སྙིང་སྟོབས་ཆེར་བསྐྱེད་དང་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་དཔེ་གཞི”བསྐྲུན།
2021.09.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

“དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུར་སྐུལ་འདེད་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་སྐུལ་སློང་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།” ཉིན་ཤས་རིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་མི་རིགས་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་ཏེ་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་དཔེ་གཞི”གསར་སྐྲུན་བྱེད་དགོས་པར་བསྟན།

ངོས་འཛིན་མཐོར་འདེགས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་སེམས་ལ་ཟུག་པར་བྱེད་དགོས།

“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཡོད་ཚེ་གཞི་ནས་མི་རིགས་སོ་སོས་ཀྲུང་ཧྭ་མི་རིགས་ལ་རང་རྟོགས་ངང་ངོས་འཛིན་གཅིག་མཐུན་བྱེད་ཚད་གཏིང་ཟབ་ཏུ་གཏོང་ཐུབ་པ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་ཐུབ་ལ། ཀྲུང་ཧྭ་མི་རིགས་ལ་ཐུན་མོང་གིས་ངོས་འཛིན་བྱེད་ཚད་སྔར་ལས་མཐོ་བ་དང་གོང་བུ་འགྲིལ་ཤུགས་སྔར་ལས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པར་འགྱུར་རྒྱུར་སྐུལ་འདེད་གཏོང་ཐུབ།”

མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་དགེ་རྒན་ཆེན་མོ་ཨ་ཅིན་ལུའུ་ཡིས་བཤད་རྒྱུར།  “མཚོ་སྔོན་མི་རིགས་སློབ་ཆེན་གྱིས་མི་རིགས་སློབ་ཆེན་ལ་དམིགས་བསལ་དུ་ཡོད་པའི་མི་རིགས་བྱ་བ་དང་སློབ་གསོའི་བྱ་བའི་འགན་འཁྲི་གཉིས་གཅིག་ལྕོགས་སྒོས་ཕྲག་ཏུ་ཁུར་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས།  མཚོ་བོད་མཐོ་སྒང་གི་མི་རིགས་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་དང་ཟུང་འབྲེལ་དམ་པོ་བྱས་ཏེ།  རིགས་པའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག་གཏིང་ཟབ་བྱས་ནས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྱད་ཆོས་ལྡན་པའི་ཆེད་ལས་སློབ་ཚན་དང་། ཀུན་ཤེས་སློབ་ཚན། དཔེ་སྟོན་སློབ་ཚན་ཁག་ཅིག་བཅས་འཛུགས་སྐྲུན་བྱས་ཡོད་པ་དང་།  ཏང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་ཡིན་པར་མ་ཟད། ཡིན་མིན་གསལ་འབྱེད་ཀྱི་ལངས་ཕྱོགས་ཧ་ཅང་གསལ་ལ་ཀྲུང་ཧྭ་མི་རིགས་་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་བྱ་སྤྱོད་ཧ་ཅང་བརྟན་པོ་ཡིན།  རིགས་སོ་སོའི་མང་ཚོགས་ལ་དགའ་ཞིང་ལྷག་བསམ་རྣམ་པར་དག་པའི་དུས་རབས་ཀྱི་མི་གསར་པ་ཧུར་ཐག་སྒོས་གསོ་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་མིག་དཔེ་བསྐྲུན་ཆེད་མི་རིགས་སློབ་ཆེན་གྱི་ལེགས་སྐྱེས་འབུལ་བཞིན་ཡོད། ”ཟེར།

“མཚོ་ནུབ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། གནས་འདིར་བྱ་བ་བསྒྲུབས་པས་ང་ལ་མི་རིགས་མཐུན་སྒྲིལ་ལས་བྱུང་བའི་དྲོད་སྐྱིད་དང་བདེ་སྐྱིད་ཚོར་དུ་བཅུག་ལ་རིགས་སོ་སོའི་མི་རིགས་སེ་འབྲུ་བཞིན་མཐུན་སྒྲིལ་དམ་པོ་བྱེད་བཞིན་ཡོད།” མཚོ་སྔོན་ནུབ་རྒྱུད་མའེ་རིགས་ཚད་ཡོད་ཀུང་སིར་བྱ་བ་སྒྲུབ་བཞིན་པའི་ཝང་གོ་ཝུན་གྱིས་ཚོར་སྣང་ཟབ་མོས་བཤད་རྒྱུར། “ང་རང་གཞི་རིམ་ཁེ་ལས་ཀྱི་དྲིལ་སྒྲོག་སློབ་གསོའི་ལས་བཟོ་པ་ཞིག་ཡིན་པའི་ངོས་ནས་དུས་རྒྱུན་གྱི་བྱ་བའི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་དྲིལ་སྒྲོག་ཡག་པོ་དང་སྲ་བརྟན་དུ་བཏང་སྟེ། ཁེ་ལས་ནང་ཁུལ་དུ་ཏང་གི་མི་རིགས་སྲིད་ཇུས་དྲིལ་སྒྲོག་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ནས་མི་རིགས་སོ་སོའི་ལས་གྲོགས་ཡོངས་ལ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།  སྡེ་ཁུལ་གྱི་ཁྱིམ་གཞིའི་ནང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མཐུན་སྒྲིལ་རོགས་རེས་ཇེ་ཟབ་ཏུ་བཏང་སྟེ།  དོན་དག་ཆུང་ངུ་ནས་མགོ་བརྩམས་ཏེ་ཁྱིམ་མཚེས་འཆམ་མཐུན་དང་ཕན་ཚུན་རོགས་རེས་ཡག་པོ་བྱས་ནས་ཚང་མ་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཆེད་དུ་ནུས་པ་གང་ཡོད་འདོན་དགོས།”ཟེར།

“སློབ་རའི་ནང་རྒྱུན་དུ་སློབ་གྲོགས་ཚོས་ཕན་ཚུན་རོགས་རམ་བྱེད་པའི་སྣང་ཚུལ་མཐོང་རྒྱུ་ཡོད། ངས་ཁྱེད་ལ་དཔེ་དེབ་ཅིག་གཡར་པ་དང་ཁྱེད་ཀྱིས་ང་ལ་དྲི་བ་ཞིག་འགྲེལ་བཤད་བྱེད་རོགས་བྱས་ཏེ་ཚང་མ་སློབ་གསེང་གི་བྱེད་སྒོར་མཉམ་དུ་ཞུགས་ནས་ཐུན་མོང་སྒོས་འཚར་ལོངས་དང་ཡར་ཐོན་ཡོང་བ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་དེ་རིམ་བཞིན་སེམས་ནང་དུ་མྱུ་གུ་འབུས་ཀྱིན་ཡོད།  ང་ཚོའི་སློབ་གྲྭས་ལོ་རིམ་དང་པོ་ནས་བཟུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ཡོད། སློབ་ཁང་གི་སློབ་ཁྲིད་དང་འཛིན་གྲྭའི་རུ་ཁག་གི་ཚོགས་འདུའི་བྱེད་སྒོ། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་བྱ་འགུལ་སློབ་གླིང་དུ་བསྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བཙུགས་ནས་སློབ་མ་ཚོ་སེ་འབྲུ་ལྟར་གཅིག་ཏུ་འབྲེལ་བ་དང་། ཕན་ཚུན་རོགས་རེས་བཅས་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་བྱིས་པ་ཚོའི་རྒྱུན་ལྡན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྒྱུས་ལོན་བྱེད་ཚད་ཇེ་ཟབ་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ལ་ཟུག་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ”ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སློབ་ཆུང་དང་པོའི་དགེ་རྒན་གདུགས་དཀར་སྐྱིད་ཀྱིས་བཤད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་སྐྱེ་ཁམས་བདག་སྐྱོང་པ་བསོད་དབང་གིས་བཤད་རྒྱུར། “མགོ་ལོག་གི་རིགས་སོ་སོའི་མི་གྲངས་འབུམ་གཉིས་ལྷག་མཉམ་ཞུགས་བྱས་པ་བརྒྱུད།  ‘མི་རིགས་མཐུན་སྒྲིལ་ཡར་ཐོན’ནི་མགོ་ལོག་རྩྭ་ཐང་གི་ཆེས་མཛེས་ཤོས་ཀྱི་བཀྲག་མདངས་སུ་གྱུར་ཡོད། ང་ནི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པའི་ངོས་ནས་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་དང་དེ་བཞིན་རིགས་སོ་སོའི་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བར་སེམས་ཚོར་ཟབ་མོ་ཡོད།  ཏང་གི་སྲིད་ཇུས་བཟང་པོ་མེད་ན་ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་མེད། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་པོ་བྱས་ཏེ། མགོ་ལོག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།”ཟེར།

བློ་སེམས་གཅིག་གིས་ཏང་ལ་ཕྱོགས་པ་དང་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་དེ་མི་རིགས་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།

“ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཡག་པོར་བསྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན།”

མཚོ་ཤར་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་ཀྲའོ་ཡོན་ཅུན་གྱིས། རང་ཉིད་ནི་མི་རིགས་བྱ་བའི་སྡེ་ཁག་གི་ལག་བསྟར་ཞིབ་ཕྲ་བྱེད་མཁན་ཡིན་པའི་ཆ་ནས། “དགོས་ངེས12”ཀྱི་ཕུན་སུམ་ཚོགས་པའི་ནང་དོན་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་“རྩ་བ”ལྟ་བུར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་དང་མཚོ་ཤར་གྱིས་མཚོ་བོད་མཐོ་སྒང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་ལས་འགན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཚོ་ཤར་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རོལ་དབྱངས་དཀྲོལ་བ་དང་མཚོ་ཤར་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་འཆད་པ།  མཚོ་ཤར་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་དཔེ་སྟོན་ནུས་པ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་གསར་པ་གསར་སྐྲུན་བྱེད་དགོས་ཟེར།

ཧོང་ཀྲུང་ཆུའུ་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཕུའུ་ཧྥ་ལིན་གྱིས། མི་རིགས་ཀྱི་བྱ་བ་སྒྲུབ་མཁན་གྱི་གཞི་རིམ་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཞིང་ཆེན་ཏང་ཨུའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པ་དང་གྲོང་ཁྱེར་ཏང་ཨུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གྱི་སྣེ་ཁྲིད་པ་ཡག་པོ་ཞིག་བྱས་ནས། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས་དང་མཉམ་འདྲེས་བཅས་ཀྱི་ཚོད་ལྟའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་ཇེ་ལེགས་སུ་བཏང་སྟེ་མདུན་གྲལ་དུ་བསྐྱོད་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ཡར་བརྩོན་སྙིང་སྟོབས་ཀྱིས“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཧོང་ཀྲུང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར།

“མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པར་མ་ཟད་བྱ་བ་སོ་སོའི་འགན་སྲུང་དང་རྨང་གཞི་ཡང་ཡིན། གྱང་ཆེན་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཁྲོད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་བྱ་བ་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་དེ་བྱ་བ་ཡོངས་ཀྱི་ཁྲོད་དུ་ཁྱབ་པར་བྱེད་དགོས།”  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བྲག་ཆོག་ཡུལ་ཚོ་གྱང་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཚེ་རྒྱལ་གྱིས་བཤད་རྒྱུར།  “སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་སོ་སོ་མཐུན་སྒྲིལ་གྱིས་ནམ་ཡང་ཏང་གི་རྗེས་སུ་འབྲངས་རྒྱུ་དེ་བྱ་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་པ་དང་།  ད་ལོ་བྲག་ཆོག་ཡུལ་ཚོའི་དྲིན་གཟོའི་སློབ་གསོའི་ས་ཚིགས་བསྐྲུན་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་བྱ་འགུལ་རབ་དང་རིམ་པ་གོ་སྐབས་སུ་བཟུང་ནས། ཏང་ཞུགས་དམ་ཚིག་བསྐྱར་དྲན་དང་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་ཧུར་བརྩོན་གྱིས་སྤེལ་ནས་ཏང་གི་མི་རིགས་གསར་སྐྲུན་གྱི་རིགས་པའི་གཞུང་ལུགས་དེ་གཞི་རིམ་དུ་ཁྱབ་པ་དང་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་། ”ཟེར།

བསམ་ཕྱོགས་གསར་གཏོད་བྱས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་དཔེ་གཞི”ནུས་ཤུགས་ཡོད་རྒུས་བསྐྲུན་པ།

“མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན། ཞིབ་བསྡུར་གྱི་ལེགས་ཆ་སོགས་དོན་དངོས་ལ་གཞིགས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས།  འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་པར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་མགོ་རྩོམ་ས་དང་ཤུགས་རྒྱག་ས་ཡང་དག་པར་ཁོང་དུ་ཆུད་པ་བྱེད་དགོས།  མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།”

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་སྐུལ་མ་ཆེན་པོ་ཐེབས། ཕྱིན་ཆད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་ཁྲོད།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཡུལ་ཚོ་དང་དཔེ་སྟོན་སྡེ་བ་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་ནས། བྱ་བ་དོན་འཁྱོལ་དམ་འཛིན་དང་གསར་སྐྲུན་གྱི་དམིགས་འབེན་དམ་འཛིན་ནན་མོ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ལ་གོམ་སྟབས་གཅིག་གིས་བསྐྱོད་པ་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་གཅིག་མཚུངས་ཡིན་པ། ཁྲིམས་སྐྱོང་འགན་ལེན་དབང་ཆ་གཅིག་འདྲ་དང་མི་རིགས་མཐུན་སྒྲིལ་སེམས་ཤུགས་གཅིག་ཏུ་མཐུན་པ། སྤྱི་ཚོགས་འཆམ་མཐུན་མཉམ་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས་ཡུལ་ཚོ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།”ཞེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཞིས་ཐན་ཡུལ་ཚོའི་མི་རིགས་མཐུན་སྒྲིལ་གྱི་འགན་ཁུར་བ་གཙོ་བོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཆིན་ཡུང་ཁྲོན་གྱིས་བཤད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མདོ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲིན་ལུང་ཝེ་ཡིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཏང་བ་བརྒྱུད་གྲོང་རྡལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མའི་མི་རིགས་སོ་སོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་ཆུ་དང་འོ་མ་འདྲེས་པ་བཞིན་གྱི་སྤུན་ཟླའི་འབྲེལ་བ་ཆགས་ཡོད་པས།  རྫོང་དང་ཁུལ།  ཐ་ན་ཞིང་ཆེན་ཏང་ཨུ་དང་ཀྲུང་དབྱང་རིམ་པས་ཀྱང་ཁས་ལེན་གང་ལེགས་ཐོབ་ཡོད། ཕྱིན་ཆད་ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཕེལ་རྒྱས་བསམ་ཕྱོགས་དང་བྱེད་ཐབས་མུ་མཐུད་དུ་གསར་གཏོད་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས། དམངས་འཚོ་དང་འབྲེལ་བའི་བྱ་བ་རེ་རེ་ཡག་པོར་བསྒྲུབ་སྟེ་གྲོང་རྡལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐུན་མོང་སྒོས་འཆམ་མཐུན་བདེ་སྐྱིད་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་སྐྲུན་བྱེད་རྒྱུ་ཡིན་ཟེར།

“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།ངས་གྲོས་ཚོགས་ཀྱི་དགོངས་དོན་དེ་རྗེས་ཕྱོགས་སུ་གླིང་སྒྲུང་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པའི་ཁྲོད་འཇོག་པར་འབད་བརྩོན་བྱས་ནས་ཕ་ཡུལ་གྱི་མི་རིགས་རིག་གནས་སྔར་བས་ཁྱབ་གདལ་དུ་གཏོང་རྒྱུ་ཡིན།”ཞེས་ཞིང་ཆེན་གླིང་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་དབང་ཆེན་ཚེ་རིང་གིས་བཤད།

                                                                                                           ཡིག་སྒྱུར་བ། གཡང་འབུམ་རྒྱལ།