤེས་རྟོགས་བྱུང་རྗེས།  སུང་ཡིག་ཁྲོན་གྱིས་ཁོ་ཚོར་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་མོ5400བེད་སྤྱོད་བྱ་རྒྱུར་སྐུལ་སློང་བྱས་པར་མ་ཟད། མ་དངུལ་ཁག་གཅིག་རང་གྲབས་བྱས་རྗེས་དངོས་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཉོས་ནས་སྤྱིར་བཏང་གི་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུའི་སྐུལ་མ་བཏང་།  སྡེ་མི་པའོ་ཝེ་ལེ་ལ་སྡོད་ཁང་ཐོག་སོ་དང་པོའི་སྟབས་བདེའི་ཆ་རྐྱེན་ཡོད་པ་ཤེས་རྟོགས་བྱུང་རྗེས། སུང་ཡིག་ཁྲོན་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྤྱད་དེ་གོ་རེ་ཚོང་ཁང་གཉེར་རྒྱུའི་སྐུལ་མ་བཏང་།

ལོ་གཅིག་གི་རིང་རོགས་སྐྱོར་བྱས་པ་བརྒྱུད། ཧྲང་གྲོང་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གོང་དུ་འཕེལ་བ་མ་ཟད།  2016ལོའི་ལོ་མཇུག་ཏུ་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་པའོ་ཝེ་ལེ་ཚང་གི་ལོ་གཅིག་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ་12206ལ་སླེབས་པ་དང་། སུང་མན་ཁྲོན་ཚང་གི་ལོ་གཅིག་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ11706ལ་སླེབས། ཁྱིམ་ཚང་དེ་གཉིས་ཀྱི་ལོ་རེའི་ཆ་སྙོམས་ཡོང་འབབ་དེ་ཕེན་ཨན་ཆུའུ་ཡི་དབུལ་ཐར་ཚད་གཞི་ལས་ལྡབ་གཉིས་ལྷག་ཙམ་གྱིས་མཐོ་བ་ཡོད་པས་བདེ་བླག་ངང་དབུལ་ཐར་བྱས་ནས། སུང་མན་ཁྲོན་དང་པའོ་ཝེ་ལེ་སོགས་ཁྱིམ་ཚང་བཞི་དབུལ་ཐར་གྱི་དཔེ་མཚོན་ལ་བརྩིས།

སུང་ཡིག་ཁྲོན་གྱིས་ཕྱིར་དྲན་བྱས་པར་གཞིགས་ན།2015ལོའི་ལོ་མཇུག་ཏུ་ཁོ་དང་སྡེ་སྡོད་ལས་བྱེད་པའི་ཚན་ཆུང་པའོ་ཝེ་ལེ་ཡིས་གླས་ནས་བསྡད་ཡོད་པའི་ཁང་པ་དེའི་ནང་དུ་ཡོང་དུས། སྐབས་དེའི་ཁོར་ཡུག་གིས་ཁོ་ལ་ཚོར་སྣང་སྣ་ཚོགས་ཤིག་སྐྱེད་བྱུང་སྟེ།   མུན་ནག་ཆེ་ལ་བརླན་བཤེར་ལྡན་པའི་ཁང་པའི་ནང་དུ་ཀྲུང་ལུགས་སྨན་རྫས་ཀྱི་དྲི་མས་ཁེངས་ཤིང་།  མལ་ཁྲིའི་སྟེང་དུ་མགོ་སྐྲ་དཀར་པོར་གྱུར་ཞིང་ལུས་ཟུངས་ཟད་པའི་པའོ་ཝེ་ལེ་ཡི་མ་རྒན་ཉལ་འདུག་ཅིང་། ཁང་བའི་ནང་དུ་ཟང་ཟིང་གི་དངོས་པོ་གང་སར་བཞག་ནས་རྐང་པ་སྤོ་སའང་མི་རྙེད་པའི་ཚད་དུ་འདུག  པའོ་ཝེ་ལེ་ཡི་ཨ་མ་ནད་ཕོག་ནས་མལ་སར་ལྷུང་སྟེ་ལོ་ངོ་མང་པོ་འགོར་བས་འཚོ་བར་རང་མགོ་ཐོན་ཐུབ་ཀྱི་མེད།  པའོ་ཝེ་ལེ་ལ་སྒལ་ཚིགས་རེངས་པོར་གྱུར་བའི་ནད་བྱུང་ཡོད་པས་ངལ་རྩོལ་ནུས་ཤུགས་ཀྱི་ཆ་ཤས་ཤོར་ཡོད་པ་རེད། ཁོའི་ཆུང་མར་ཡང་ནད་ཀྱི་དབང་གིས་ལུས་སྟོབས་ཞན་མོད། ཡིན་ཡང་རྒྱུན་དུ་ཕྱི་རོལ་དུ་ལས་ཀ་སྣ་ཚོགས་ལས་པར་འགྲོ་བཞིན་ཡོད།

ཉིན་དེར། པའོ་ཝེ་ལེ་ཡི་མིག་མཐར་ཁྲག་གིས་དམར་མདངས་ཆགས་ཡོད་པ་དང་། ཁོས་སུང་ཡིག་ཁྲོན་ལ་ངས་ད་དུང་དུས་ཡུན་ག་ཚོད་ཅིག་ལ་བཟོད་བསྲན་བྱེད་ཐུབ་མིན་རང་གིས་ཀྱང་དངོས་གནས་མི་ཤེས་ཞེས་སྡུག་གཏམ་བཤད་སྐབས་ཀྱི་པའོ་ཝེ་ལེ་ཡི་སེམས་སྡུག་པའི་གདོང་གི་ཉམས་འགྱུར་དེ་མཐོང་དུས།  སུང་ཡིག་ཁྲོན་གྱིས་རེ་ཞིག་ཁོ་ལ་ཇི་ལྟར་སེམས་གསོ་བྱེད་དགོས་པའང་མི་ཤེས་པར་གྱུར།

ཅུང་ཙམ་གྱིས་ཁོས་པའོ་ཝེ་ལེ་ལ་ང་ཚོས་མཉམ་དུ་ཐབས་བཀོད་འཐེན་ན། ཡོད་ཚད་ཇེ་བཟང་དུ་འགྲོ་ངེས་རེད་ཅེས་སེམས་གསོ་ཙམ་བྱས་རྗེས། སེམས་ཁམས་ལྕི་མོའི་ཚོར་བ་ཞིག་དང་མཉམ་དུ་པའོ་ཝེ་ལེ་ཡི་ཁྱིམ་ནས་ཕྱིར་བུད། ཉིན་དེར་ཁོས་སེམས་ནས་པའོ་ཝེ་ལེ་ཚང་ལྟ་བུའི་ཁྱིམ་ཚང་ལ་ཅི་ནས་ཀྱང་རོགས་སྐྱོར་ཞིག་བྱེད་དགོས་པར་སེམས་ཐག་བཅད།

སུང་ཡིག་ཁྲོན་དང་སྡེ་སྡོད་ལས་བྱེད་པ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་བཅས་ཀྱིས་བརྟག་དཔྱད་དང་བསམ་བློ་ནན་ཏན་བཏང་རྗེས། ་པའོ་ཝེ་ལེ་ལ་གནས་སྤོར་བཀོད་སྒྲིག་ཁང་པ་ཆ་ཚང་ཞིག་ཡོད་པ་དེ་ཐོག་སོ་དང་པོའི་ཁང་པ་ཡིན་པས། གལ་ཏེ་ཚལ་ཚོང་ཁང་ངམ་ཚོང་ཁང་ཆུང་ཆུང་ཞིག་ཕྱེས་ཚེ། ཁོས་ཚོང་རྒྱག་ཞོར་དུ་མ་རྒན་ལ་ལྟ་སྐྱོང་བྱེད་ཐུབ་པ་དང་། ཁོའི་ཆུང་མ་ཡང་ཕྱི་རོལ་ཏུ་ཞོར་ལས་སུ་འགྲོ་མི་དགོས་པས་དེ་ནི་ཁོ་ཚང་ལ་མཚོན་ན་དོན་བཟང་ཞིག་ཡིན་པ་རྟོགས།  བསམ་ཚུལ་དེའི་རྗེས་སུ་ཁོས་སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པར་དུས་ཐོག་ཏུ་པའོ་ཝེ་ལེ་བཙལ་ནས་གྲོས་བསྡུར་བྱེད་དུ་བཅུག  དེ་ལྟར་པའོ་ཝེ་ལེ་ཡིས་ཀྱང་གོ་རེ་དང་ཐུག་པ་སོགས་བཙོང་ནས་ཚོང་རྒྱག་རྒྱུའི་སེམས་ཐག་བཅད། དུས་ཐུང་ལོ་གཅིག་གི་ནང་པའོ་ཝེ་ལེ་ཡི་ཚོང་ཁང་དེར་དཔལ་འབྱོར་ཕན་འབྲས་ཆེས་ཆེར་བྱུང་སྟེ། 2016ལོའི་ལོ་མཇུག་ཏུ་པའོ་ཝེ་ལེ་ཚང་གིས་བདེ་བླག་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པར་གྱུར།

ང་རང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་དེ་དག་གིས་དབུལ་ཐར་གྱི་ཞྭ་མོ་ཕུད་དུས། ངའི་སེམས་སུ་དགའ་སྤྲོ་དང་སྤོབས་པས་ཁེངས་འགྲོ་ཞེས་སུང་ཡིག་ཁྲོན་གྱིས་བཤད།

སྡེ་བའི་མགོ་ཁྲིད་རྣམས་མཐུན་སྒྲིལ་བྱས་ན་འཕེལ་རྒྱས་ལ་རེ་བ་ཡོད།

སུང་ཡིག་ཁྲོན་1997ལོའི་ཟླ་12པར་དམག་ཁོངས་ནས་ཕྱིར་བུད་རྗེས། 2014ལོའི་ལོ་མཇུག་ཏུ་ཞའོ་ཞ་གྲོང་རྡལ་ཧྲང་གྲོང་སྡེ་བའི་ཏང་ཀྲི་པུའུ་རྩ་འཛུགས་ཨུ་ཡོན་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་རེད།

སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་རྗེས་སུ་སུང་ཡིག་ཁྲོན་གྱིས་ལས་པའི་བྱ་བ་དང་པོ་ནི་རང་འགུལ་གྱིས་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། གློག་ཀླད་རང་སྦྱོང་བྱས་ཏེ། རང་ཉིད་ཀྱི་ལས་འགན་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏང་རྒྱུ་དེ་ཡིན་པ་རྟོགས་ཡོད།  སྡེ་བའི་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན་དཔོན་གནས་ཆེན་པོ་མེད་ཀྱང་། ལས་འགན་དཀའ་ཚེགས་ཆེ་བ་དང་འགན་འཁྲི་ལྕི་བས་སྡེ་བའི་ལས་བྱེད་པ་ཡག་པོ་ཞིག་བྱེད་འདོད་ན་ངེས་པར་དུ་ཏང་གི་ད་ལྟའི་དུས་རིམ་གྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་རང་འགུལ་ངང་སློབ་སྦྱོང་བྱས་ནས་འགན་འཁྲི་ནན་སྒྲུབ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་རྩ་འཛུགས་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཅིག་འབུལ་ཐུབ་ཅེས་སུང་ཡིག་ཁྲོན་གྱིས་བཤད།

སྡེ་བའི་མགོ་ཁྲིད་རིམ་པའི་གོང་བུར་འགྲིལ་ཤུགས་དང་མཐུན་སྒྲིལ་གྱི་སྟོབས་ཤུགས། འཐབ་འཛིང་གི་ནུས་ཤུགས་བཅས་ཆེ་རུ་གཏོང་ཕྱིར། སུང་ཡིག་ཁྲོན་གྱིས་ཐོག་མཐའ་བར་གསུམ་དུ་ཆེ་ཕྱོགས་དམིགས་སུ་འཛིན་པ་དང་། མཐུན་སྒྲིལ་བྱེད་པ་དེ་སྟོབས་ཤུགས་གོང་བུར་འགྲིལ་བར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། དུས་རྒྱུན་གྱི་བྱ་བ་དང་འཚོ་བའི་ཁྲོད་ཁོས་སྡེ་བའི་མགོ་ཁྲིད་ཚན་ཁག་གི་མཐུན་སྒྲིལ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་དང་། དོན་དག་དང་འཕྲད་སྐབས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་དེ་བཞིན་མང་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་ལྟ་སྟངས་བསྡུ་ལེན་བྱས་པ། སྡེ་བའི་ནང་གི་བྱ་བ་གལ་ཆེན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བའི་རིགས་ལ“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་གོ་རིམ་ལྟར་ནན་ཏན་གྱིས་ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག་བཅས་ཡོང་བར་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད།

“སྡེ་བའི་མགོ་ཁྲིད་ཚན་ཁག་ལ་མཐུན་སྒྲིལ་ཡག་པོ་ཡོད་ན།བྱ་བ་གང་ཞིག་སྒྲུབ་ཀྱང་ཡིད་ཆེས་དང་རེ་བས་ཁེངས་ཤིང་། དཀའ་ཚེགས་ཆེ་བའི་བྱ་བ་ཅི་ཞིག་ལ་འཕྲད་ཀྱང་དེ་ལས་རྣམ་པར་རྒྱལ་ཐུབ།  གལ་སྲིད་སྡེ་བའི་མགོ་ཁྲིད་པའི་བར་དུ་མཐུན་སྒྲིལ་མེད་ཚེ་བྱེ་མའི་གོང་བུ་བཞིན་དུ་སོ་སོར་འཐོར་འགྲོ་བས་དོན་དག་ཅི་ཡང་བསྒྲུབ་མི་ཐུབ་ཅིང་། དེ་ལས་ཀྱང་འཕེལ་རྒྱས་དང་འབྱོར་འབྲིང་གི་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུ་ནི་སྟོང་གཏམ་ཁོ་ན་རེད་ཅེས་སུང་ཡིག་ཁྲོན་གྱིས་བཤད།

2017ལོའི་ལོ་མཇུག་ཏུ་སུང་ཡིག་ཁྲོན་ཧྲང་ཏེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་རེད། སྐབས་དེར་ཧྲང་ཏེན་སྡེ་བ་ནི་ས་ཆ་བསྡུ་སྤྱོད་དང་གནས་སྤོར་བྱེད་དགོས་པའི་སྡེ་བའི་ཁོངས་སུ་གཏོགས་པ་དང་།  ཕལ་ཆེར་ཁྱིམ་ཚང་རེར་བཀོད་སྒྲིག་ཁང་པ་གཉིས་རེ་ཡོད་ཅིང་སྡེ་མི་རྣམས་ལ་བཀོད་སྒྲིག་བྱས་ཚར་རྗེས་ཁང་པ་ལྷག་མ་རྣམས་བེད་མེད་དུ་ལུས་པའི་སྣང་ཚུལ་ཐོན་ཡོད།

གནས་ཚུལ་དེ་རིགས་ལ་དམིགས་ནས་སུང་ཡིག་ཁྲོན་གྱིས་ཁྱིམ་ཚང་མགྲོན་ཁང་ཕྱེས་པ་རེད། སུང་ཡིག་ཁྲོན་གྱིས་གསར་འགོད་པར་ཁྱིམ་ཚང་མགྲོན་ཁང་ནི་གསར་དར་ལས་རིགས་ཤིག་པས་ཐོག་མར་ཁོས་དེའི་སྐོར་ལ་བསམ་བློ་མང་པོ་བཏང་མཐར་བསྒྲུབས་པ་ཡིན། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་སྐབས་དེ་དུས་ཡོང་འབབ་སྒོར་མོ་ཁྲི་བཞི་ལྷག་ཙམ་བྱུང་བ་དང་། ལས་རིགས་དེར་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་ལྡན་པས་སྡེ་བའི་ནང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་གསུམ་ལས་རིགས་དེའི་ནང་ཞུགས་རྒྱུར་ཧུར་ཐག་སྒོས་ཁྲིད་སྟོན་བྱས་པ་ཡིན། མིག་སྔར་སྡེ་བའི་ནང་དུ་ཁྱིམ་ཚང་མགྲོན་ཁང་19ཕྱེས་ཡོད་པ་མ་ཟད།ཁྱིམ་ཚང་མགྲོན་ཁང་མཐུན་ཚོགས་བཙུགས་ནས། ཏང་ཡོན་དང་མང་ཚོགས། མཐུན་ཚོགས་དང་ཞིང་ཁྱིམ་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ཏང་འཛུགས་སྐྲུན་གྱི་སྲོག་ཤིང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྨ་ཙོང་གྲོང་རྡལ་ཆུང་ངུའི་སྤུས་རྟགས་ཀྱི་དམངས་གཉེར་ཐོན་ལས་གསར་གཏོད་བྱེད་པ་དང་། དེ་ནས་རིམ་བཞིན་རྒྱ་བསྐྱེད་དེ་མང་ཚོགས་དེ་བས་མང་པོ་ཞིག་ལས་རིགས་དེའི་ནང་ཞུགས་སུ་བཅུག་སྟེ། མི་མང་པོ་ཞིག་ལ་ཕན་འབྲས་དངོས་ཐོབ་ཏུ་བཅུག་པ་ཡིན་ཟེར།

ང་ནི་ཏང་ཡོན་ཡིན་པས་མདུན་དུ་མཆོང་དགོས།

ཀྲི་པུའུ་རེ་ནི་འཐབ་འཛིང་གི་བཙན་རྫོང་རེ་ཡིན་པ་དང་ཏང་ཡོན་རེ་ནི་གདོང་ལེན་འཐབ་འཛིང་པ་རེ་ཡིན་ཞིང་། མདུན་དུ་མཆོང་རྒྱུ་ནི་དུས་ནམ་ཡང་གུང་ཁྲན་ཏང་མིའི་བསམ་པའི་གཞི་རྒྱུ་ཡིན།

ན་ནིང་གི་ལོ་སར་སྐབས་སུ།  པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་ཀྱི་དུས་སྐབས་དང་པོའི་ནང་།  སུང་ཡིག་ཁྲོན་གྱིས་མགྱོགས་མྱུར་ངང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་རྣམས་བསྡུས་ནས་ཚོགས་འདུ་ཚོགས་ཏེ།  རིམས་ནད་སྔོན་འགོག་གི་བྱེད་ཐབས་སྣ་ཚོགས་བཏོན་པར་མ་ཟད། སྡེ་བའི་ཏང་ཀྲི་པུའུ་ཡི་སྐད་འཕྲིན་ཚོགས་པའི་ནང་དུ་སྐད་མཐོན་པོས“ཏང་ཡོན་ཡིན་པས། ང་ཡི་རྗེས་སུ་འབྲངས་ནས་མདུན་དུ་མཆོངས་”ཞེས་དང་།“ཏང་གི་དར་ཆ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྔོན་འགོག་དམག་འཐབ་ཁྲོད་དེ་བས་བཀྲག་མདངས་ལྡན་པ་ཞིག་ཡོང་བར་བྱེད་དགོས”ཞེས་པའི་འབོད་སྐུལ་སྒྲོག་བཞིན།  ཏང་ཡོན་རྣམས་ལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ ཚོད་འཛིན་གྱི་དམག་འཐབ་ཁྲོད་ཞུགས་དགོས་པའི་འབོད་སྐུལ་བཏང་།

ཁོས་གྲོས་འདོན་ཡི་གེའི་ནང་“ཏང་ཡོན་རེ་རེ་ནི་འཐབ་འཛིང་པ་རེ་ཡིན་ཞིང་།ད་ལྟ་ང་ཚོའི་ཏང་ཡོན་གྱིས་སྣེ་ཁྲིད་པའི་ནུས་པ་འདོན་པའི་དུས་ལ་སླེབས་ཡོད་”ཅེས་བྲིས་ཡོད། ་གནས་ཚུལ་དེ་ཐོས་རྗེས་སུ་སྡེ་བ་ཡོངས་ཀྱི་ཏང་ཡོན་གྱིས་འཚང་ཁ་ཤིག་ཤིག་ངང་མིང་ཐོ་བཀོད་ནས་དྲིལ་སྒྲོག་དང་སྐོར་གཡེང་བྱེད་པ།  དེ་བཞིན་ཕྱི་ཕྱོགས་ནས་ཡོང་བའི་མི་དང་རླངས་འཁོར་གྱི་རིགས་ལ་ཞིབ་བཤེར་དང་ཐོ་འགོད་བྱེད་པ་སོགས་ཀྱི་བྱ་བ་ཧུར་ཐག་གིས་བསྒྲུབས།    ཡུལ་མི་ཚོ། ཞོགས་ངས་བཤད་ཟིན། ཚང་མས་གསལ་བོར་ཉན་རོགས།  ས་ཆ་གཞན་དུ་ཞོར་ལས་གཉེར་ནས་ད་ལྟ་ཕྱིར་ལོག་ཡོང་མཁན་ཚོ་མི་གཞན་དང་འབྲེལ་འདྲིས་མི་བྱེད་པ་དང་། ཚང་མ་འདུ་འཛོམས་བྱེད་མི་ཆོག་ཅེས་ཁོས་དུས་ཚོད་གཏན་འཁེལ་བྱས་ནས་སྡེ་མི་རྣམས་ལ་དེ་ལྟར་སྒྲོག་བཞིན་བྱ་བ་སྣ་ཚོགས་ལ་བྲེལ་བཞིན་ཡོད་པས་ཟ་མ་ཟ་བའི་ཁོམ་ལོང་ཡང་མི་འདུག

ཞའོ་ཞ་གྲོང་རྡལ་གྱི་ཁྱིམ་ཚང་མགྲོན་ཁང་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སུང་ཡིག་ཁྲོན་གྱིས་སྡེ་བའི་ནང་གི་ཁྱིམ་ཚང་མགྲོན་ཁང་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩ་དང་གཙོ་གནད་ཡིན་པ་གསལ་བོར་ཤེས་ཡོད།  2020ལོའི་ལུགས་རྙིང་ལོ་སར་གྱི་ཚེས་གཅིག་ཉིན་གྱི་ཞོགས་པ་སྔ་མོ་ནས་ཁོས་སྡེ་བ་དེ་ཡོངས་ཀྱི་ཏང་ཡོན་རྣམས་བསྡུས་ཏེ། གྲོང་རྡལ་དེ་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་ཞིང་ཁྱིམ་95ལ་ཁྱིམ་ཚང་རེ་རེ་བཞིན་དུ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྒྲོག་འགྲེལ་བྱས་ནས། ཚང་མར་རིམས་ནད་སྔོན་འགོག་བྱེད་པའི་རིང་ལས་མགོ་ཅི་ཡང་མི་རྩོམ་རྒྱུའི་འབོད་སྐུལ་བཏང་། གལ་སྲིད་སྡེ་མི་ལ་ལས་ཁོ་ཚོར་རམ་འདེགས་མི་བྱེད་པའི་གནས་ཚུལ་དང་འཕྲད་སྐབས།  ཁོས་ངང་རྒྱུད་རིང་ལ་ཞིབ་ཚགས་ལྡན་པའི་ངང་ནས་ཡང་དང་ཡང་དུ་ཁོ་ཚོར་ཁ་ཏ་དང་སློབ་གསོ་གཏོང་བཞིན་ཡོད།   རྒན་པོ་ལུག་ཚང་ནི་ཏང་ཡོན་གྱིས་ཕྱེས་པའི་ཁྱིམ་ཚང་མགྲོན་ཁང་ཞིག་ཡིན་ཕྱིར་སྔ་མོ་ནས་ལས་མཚམས་བཞག་སྟེ་སྒོ་བརྒྱབ་འདུག ཁྱོད་ཚོས་ལྟོས་དང་། དེ་ནི་ང་ཚོའི་ཁས་ལེན་དང་དམ་བཅའ་ཡིན། གལ་སྲིད་དོན་དག་འདི་རིགས་ང་ཚོ་ཏང་ཡོན་རང་ཉིད་ཀྱིས་སྒྲུབ་མ་ཐུབ་ན་ཇི་ལྟར་བྱས་ནས་མང་ཚོགས་ལ་བསྒྲུབ་དགོས་པའི་བླང་བྱ་འདོན་དགོས་སམ། ང་ཚོས་ངེས་པར་དུ་སྣེ་ཁྲིད་ཡག་པོ་བྱེད་དགོས་ཞེས་ སུང་ཡིག་ཁྲོན་གྱིས་བཤད། སྡེ་བ་དེའི་ཁྱིམ་ཚང་མགྲོན་ཁང་མཐའ་མ་དེས་ལས་གཉེར་བྱེད་མཚམས་བཞག་རྗེས་ད་གཟོད་ཁོའི་སེམས་ཁམས་བདེ་ལ་འབབ་ཐུབ་ཙམ་བྱུང་།

སུང་ཡིག་ཁྲོན་རྒྱུན་དུ་མཚན་མོ་ད་གཟོད་ཁྱིམ་དུ་ལོག་བཞིན་ཡོད་ཅིང་། ཁོའི་ཆུང་མས་སྐབས་འགར་ཁོ་ལ་སྡེ་བ་འདིར་ཁྱོད་རང་མེད་ཀྱང་སྔར་བཞིན་ཀུན་གྱིས་འཚོ་བ་རོལ་ཐུབ་ནི་རེད་ཅེས་འཁང་ར་བྱེད་སྐབས། ཁོས་ང་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པས་སྡེ་བའི་ཏང་ཡོན་དང་མང་ཚོགས་རྣམས་ཀྱི་བརྟེན་ས་གཙོ་བོ་ཡིན།  དེ་བས་སྡེ་བའི་འཕེལ་རྒྱས་ལ་བརྩོན་ལེན་བྱས་ཏེ་སྡེ་དམངས་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་རྒྱུ་ནི་ང་ཡི་འདོར་ཐབས་མེད་པའི་འགན་འཁྲི་ཡིན་ཞེས་གད་མོ་དགོད་བཞིན་དུ་ཆུང་མར་དེ་ལྟར་དུ་ལན་འདེབས་བཞིན་ཡོད།

2020ལོར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་། སུང་ཡིག་ཁྲོན་གྱིས་ཉིན་རྒྱུན་ལས་གནས་སུ་ལོག་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ལུས་པོ་ཐང་ཆད་ཚེ་གུར་ནང་དུ་ཏོག་ཙམ་ཉལ་ནས་ངལ་གསོ་བ་དང་ཕོ་བ་ལྟོགས་ཐེངས་རེ་ལ་སྟབས་ཐུག་དཀར་ཡོལ་གང་རེ་འཐུང་གི་ཡོད། གྲོང་རྡལ་གྱི་མགོ་ཁྲིད་པ་དང་ཏང་ཡོན་གཞན་དག་གིས་ཁོ་ལ་ངལ་གསོ་བར་འགྲོ་དགོས་པའི་ཁ་ཏ་ཐེངས་མང་བྱས་ཀྱང་། ཁོས་རྒྱུན་དུ་ཨུ་ཚུགས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ད་དུང་མཇུག་སྒྲིལ་མེད་པས་ང་རང་ངལ་གསོ་ཁོམ་མི་འདུག་ཅེས་བཤད་ཀྱི་ཡོད།  དེ་ལྟར་ཟེར་བཞིན་སུང་ཡིག་ཁྲོན་གྱིས་ཉིན་མཚན་63ལ་བསྟུད་མར་ལས་ཀ་ལས་ནས་ལས་འགན་སྣ་ཚོགས་ཆད་ལུས་མེད་པར་བསྒྲུབས།

རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ནས། ཉེན་ཁ་ཆེ་བའི་དུས་སྐབས་སུ་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་འཁུར་སེམས་གང་ལེགས་སྒོས་མངོན་པར་བྱས།   2020ལོའི“བདུན་གཅིག”གི་སྐབས་སུ་སུང་ཡིག་ཁྲོན་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་སྒྲིག་འཛུགས་བྱས་པའི་ཏང་གི་སློབ་ཚན་ཁྲིད་མགོ་ཚུགས་པའི་བྱེད་སྒོར་ཞུགས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ལ་སྐོར་སྐྱོད་སློབ་ཁྲིད་བྱས་པ་རེད།

                                                                              ཡིག་སྒྱུར་བ། གཡང་འབུམ་རྒྱལ།