མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ།
2021.06.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་མཛད་སྐབས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པ་བཅས་བྱེད་ན། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས། ཐོན་ཁུངས་དང་ནུས་ཁུངས་ཀྱི་བདེ་འཇགས་བཅས་ནི་ལྷག་པར་གལ་ཆེ། རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་ཆགས་སྟངས་ལེགས་བསྒྱུར། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། དོན་དངོས་དང་ཟུང་སྦྲེལ་བྱེད་པ། དགེ་སྤེལ་སྐྱོན་སྤང་བཅས་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་མདུན་སྐྱོད་ཀྱི་ཁ་ཕྱོགས་སུ་བརྩིས་ཏེ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མངོན་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་བྱེད་པ་བརྗོད་གཞི་བྱེད་པ་ནི། རང་རྒྱལ་གྱི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་འཕོ་འགྱུར་གཏིང་ཟབ་ཐེངས་ཤིག་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཁོ་ན་ཙམ་མ་ཡིན་པར། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་བཏོན་པའི་སྤྱིའི་བླང་བྱ་ཡིན། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ལ་བཏོན་པའི་བླང་བྱ་མ་ཡིན་པར། ས་ཁུལ་ཡོངས་འཕེལ་རྒྱས་འབྱུང་བར་ངེས་པར་དུ་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་བླང་བྱ་ཡིན། གནས་སྐབས་ཤིག་དང་དོན་དག་གཅིག་གི་ཐད་བཏོན་པའི་བླང་བྱ་མ་ཡིན་པར། ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་ཡིན། ང་ཚོས་མཐོ་སྒང་གི་དམིགས་བསལ་ཁྱད་འཕགས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། འབད་པ་ཆེན་པོས་གསར་དར་ཐོན་ལས་སྐྱེད་སྲིང་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་པ་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི་རྩེར་སོན་པའི་ནུས་ཁུངས་གཙང་མའི་ཐོན་ལས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ས་གནས་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ས་ཁུལ་བཅས་འཛུགས་དགོས། ཚན་རྩལ་སྒྲིག་གཞིའི་རྐྱེན་སྲོལ་བཅོས་བསྒྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་དང་གྲུབ་འབྲས་འཕོ་འགྱུར་ནུས་ཚད་ཆེ་རུ་གཏོང་བ། གསར་སྐྲུན་རང་བཞིན་གྱི་འཇོན་མི་གསོ་སྐྱོང་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། ཏང་ཀྲུང་དབྱང་གི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་སྤེལ་བྱས་པའི་ཐད་གྲུབ་པའི་ཆགས་སྟངས་གསར་པ་དང་། མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་པ་དང་། རང་འགུལ་གྱིས་འབྲི་ཆུ་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ཁྱབ་ཁོངས་ཀྱི་འཐབ་ཇུས་འགངས་ཆེན་དང་མཐུད་དེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་གཏོང་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་བྱེད་ན། ཆེས་ཁྱད་ཆོས་ལྡན་པའི་ཐོན་ལས་དང་། ཆེས་གསོན་ཤུགས་ལྡན་པའི་ཁེ་ལས་ལེགས་འཛིན་བྱེད་མཁས་དགོས་ལ། ཁྱད་ལྡན་ཐོན་ལས་ཀྱིས་སྤུས་བཟང་ཁེ་ལས་གསོ་སྐྱོང་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་ཀྱིས་ཐོན་ལས་མཐོར་འདེགས་ལ་སྐུལ་ཁྲིད་བྱེད་དགོས། མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ན་ནུས་པ་འདོན་ས་མང་ལ། རེ་བའང་ཆེན་པོ་ཡོད་པ་རེད། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་ཁོར་ཡུག་བསྐྲུན་པར་འབད་པ་ཆེན་པོས་སྐུལ་འདེད་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། ང་ཚོས་གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཆེས་གལ་ཆེ་བར་འཇོག་པ་དང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་གྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱས་ཏེ། ལག་རྩལ་དང་རྒྱུ་སྤུས། ཆས་རྟགས་ཐོད་བརྒལ་བྱེད་པ་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་དཔལ་འབྱོར་གྱི་སྒྲུབ་སྟངས་ལེགས་པོ་བསྒྲུབ་པ་དང་། སྐྱེ་ཁམས་དཔལ་འབྱོར་དང་འཁོར་རྒྱུག་དཔལ་འབྱོར། གྲངས་ཚད་དཔལ་འབྱོར། སྟེགས་བུའི་དཔལ་འབྱོར་བཅས་འབད་པ་ཆེན་པོས་གསོ་སྐྱོང་བྱས་ཏེ། གསར་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དུ་འཇུག་དགོས།

མི་དམངས་ཀྱི་བདེ་སྐྱིད་དང་ཕན་བདེ་ཇེ་མང་དུ་གཏོང་བ་དང་། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་ནི་ང་ཚོའི་ཏང་གིས་ཏང་འཛུགས་པ་མི་དམངས་ཀྱི་ཆེད་ཡིན་པ་དང་། སྲིད་གཉེར་བ་མི་དམངས་ཀྱི་དོན་ཡིན་པའི་ངོ་བོའི་བླང་བྱ་ཡིན། མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་དང་མི་དམངས་ལ་དམ་པོར་བརྟེན་དགོས་པ། རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། ཐུན་མོང་ཕྱུག་འགྱུར་ཏན་ཏིག་གིས་སྐུལ་སྤེལ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་རེར་འཕེལ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཆེས་ལེགས་པའི་སྒོ་ནས་ཚིམ་དུ་འཇུག་པའི་འཕེལ་རྒྱས་དེ་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་དང་ཕན་བདེ་ཇེ་མང་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་དགོས་མཁོ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དངོས་འབེབས་བྱས་ཏེ། དམངས་ཚིས་ཕན་བདེ་མང་དུ་བསྒྲུབ་པ་དང་། དམངས་ཚིས་དཀའ་གནད་མང་དུ་སེལ་དགོས། དམངས་ཚིས་མི་འདང་ས་ཁ་གསབ་བྱས་ནས། དམངས་ཚིས་བདེ་སྐྱིད་དང་ཕན་བདེ་ཇེ་མང་དུ་བཏང་སྟེ། ལས་ཞུགས་དང་ཡོང་འབབ་བགོ་བཤའ་བཅས་ཀྱི་གནད་དོན་གཅིག་གྱུར་འཆར་འགོད་སྒོས་ཐག་བཅད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་སྲུང་གཉིས་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱེད་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་སྤེལ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས།

རྒྱང་སྐྱོད་འཐབ་ལམ་གསར་པར་སྤོབས་པ་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་ནི་གནས་སྐབས་ཤིག་གི་བྱེད་ཐབས་མིན་ལ། ཉིན་གཅིག་གི་ལས་ཀ་ཡང་མིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་རྩ་བའི་ཕྱོགས་སྟོན་དུ་བརྩིས་ཏེ། འགན་འཁྲི་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་ལེན་བྱེད་པ་དང་། ཐེག་ཁུར་ཕོད་པའི་ངང་ལས་འགན་ལག་བསྟར་བྱས་ཏེ། ཏང་དང་དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འབད་བརྩོན་གྱིས་གསར་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།