“རྒྱལ་ཁབ་ཀྱི་དོན་ཆེན”གྱིས་མཚོ་སྔོན་ལ་གྲུབ་འབྲས་སྩོལ་དགོས།
2021.09.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད།  “མདོ་དབུས་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་ཧུར་ཐག་གིས་བསྐྲུན་པར། ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས། ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་དང་ཕྱོགས་སོ་སོའི་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།  ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”ཁོང་དུ་ཆུད་པར་བྱས་ཏེ་རང་ཉིད་ཀྱི་འགན་འཁྲི་དང་གནས་ཚད་གསལ་པོ་བཟོ་དགོས་ལ། རྒྱལ་ཁབ་དང་ཁྱོན་ཡོངས་ཀྱི་ཟུར་ཚད་ནས་རང་ངོས་འཕེལ་རྒྱས་ཀྱི་གནས་ཚད་ལ་བསམ་གཞིག་བྱེད་དགོས།  ང་ཚོས“རྒྱལ་ཁབ་དོན་ཆེན”གྱི་ཆབ་སྲིད་དོན་སྙིང་ཁོང་དུ་ཆུད་པར་བྱེད་དགོས་ལ། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་གི་མཚོ་སྔོན་གྱི་མ་དཔེ་བསྐྲུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་བཅས་ལ་རྒྱུགས་འབྲས་གསར་པ་སྤྲོད་དགོས།

ཆབ་སྲིད་བརྩི་སྲུང་བྱེད་པ་ནི་མཐར་གཏུག་ནས་བཤད་ན་ལངས་ཕྱོགས་དང་ཏང་གཤིས་ཀྱི་གནད་དོན་རེད། “རྒྱལ་ཁབ་ཀྱི་དོན་ཆེན”གྱིས་མཚོ་སྔོན་ལ་གྲུབ་འབྲས་སྩོལ་དགོས་ན།དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་བརྩི་སྲུང་བྱེད་དགོས།  “རྒྱལ་ཁབ་ཀྱི་དོན་ཆེན”ནི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ལས་དོན་གྱི་གཞི་རྩར་འབྲེལ་ཡོད།  ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ཚེ། ད་གཟོད་བྱ་བའི་ཁྲོད་སྔོན་དཔག་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་ལྡན་པ་དང་། གཞི་ནས་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་འཐབ་ཇུས་གལ་ཆེན་འཆར་འགོད་དང་། སྲིད་ཇུས་གལ་ཆེན་གཏན་འབེབས། ལས་འགན་གལ་ཆེན་བཀོད་སྒྲིག བྱ་བ་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ཁྲོད་མཚོན་པར་བྱེད་ཐུབ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”ལ་གདེང་ཚོད་ཡོད་པའི་སྒོ་ནས་མིག་དཔེ་སྟོན་དགོས་ཞེས་བསྟན།  དེ་ལས་ང་ཚོས་ངེས་པར་དུ་ཆེ་སར་བསམ་བློ་གཏོང་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོམ་སྟབས་དང་ཏང་ཀྲུང་དབྱང་གི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས། དུས་ནམ་ཡང་འབྲེལ་ཡོད་སྲིད་ཇུས་བརྩི་སྲུང་བྱས་ཏེ། དུས་ཐོག་ཏུ་སྐྱོན་ཆ་ཡོ་བསྲང་དང་མི་འདང་ས་ཁ་གསབ་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྟེང་བཏོན་པའི་སྤྱིའི་བླང་བྱ་དང་གཏན་ཁེལ་བྱས་པའི“2025ལོ”ནས“2035ལོའི”དམིགས་འབེན་ལྟར།  《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་སྟོབས་ཤུགས་གང་ཡོད་བཏོན་ནས་རྩོམ་རྒྱུའི་སྐོར་གྱི་གཏན་འབེབས》དང《ཀྲུང་གུང་མཚོ་སྔོན་ཞིང་ཏང་ཨུས་མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཚད་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་འགུལ་སྤྱོད་ཇུས་གཞི》ནན་ཏན་སྒོས་ལག་ལེན་དངོས་འབེབ་བྱས་ནས།  མངག་བཅོལ་དང་ལེན་བྱས་ཏེ་བགྲོད་ལམ་གསར་པ་འཚོལ་ཞིབ་བྱེད་པ་དང་།  འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར་ལམ་བུ་ཡག་པོ་གསར་གཏོད་བྱས་ནས། གསོན་ཤུགས་དང་མིག་རྒྱང་རིང་བ། རང་དོན་རྒྱབ་བསྐྱུར་དང་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། མིའི་རིགས་ཀྱི་བརྩེ་སེམས་དང་གསར་གཏོད་ཀྱི་གསོན་ཤུགས་ཆེན་པོ་ལྡན་པ་བཅས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བླངས་ཏེ་མདུན་ལྗོངས་གསར་བ་ཞིག་བསྐྲུན་དགོས།

ཆབ་སྲིད་བརྩི་སྲུང་བྱེད་པ་ནི་ཞིབ་ཕྲའི་ལས་དོན་ཡིན།  “རྒྱལ་ཁབ་ཀྱི་དོན་ཆེན”གྱིས་མཚོ་སྔོན་ལ་གྲུབ་འབྲས་སྩོལ་དགོས་པར་མཐར་གཏུགས་ནས་བརྗོད་ན“དངོས་སྒྲུབ་ཀྱི་གྲུབ་འབྲས་ངོ་མས”ཐོག་མའི་བསམ་འདུན་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཏེ སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་དུས་ཚོད་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱེད་དགོས།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པར་འགུལ་སྤྱོད་ལ་སྣང་ཆེན་བྱེད་དགོས་པ་དང་དོན་འཁྱོལ་ལ་སྣང་ཆེན་བྱེད་དགོས།  ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཅངས་པའི་ཚན་རིག་གི་གནས་ཐིག་གཏན་འཁེལ་དང་ཆབ་སྲིད་ཀྱི་མངགས་བཅོལ། འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅོལ་བ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བ་བཅས་ཆེས་གསོན་ཉམས་ལྡན་ཞིང་ཡུན་རིང་བའི་ལག་ལེན་དུ་བསྒྱུར་དགོས།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་མི་ཆད་པར་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་རྒྱུན་ལྡན་གྱི་བྱ་སྤྱོད་དང་བྱ་བའི་ཕན་འབྲས་ཐོག་མཚོན་པར་བྱེད་དགོས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་སྔར་ལས་རྒྱ་ཆེ་བ་དང་སྔར་ལས་རྒྱང་རིང་གི་གནས་ཚད་སྟེང་བཞག་ནས། འཕེལ་ཕྱོགས་ཆེན་པོ་ལྟ་བ་དང་ཁྱོན་ཡོངས་བསམ་པ། དོན་ཆེན་དམ་འཛིན་བཅས་བྱེད་པ་དང་། རྒྱང་རིང་གི་དམིགས་འབེན་དང་ཁྱོན་ཡོངས་ཀྱི་བསམ་བློ། ཕྱོགས་བསྡུས་ཀྱི་རྩིས་རྒྱག་བཅས་བྱས་ནས། ས་ཁུལ་དང་སྡེ་ཁག་གི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཇུས་གཞི་ཆེན་པོའི་ནང་བཅུག་སྟེ། ཁྱབ་ཁོངས་གཅིག་ཏུ་གཟི་བརྗིད་བརྩོན་ལེན་དང་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ལ་བཀྲག་མདངས་སྣོན་དགོས།

སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་ནི་གཙོ་གནད་ཡིན་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”གྱིས་མཚོ་སྔོན་ལ་གྲུབ་འབྲས་སྩོལ་དགོས་ན། “མཐོ་ས་གསར་བ་བརྒྱད”བསྐྲུན་རྒྱུ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། “རྒྱལ་ཁབ་ཀྱི་དོན་ཆེན”དང་མཚོ་སྔོན་གྱི་གྲུབ་འབྲས་གསར་པ་མངོན་ཐུབ་པ་བྱེད་དགོས།  “མཐོ་ས་གསར་པ་བརྒྱད”བསྐྲུན་པར“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།  སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱས་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་སྔར་ལས་མང་བ་འཚོལ་ཞིབ་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།  རིགས་སོ་སོའི་མི་དམངས་མང་ཚོགས་ལ་སྐྱེ་ཁམས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། སྐྱེ་ཁམས་ལ་བརྟེན་ནས་རང་སྟོབས་འཕེལ་བར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་སྤོབས་པ་སྐྱེ་འོས་པའི་བློ་སྟོབས་ཤིག་ཏུ་འགྱུར་བར་བྱེད་དགོས།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་ཡར་བརྩོན་གྱི་སྙིང་སྟོབས་མཚོན་པ་བཅས་བྱེད་དགོས།  “མཐོ་ས་གསར་པ་བརྒྱད”ཀྱིས་ང་ཚོས་ཅི་ཞིག་བསྒྲུབ་དགོས་པ་དང་ཇི་ལྟར་བསྒྲུབ་དགོས་མིན་ལ་དམིགས་པ་དང་།  ང་ཚོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཁ་ཕྱོགས་དང་བགྲོད་ལམ་གསལ་སྟོན་བྱས།  མཚོ་སྔོན་གྱིས་ཚན་རིག་དང་མཐུན་པར་སྲིད་སྐྱོང་བ་དང་དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་བྱེད་པའི་ཏང་གི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བར་སྐུལ་འདེད་ནུས་ལྡན་བྱས།  དངོས་པོའི་དཔལ་ཡོན་དང་ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་པར་ནུས་ཤུགས་ཡོད་དགུ་འདོན་པ། མི་ཁྱོན་ཡོངས་ནས་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་ཐུན་མོང་གིས་ཕྱུག་འགྱུར་ཡོང་བ་སྐུལ་འདེད་གཏོང་བར་དོན་དངོས་ཀྱི་རང་བཞིན་ལྡན་པའི་འཕེལ་རྒྱས་སྔར་ལས་མངོན་གསལ་འབྱུང་བ་བཅས་བྱ་དགོས།

རྒྱང་སྐྱོད་ཀྱི་ལམ་བུ་རིང་བས་འབད་འཐབ་བྱ་རྒྱུ་ཁོ་ན་ལས་མེད།  ཕུགས་འདུན་མངོན་འགྱུར་བྱེད་དགོས་ན་དངོས་དོན་སྒྲུབ་དགོས།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་བློའི་་རྣམ་པ་རྒྱུན་འཁྱོངས་ཀྱིས་འགན་འཁྲི་ལྕི་མོ་འཁུར་ཕོད་པ་དང་། དཀའ་སྤྱད་དངོས་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམས་ནས། ཏང་དང་མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་མཐོ་སྒང་གི་བྱས་རྗེས་ཧུར་ཐག་གིས་བསྐྲུན་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།