“བདུན་གཅིག་གཟེངས་རྟགས”གནང་པའི་མཛད་སྒོའི་སྟེང་གི་གསུང་བཤད།
2021.06.30 ཁུངས། ཀློག་གྲངས། 20

ཞི་ཅིན་ཕིང་།

བློ་མཐུན་རྣམ་པ།

དེ་རིང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ང་ཚོས་འདི་རུ་གཟབ་རྒྱས་ངང་མཛད་སྒོ་བསྡུས་ཏེ་ཏང་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་ཆེན་པོ་བཞག་པའི་གུང་ཁྲན་ཏང་ཡོན་ལ་ཏང་ནང་གི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཡིན།

ཐོག་མར། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས“བདུན་གཅིག་གཟེངས་རྟགས”ཐོབ་མཁན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་རྒྱུ་དང་། བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

ཟླ6ཚེས29ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་གཟེངས་རྟགས”གནང་པའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་།

ལོ་ངོ་བརྒྱ་ཡི་རིང་ལ། ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་གྱི་ལས་འགན་ལག་བསྟར་བྱ་རྒྱུའི་དམ་བཅའ་བཞག་པ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་བགྲོད་ལམ་བཏོད་པ་དང་། རླབས་ཆེན་གྱི་བྱས་རྗེས་བཞག་པ། རླབས་ཆེན་གྱི་སྙིང་སྟོབས་གསར་སྐྲུན། རྩ་ཆེའི་ཉམས་མྱོང་གསོག་འཇོག་བཅས་བྱས་པས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་ལོ་རྒྱུས་ཐོག་བརྗིད་ཉམས་ལྡན་པའི་ལེའུ་བྲིས་པ་རེད།

ལོ་ངོ་བརྒྱ་ཡི་རིང་ལ། མི་རབས་ནས་མི་རབས་བར་གྱི་ཀྲུང་གོའི་གུང་ཁྲན་ཏང་མིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་ཆེད། སྔོན་འགྱེལ་རྗེས་འགྲེང་དང་ཁྲག་བཏོན་དམར་འཛིང་། དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་རི་ཀླུང་ཁྱུར་མིད་གཏོང་ཐུང་པའི་སྙིང་སྟོབས་ཀྱིས་དཔའ་བོའི་གླུ་དབྱངས་བརྩམས་པ་རེད།

དེ་རིང་གཟེངས་བསྟོད་ཐོབ་པའི“བདུན་གཅིག་གཟེངས་རྟགས”ཐོབ་མཁན་རྣམས་ནི་འཐབ་ཕྱོགས་སོ་སོའི་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན་ལ། ཁོང་ཚོའི་ལུས་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་མིས་དད་སེམས་བརྟན་པོ་དང་དམིགས་ཡུལ་ལག་ལེན། འབད་འཐབ་བྱས་རྗེས། སྤྱོད་གཙང་གཞུང་དྲང་བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་དང་བླ་ན་མེད་པའི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་ཡོད།

ཟླ6ཚེས29ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་གཟེངས་རྟགས”གནང་པའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་།

དད་སེམས་ཇེ་བརྟན་དུ་གཏོང་བ་ནི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། བློ་སྟོབས་མི་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕུགས་བསམ་དད་སེམས་བཅངས་བ་དང་། ཏང་དང་མི་དམངས་ལ་སེམས་གཏིང་ནས་བློ་དཀར་བ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་གོང་བཀུར་དང་དགའ་ཞེན་བྱ་རྒྱུ་དེ་སེམས་སུ་བརྟན་པོར་ངེས་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་འབུལ་བ་དང་ཐ་ན་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་ཐུབ་པ་དང་། ཏང་གི་ཕུགས་བསམ་དད་སེམས་ཀྱི་ཆེད་དུ་ཞུམ་མེད་འབད་འཐབ་དང་འབད་ བརྩོན་ལྷོད་མེད་བྱ་རྒྱུ་དེ་རེད།

སེམས་ཁོང་དུ་དད་མོས་ཡོད་ན་རྐང་འོག་ལ་སྟོབས་ཤུགས་ལྡན། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་མར་ཁེ་སི་རིང་ལུགས་ལ་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བྱ་རྒྱུ་དེ་ཚེ་གང་གི་དོན་གཉེར་དུ་བརྩིས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་ཡིད་ཆེས་དང་། ཏང་ལ་དགའ་ཞེན། ཏང་ལ་བརྩི་འཇོག་བཅས་བྱས་ནས། རང་ཉིད་ཀྱི་ལས་གནས་ཐོག་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ཏེ། བླ་ན་མེད་པའི་ཕུགས་བསམ་གྱི་ཆེད་དུ་འབད་འཐབ་བྱེད་པའི་ལག་ལེན་དེ་རྒྱུན་ཆད་མེད་པར་མདུན་དུ་སྐུལ་འདེད་གཏོང་དགོས།

དམིགས་ཡུལ་ལག་ལེན་བྱེད་པ་ནི་མི་དམངས་ལ་བརྩེ་དུང་ཟབ་མོ་བཅངས་ནས་སེམས་སུ་མི་དམངས་བཅངས་བ་དང་། མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ། མང་ཚོགས་ཀྱི་ཆེད་དུ་བསམ་བློ་གཏོང་བ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་སེལ་བ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། བློ་བརྟན་འགྱུར་མེད་ངང་མང་ཚོགས་ལ་རྒྱབ་རྟེན་བྱེད་པ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ། དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི་བདག་མེད་ཞུམ་མེད་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བླ་མེད་ཀྱི་བརྩེ་སེམས་མཚོན་པར་བྱ་རྒྱུ་དེ་རེད།

རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་དང་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རྒྱུ་དང་བྱ་བ་བཟང་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས།

འབད་འཐབ་ལྷོད་མེད་ཀྱིས་བྱས་རྗེས་འཇོག་པ་ནི་རང་ནུས་ཡོད་ཚད་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་འབུལ་རྒྱུ་དང་འགན་འཁྲི་གཙང་སྒྲུབ་བྱ་རྒྱུ་དེ་མི་ཚེའི་དམིགས་འབེན་དུ་བརྩིས་ནས། དཀའ་ཁག་དང་ཉེན་ཁར་མི་སྐྲག་པ་དང་། རང་སྲོག་བློས་གཏོང་ཕོད་པ། དཀའ་སྤྱད་དངོས་སྒྲུབ་དང་དཔའ་ངར་ཞུམ་མེད་བཅས་བྱས་ནས་གུང་ཁྲན་ཏང་མིའི་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་རྩོད་སྙིང་སྟོབས་གང་ལེགས་སྒོས་མངོན་པར་བྱ་རྒྱུ་དེ་རེད།

རླབས་ཆེན་གྱི་བྱ་གཞག་ཇི་ཙམ་གཉེར་བར་དེ་ཙམ་གྱིས་འགྲན་སློང་གིས་ཁེངས་ཡོད་ལ།  འགན་འཁྲི་དེ་བས་ཀྱང་ལྕི་བ་ཤེས་དགོས།   ཏང་ཡོངས་ཀྱི་བློ་མཐུན་ཚང་མས་“དཀའ་ཁག་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་བསྐྱོད”པའི་དཔའ་བོའི་བློ་སྟོབས་རྒྱུན་འཁྱོངས་དང་།  འཇིག་རྟེན་གསར་བ་ཞིག་ལ་སྒྱུར་ཕོད་པའི་འབད་འཐབ་ཀྱི་བློ་སྟོབས་རྒྱུན་འཁྱོངས། དཀའ་སྤྱད་སྡུག་རུས་ཀྱིས་ལས་དོན་སྒྲུབ་པ།  མཁྲེགས་གཏོར་དཀའ་སེལ་བཅས་བྱས་ནས་ཏང་དང་མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་ཧུར་ཐག་གིས་བསྐྲུན་དགོས།

སྤྱོད་གཙང་སྤྱི་གཞོལ་ཞེས་པ་ནི་གུང་ཁྲན་ཏང་མིས་དཀའ་སྤྱད་བབ་ཆགས་དང་། སྤྱི་བསམ་སྒེར་བརྗེད་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། བྱས་རྗེས་འཇོག་མཁན་རང་ཉིད་གཅིག་པུར་མི་བརྩི་བ་དང་། སྒེར་གྱི་ཐོབ་ཤོར་ལ་མི་བལྟ་བ། ལོངས་སྤྱོད་ཁོ་ན་མི་བསམ་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་བརྩི་བ་བཅས་བྱས་ཏེ། གུང་ཁྲན་ཏང་མིར་ལྡན་དགོས་པའི་ཀུན་སྤྱོད་ཀྱི་ཉམས་འགྱུར་གསོན་ཉམས་དོད་པོས་མཚོན་པ་དེ་ཡིན།

གུང་ཁྲན་ཏང་མིར་མི་གཤིས་ཀྱི་སྟོབས་ཤུགས་ཡོད་ན་ད་གཟོད་དམངས་སེམས་འགུག་ཐུབ་ངེས། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་ཀུན་སྤྱོད་གསལ་པོ་དང་། སྤྱི་སེམས་སྲུང་བ། མི་སྒེར་གྱི་ཀུན་སྤྱོད་ནན་འཛིན་བྱེད་པ་བཅས་བྱས་ཏེ། མི་གཙང་མར་བྱེད་པ་དང་། བྱ་བ་བཟང་པོར་སྒྲུབ་པ། རང་གཅུན་བྱས་ནས་སྤྱི་ཕན་སྒྲུབ་པ། གྲོན་ཆུང་རང་གཅུན་བྱེད་པ། གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་བཞིན་ནམ་ཡང་སྲུང་འཛིན་བྱེད་དགོས།

“བདུན་གཅིག་གཟེངས་རྟགས”ཐོབ་མཁན་ཚང་མ་མི་དམངས་ཀྱི་ཁྲོད་དུ་བྱུང་ཞིང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཡོད་པས། དེ་དག་ནི་རང་གི་འགན་འཁྲིའི་ལས་གནས་སྟེང་རྐང་ཚུགས་པ་དང་གྲགས་མེད་འགུལ་མེད་ངང་བྱས་རྗེས་སྐྲུན་པའི་སྤྱིར་བཏང་གི་དཔའ་བོ་དག་རེད། ཁོང་ཚོའི་བྱས་རྗེས་ནི་སློབ་སྦྱོང་དང་ལག་ལེན་བྱེད་ཆོག་པ་ཞིག་དང་། ཁོང་ཚོའི་སྙིང་སྟོབས་ནི་འཚོལ་སྙེག་དང་མིག་དཔེར་འཇོག་འོས་པ་ཞིག་རེད། ཁོང་ཚོས་བྱ་སྤྱོད་དངོས་ལས་ཕུགས་བསམ་དད་སེམས་བརྟན་པོ་དང་། འབད་འཐབ་ཀྱི་འདུན་པ་བརྟན་པོ། སེམས་ཤུགས་བརྟན་པོ་བཅས་བྱས་ཡོད་ཚེ། ནམ་རྒྱུན་སྤྱོད་ཚུལ་བཟང་པོ་མཐོང་ཐུབ་པ་དང་གནད་འགག་སྐབས་སུ་རང་གཤིས་མངོན་ཐུབ་པ། ཉེན་ཁའི་སྐབས་སུ་སྔོན་དུ་མཆོངས་ཐུབ་པ་བཅས་བྱས་ཏེ། ཏང་ཡོན་རེ་རེས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་ཏང་དང་མི་དམངས་ལ་བྱས་རྗེས་འཇོག་ཐུབ་པ་ར་སྤྲོད་བྱས་ཡོད།

བློ་མཐུན་རྣམ་པ།

དུས་རབས་གསར་བར་དཔའ་བོ་དགོས་པ་མ་ཟད། དུས་རབས་གསར་བ་ནི་དཔའ་བོ་འབྱུང་ངེས་པ་ཐག་ཆོད་ཡིན་པའི་དུས་རབས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་། མི་རིགས་ཀྱི་སྲོག་ཤིང་ལྟ་བུ་ཞིག་ཏུ་འགྱུར་དགོས་ན། ཏང་ཡོན་དཔུང་སྡེ་ངེས་པར་དུ་སྲ་མཁྲེགས་ལྡན་པ་ཞིག་ཡིན་དགོས། གཟེངས་རྟགས་ཐོབ་པའི་བློ་མཐུན་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་གྲུབ་འབྲས་དར་སྤེལ་བཏང་སྟེ། གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱ་དགོས་པར་རེ་བ་བཏོན་ཡོད་པ་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བྱ་བ་དང་འཚོ་བའི་སྟེང་གཟེངས་རྟགས་ཐོབ་པའི་ཏང་ཡོན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། “བདུན་གཅིག་གཟེངས་རྟགས”ཐོབ་མཁན་གྱི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་ཀུན་སྤྱོད་དྲིལ་སྒྲོག་ཤུགས་ཆེན་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སྔོན་ཐོན་ལ་བརྩི་མཐོང་དང་། སྤྱོད་ཡོན་གཉིས་ལྡན་ལ་མིག་དཔེ་ལྟ་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ངོ་བོ་དང་དམིགས་འབེན་ཡིད་ལ་བརྟན་པོར་བཅངས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བར་སྐུལ་མ་བཏང་ནས་འབད་བརྩོན་ལྷོད་མེད་དང་། ནམ་ཡང་འབད་འཐབ་བྱེད་པར་སྐུལ་ལྕག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་བའི་སྟེང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།