སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་ཆེད་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
2021.08.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་རྒྱང་རིང་ལ་དམིགས་ནས་བཀོད་སྒྲིག་ཞིབ་ཚགས་རབ་དང་རིམ་པ་བྱས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་མདུན་སྐྱོད་བྱེད་དགོས་པ་ནན་གྱིས་བསྟན་ཡོད། དེས་ཞིང་ཆེན་ཏང་ཨུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཆབ་སྲིད་ཀྱི་རྣམ་འགྱུར་བརྟན་པོ་མཚོན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགྱོགས་བགྲོད་ལམ་དུ་ཞུགས་པ་དང་། ཆེས་རྩ་བའི་རྒྱུ་རྐྱེན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དེ་རེད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་ཞིག་རེད། ང་ཚོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དེ་ཏང་གི་འགན་འཁྲི་དང་དམིགས་འབེན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། རྒྱུ་རྐྱེན་སྣ་ཚོགས་སྐུལ་སྤེལ་གང་ལེགས་བྱེད་པ་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱས་ཏེ། མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་གི་མཚོ་སྔོན་གྱི་དཔེ་མཚོན་ཞིག་བསྐྲུན་དགོས།

ཏང་སྲིད་དམག་དམངས་སློབ་གྲྭ་དང་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་གང་ཡིན་ཡང་ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ཡག་པོ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་བྱ་བ་ཡོངས་ཀྱི་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་ཏེ་གོ་གནས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་སྤྱི་ཚོགས་རྩ་འཛུགས་ཀྱིས་རང་སོ་སོའི་འགན་ནུས་ལྟར་མཐུན་སྦྱོར་དང་ལག་བསྟར། དོན་འཁྱོལ། སྐུལ་འདེད་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། དཔྱད་ཞིབ་ཀྱི་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན། དངོས་ཕན་རང་བཞིན་བཅས་འབུར་དུ་བཏོད་ནས། དཔྱད་ཞིབ་ཀྱི“བཀོད་འདོམས་བྱེད་མཁན”དང“ཕྱོགས་སྟོན་མཁན”གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ཚད་མཐོའི་བསམ་བློའི་རང་རྟོགས་དང་འགན་འཁྲིའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཀྱི་སྒོ་ནས་ངོས་འཛིན་དང་ལག་ལེན། སྐུལ་འདེད་བཅས་བྱས་ཏེ་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་སྣེ་ཁྲིད་ལ་བརྩིས་ནས། 《བྱ་སྤྱོད་ཇུས་གཞིའི》ནང་བཏོན་པའི“གོམ་སྟབས་གསུམ”གྱི་དུས་མཚམས་རང་བཞིན་གྱི་དམིགས་འབེན་ལྟར། གཙོ་གནད་ལ་དམིགས་པ་དང་མྱུར་ཚད་དམ་འཛིན་བྱས་ཏེ། འགན་སྲུང་གི་རྒྱུ་རྐྱེན་སྣ་ཚོགས་མཐོ་ས་ནས་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་སྟེ། ཡུན་ཕན་གྱི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། མཚོ་སྔོན་གྱི་ངོས་འཛིན་གཅིག་མཐུན་དང་བསྒྲགས་གཏམ། གྲོས་འགོ་བཅས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་དར་སྲོལ་གསར་པར་སྣེ་ཁྲིད་སྔར་ལས་ཡག་པོ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་དྲང་ཕྱོགས་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་གཅིག་བསྡུས་བྱེད་དགོས།

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་བྱ་བ་སྣ་ཚོགས་ལེགས་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། ང་ཚོས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཆེད་སྒུལ་ཤུགས་སྔར་ལས་མང་བ་འཕེལ་བར་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།