ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པར་བསམ་བློའི་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
2021.07.19 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 8

 ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པར་བསམ་བློའི་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 བཀྲམ་པ་རེད།

《བསམ་འཆར》ནང་བསྟན་དོན། བསམ་བློའི་ཆབ་སྲིད་ལས་དོན་ནི་ཏང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས། མངོན་གསལ་དོད་པའི་ཆབ་སྲིད་ཀྱི་དགེ་མཚན་བཅས་ཡིན་ལ་ལས་དོན་མཐའ་དག་གི་སྲོག་རྩ་ལྟ་བུའང་ཡིན། བསམ་བློའི་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་རྒྱུ་ནི་ཏང་གི་མདུན་ལམ་དང་ལས་དབང་། རྒྱལ་ཁབ་ཡུན་རིང་བདེ་འགོད། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་བཅས་དང་འབྲེལ་བ་ཡོད། 《བསམ་འཆར》ནང་སྤྱིའི་བླང་བྱ་དང་། བསམ་བློའི་ཆབ་སྲིད་ལས་དོན་དེ་ཏང་སྐྱོང་རྒྱལ་སྐྱོང་གི་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་། བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། གཞི་རིམ་གྱི་བསམ་བློའི་ཆབ་སྲིད་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། དུས་རབས་གསར་པར་བསམ་བློའི་ཆབ་སྲིད་ལས་དོན་གྱི་དྲང་སྲུང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བསམ་བློའི་ཆབ་སྲིད་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་གནས་བབ་ཆེན་པོ་གཏོད་པ་བཅས་ནང་དོན་ཁག་དྲུག་ཚུད་ཡོད།

《བསམ་འཆར》ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བསམ་བློའི་ཆབ་སྲིད་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་ནས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ནས་སྐུལ་འདེད་བཏང་བས། བསམ་བློའི་ཆབ་སྲིད་ལས་དོན་གྱི་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ངར་ཤུགས་འཕེལ་བ། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱུང་བ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐོག་གི་མཐུན་སྒྲིལ་གཅིག་གྱུར་སྔར་ལས་སྲ་བརྟན་དུ་ཕྱིན་པ། རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་སྤྱི་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

《བསམ་འཆར》ནང་གསལ་བོར་བསྟན་དོན། དུས་རབས་གསར་པར་བསམ་བློའི་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཐབས་ཇུས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་རྩ་བའི་ལས་འགན་ལ་དམིགས་པ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་སྣ་གསར་བ་གསོ་སྐྱོང་བྱེད་པ།  རིག་གནས་དར་སྤེལ་དང་སྣང་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་འཁུར་བ་དང་། བསམ་བློའི་ཆབ་སྲིད་ལས་དོན་དེ་ཏང་སྐྱོང་རྒྱལ་སྐྱོང་གི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་བ། རྨང་གཞི་བརྟན་གཏོང་དང་། ལེགས་ཆ་འདོན་སྤེལ། ཞན་ཆ་གསབ་པ་དང་ལེགས་བཅོས་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་པ། ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།  དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་གང་ལེགས་བྱེད་པ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་ཡོངས་ཁྱབ་ཏུ་མཐུན་སྒྲིལ་བཅས་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ལ་ཞབས་འདེགས་ཞུ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་ཞབས་འདེགས་ཞུ་བ།  བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས།

《བསམ་འཆར》ནང་བསྟན་དོན། དུས་རབས་གསར་པར་བསམ་བློའི་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་བྱེད་ཕྱོགས་དང་རྩ་དོན་ནི། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། བསམ་བློའི་ཆབ་སྲིད་ལས་དོན་དེ་ཏང་འཛུགས་སྐྲུན་དང་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་། ཕྱོགས་སོ་སོ།  བརྒྱུད་རིམ་སོ་སོ་བཅས་སུ་ཁྱབ་པར་བྱས་ཏེ། ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཏེ། མཛེས་སྡུག་གི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ནས་མང་ཚོགས་རྩ་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཞབས་ཞུ། ཡིད་ཆེས་ཆེར་གཏོང་། དམངས་སེམས་གཅིག་སྒྲིལ། མི་སེམས་ལ་དྲོད་ཁོལ་སྦྱིན་པ།  སེམས་མཐུན་གཏོད་པ་བཅས་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཁྱོན་ཡོངས་ནས་ལག་བསྟར་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས། བསམ་བློའི་ཆབ་སྲིད་ལས་དོན་དེ་དཔལ་འབྱོར་འཛུགས་སྐྲུན་དང་དེ་མིན་ལས་དོན་ཁག་དང་ཟུང་འབྲེལ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཆབ་སྲིད་དང་བསམ་བློའི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། བསམ་བློའི་ཆབ་སྲིད་ལས་དོན་གྱི་ཆོས་ཉིད་ལ་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། མངོན་གསལ་སློབ་གསོ་དང་མངོན་མེད་སློབ་གསོ་ཟུང་འབྲེལ་དང་། བསམ་བློའི་གནད་དོན་ཐག་གཅོད་དང་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ། ཁྱབ་རྒྱ་ཆེ་བ་དང་རིགས་དབྱེའི་མཛུབ་ཁྲིད་ཟུང་འབྲེལ་བཅས་བྱས་ནས་ཡུལ་བབ་དང་། མི། བྱ་བ། དུས་བབ་བཅས་དང་བསྟུན་ནས་ལས་དོན་སྤེལ་དགོས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་འདུ་ཤེས་གསར་སྐྲུན་དང་། བྱེད་ཐབས་གསར་གཏོད། གཞི་རིམ་གྱི་ལས་དོན་གསར་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པར་བསམ་བློའི་ཆབ་སྲིད་ལས་དོན་གྱི་སྐྱེ་སྟོབས་དང་གསོན་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།

《བསམ་འཆར》ནང་བསྟན་དོན། བསམ་བློའི་ཆབ་སྲིད་ལས་དོན་དེ་ཏང་སྐྱོང་རྒྱལ་སྐྱོང་གི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་དགོས། ཏང་ཨུའི་གཙོ་གནད་འགན་འཁྲིར་ཤུགས་སྣོན་བྱས་ནས་རིམ་པ་སོ་སོའི་ཏང་ཨུས་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། བསམ་བློའི་ཆབ་སྲིད་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བསམ་བློའི་ཆབ་སྲིད་ལས་དོན་གྱི་འགན་འཁྲིའི་གསལ་ཐོ་བཟོ་བ། དོན་འཁྱོལ་བྱེད་ཐབས་དང་སྐུལ་འདེད་ཀྱི་གོ་རིམ་ཁ་གསལ་བཟོ་བ་བཅས་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ནས། ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློའི་ཆབ་སྲིད་ལས་དོན་ཡག་པོ་སྒྲུབ་དགོས། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ།  ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་བྱེད་པ། བསམ་བློར་བརྟེན་ནས་ཏང་འཛུགས་སྐྲུན་དང་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་ཕན་ཚུན་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། བསམ་བློའི་ཆབ་སྲིད་ལས་དོན་དེ་ཏང་འཛུགས་སྐྲུན་གྱི་ལས་དོན་སོ་སོར་དོན་འཁྱོལ་བྱེད་དགོས། ཏང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་བསམ་བློའི་ཆབ་སྲིད་ལས་དོན་དང་སྒྲིག་སྲོལ། ལམ་ལུགས་བཅས་ཀྱི་དགེ་མཚན་སྤྱོད་མཁས་པོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པར་འགན་ལེན་བྱ་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།