《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ《གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་གིས་འཇོག་དགོས》ཞེས་པ་སྤེལ།
2021.10.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ད་ལོའི་ཟླ10ཚེས1ཉིན་པར་སྐྲུན་བྱས་པའི་འདོན་ཐེངས19པའི《བདེན་འཚོལ》དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ། ཁ་ཡིག་ལ་《གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་གིས་འཇོག་དགོས》ཞེས་པ་དེ་སྤེལ་བ་རེད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། གསར་བརྗེའི་ཐོན་ཁུངས་ནི་རང་རེའི་ཏང་གི་དཀའ་ཚེགས་དང་འོད་སྟོང་འཕྲོ་བའི་འབད་འཐབ་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་དང་ཆེས་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་ཡིན། གསར་བརྗེའི་ཁྲག་རྒྱུན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་རང་མདངས་གཅིག་བསྡུས་ཀྱིས་མཚོན་པ་ཞིག་ཡིན་ལ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན།  སྔར་སོང་གི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ནས་མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུར་རྒྱང་ལྟ་བྱེད་སྐབས། ང་ཚོས་ཅིས་ཀྱང་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ནས་དཔའ་ངར་ཆེར་སྐྱེད་དང་ཁ་ཕྱོགས་གསལ་སྟོན་བྱེད་པ་དང་།   ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཡིད་ཆེས་བརྟན་གཏོང་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ།  ཏང་གི་ལོ་རྒྱུས་ཉམས་མྱོང་དང་ལག་ལེན་དངོས་ལ་བརྟེན་ནས་བློ་གྲོས་ཀྱི་སྒོ་མོ་འབྱེད་པ་དང་གཤིས་རྒྱུད་སྦྱོང་བརྡར།  སྔ་འཛིན་ཕྱི་གཏོད། གསར་གཏོད་མདུན་སྐྱོད་བཅས་བྱས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོས་རང་སྲོག་བློས་བཏང་ནས་བསྐྲུན་པའི་གསར་བརྗེའི་སྲིད་དབང་སྲུང་སྐྱོབ་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ནས་གསར་བརྗེའི་སྔོན་བྱོན་པ་ཚོའི་རེ་འདུན་སྟོང་ཟད་དུ་མི་གཏོང་བ་དང་། ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་གང་ཐུབ་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས།  ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་ཅི་ཡིན་པ་དེ་རྩ་བའི་ཐོག་ནས་བཤད་ན་མར་ཁེ་སི་རིང་ལུགས་ལག་ལེན་དུ་བསྟར་བའི་རྐྱེན་གྱིས་རེད། ང་ཚོས་ཏང་གི་ལོ་ངོ་བརྒྱ་ཕྲག་རིང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བདེན་དོན་གྱི་སྟོབས་ཤུགས་རྟོགས་ཐུབ་པར་བྱས་ཏེ་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་ལ་བརྟེན་ནས་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་འོད་སྟོང་འཕྲོ་བར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དད་སེམས་རྒྱུན་འཁྱོངས་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་མུ་མཐུད་དུ་ལེན་དགོས།  ཏང་ཡོངས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་ཆད་མེད་པར་རྟོགས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བཟང་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད་གྲུབ་པའི་རླབས་ཆེན་གྱི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་གསོ་སྐྱོང་དང་རང་ལ་སྐུལ་མ་གཏོང་བ་དང་། དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཡག་པོར་བསྒྲུབ་དགོས། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ ནམ་ཡང་ལམ་དུ་ཡོད་པའི་བློ་རྩ་བརྟན་པོས་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། རང་གཅུན་ནན་མོ་བྱས་ཏེ།  ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་བྱས་ནས། ཏང་འདི་ཉིད་སྔར་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

དེ་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་སོ་གཅིག་པ་སྤེལ་ཞིང་། དེའི་ནང་དོན་ནི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱ་རྒྱུ་དང་།  གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱ་རྒྱུ་དེ་རེད། ཐེངས་འདིའི་ཐུན་མོང་སློབ་སྦྱོང་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་བཀོད་སྒྲིག་གལ་ཆེན་ཞིག་རེད།

སྔོན་ཏག་ཏག་འདིར།  ང་ཚོས་པེ་ཅིན་སློབ་ཆེན་གྱི་ཐོག་ཁང་དམར་པོ་དང་། ཧྥིན་ཙེ་ཡོན་གྱི་མའོ་ཀྲུའུ་ཞིའི་བཞུགས་སྒར་ལ་ལྟ་སྐོར་བྱས་པ་ཡིན། གནས་འདི་གཉིས་ལ་ཏང་གི་ལོ་རྒྱུས་ཐོག་མཚོན་རྟགས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། པེ་ཅིན་སློབ་ཆེན་གྱི་ཐོག་ཁང་དམར་པོ་དེ་ཏང་འཛུགས་པ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། པེ་ཅིན་སློབ་ཆེན་ནི་རིག་གནས་གསར་པའི་ལས་འགུལ་གྱི་ལྟེ་བ་དང་ལྔ་བཞིའི་ལས་འགུལ་གྱི་འབྱུང་གནས་ཡིན་པ་དང་། རང་རྒྱལ་དུ་མར་ཁེ་སི་རིང་ལུགས་ཀྱི་བསམ་བློ་ཁྱབ་སྤེལ་བྱེད་ས་སྔ་ཤོས་ཡིན་ལ་རང་རེའི་ཏང་གིས་པེ་ཅིན་དུ་སྔ་དུས་ཀྱི་གསར་བརྗེའི་བྱེད་སྒོ་སྤེལ་ཡུལ་གྱི་ལོ་རྒྱུས་ཀྱི་དཔང་རྟགས་བྱ་ཡུལ་ཡང་ཡིན་པས། ཏང་འཛུགས་པའི་བརྒྱུད་རིམ་ཁྲོད་གོ་གནས་གལ་ཆེན་ལྡན་ཡོད། ཧྥིན་ཙེ་ཡོན་གྱི་མའོ་ཀྲུའུ་ཞིའི་བཞུགས་སྒར་དེ་ཀྲུང་གོ་གསར་པ་འཛུགས་པ་དང་འབྲེལ་བ་དམ་ཟབ་ཡོད། 1949ལོའི་ཟླ9ཚེས21ཉིན་ནས་བཟུང་མའོ་ཀྲུའུ་ཞིས་དེ་གར་ཕྱག་ལས་གནང་བ་དང་འཚོ་བ་བསྐྱལ་ནས་ལོ17སོང་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་ཆེན་པོ་རབ་དང་རིམ་པ་ཇུས་འགོད་གནང་ཡོད། ས་གནས་འདི་གཉིས་ཀྱི་ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནི་ཇི་ལྟར་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཇི་ལྟར་བྱུང་བ་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད་པས། ང་ཚོར་གསོན་ཉམས་ལྡན་པའི་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་ཚན་ཞིག་ཁྲིད་པ་རེད།

དམར་པོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀྲག་མདངས་འཚེར་བའི་རྨང་གཞི་ཡིན་ཞིང་། རང་རྒྱལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་འབུམ་དྲུག་ལྷག་ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོའི་སྟེང་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ལོ་བརྒྱའི་འབད་འཐབ་ཀྱི་རླབས་ཆེན་ལོ་རྒྱུས་ལམ་བུའི་ཐོག་གསར་བརྗེའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། ལོ་རྒྱུས་ཀྱི་དོན་རྐྱེན་རེ་རེ་དང་། གསར་བརྗེའི་དཔའ་བོ་རེ་རེ། གསར་བརྗེའི་སྙིང་སྟོབས་རེ་རེ། གསར་བརྗེའི་རིག་དངོས་རེ་རེ་བཅས་ཚང་མས་རང་རེའི་ཏང་གིས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་ཐོབ་པའི་གྲུབ་འབྲས་གལ་ཆེན་མཚོན་པ་དང་། རང་རེའི་ཏང་གི་ཕུགས་འདུན་དང་འཚོལ་སྙེག བརྩེ་སེམས་དང་འགན་འཁྲི།  བློས་གཏོང་དང་ལེགས་སྐྱེས་བཅས་མཚོན་པར་བྱས་ནས། རང་རེའི་ཏང་གི་གསར་བརྗེའི་ཁྲག་རྒྱུན་དུ་འགྲིལ་ཡོད། གསར་བརྗེའི་ཁྲག་རྒྱུན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་རང་མདངས་གཅིག་བསྡུས་ཀྱིས་མཚོན་པ་ཞིག་ཡིན་ལ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན།


【  2021ལོའི་ཟླ6ཚེས25ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ལེགས་པོ་བྱ་ཆེད་ཐུན་མོང་སློབ་སྦྱོང་ཐེངས་སོ་གཅིག་པ་བསྡུས།  ཐེངས་དེའི་ཐུན་མོང་སློབ་སྦྱོང་ལ་ལྟ་སྐོར་དང་གྲོས་བསྡུར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་པ་དང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཀྱིས་པེ་ཅིན་སློབ་ཆེན་གྱི་ཐོག་ཁང་དམར་པོར“འོད་སྟོང་འཕྲོ་བའི་རླབས་ཆེན་བྱ་གཞག་གི་ལེའུ་དམར་པོ་སྟེ། པེ་ཅིན་སློབ་ཆེན་གྱི་ཐོག་ཁང་དམར་པོ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྔ་དུས་ཀྱི་པེ་ཅིན་གསར་བརྗེའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ་རེད།】

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གྲོལ་རྗེས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་ཚོ་དང་མཉམ་དུ《བསྐྱར་དར་གྱི་བགྲོད་ལམ་》ཞེས་པའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་བ་མ་ཟད།  ཉེ་རབས་ཚུན་ལ་ཀྲུང་ཧྭ་མི་རིགས་ཀྱི་གོང་འོག་ཚང་མས་འཚོལ་ཞིབ་བྱེད་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཏེ།   གཡོལ་ཐབས་མེད་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པ་ངས་ནན་བཤད་བྱས་པ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་རྗེས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་ཚོ་དང་མཉམ་དུ་ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོའི་ཚོགས་གནས་དང་ཅ་ཞིན་ནན་ཧུའུ་གྲུ་གཟིངས་དམར་པོར་ལྟ་སྐོར་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ལ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུའི་ཆོད་སེམས་བརྟན་པོ་ཁྱབ་བསྒྲགས་བྱས་པ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ས་གནས་སུ་རྟོག་ཞིབ་བྱེད་པར་སྐྱོད་སྐབས་རང་རེའི་ཏང་ལ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གསར་བརྗེའི་གནས་མཆོག་དང་། གསར་བརྗེའི་གནས་རྙིང་། གསར་བརྗེའི་ལོ་རྒྱུས་ཀྱི་དྲན་གསོའི་བྱ་ཡུལ་བཅས་ལ་ལྟ་སྐོར་བྱས་པ་ཡིན་ལ།  ས་ཁུལ་གཙོ་བོ་ཚང་མར་ཕལ་ཆེར་བསྐྱོད་ཟིན།  ཏང་གི་ཚོགས་ཆེན་ཐེངས་དང་པོའི་ཚོགས་གནས་ནས་ཏང་གི་གསར་བརྗེའི་གནས་གཞིའི་ས་ཁུལ་གལ་ཆེན་སོ་སོ་དང་། ས་ཞིང་གསར་བརྗེ་དང་། རི་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་ཀྱི་དྲན་གསོའི་ས་ཚིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་ཀྱི་དྲན་གསོ་བྱེད་ཡུལ་གལ་ཆེན་སོགས་ས་ཆ་གང་ཞིག་ཏུ་ཐོན་ཚེ། སྤྱིར་བཏང་མིན་པའི་ལོ་ཟླ་རེ་རེར་བསྐྱར་དྲན་བྱས་ནས་ཏང་གིས་བརྒྱུད་མྱོང་བའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་ལྟ་བྱས་ཚེ། བླ་སྲོག་ལ་གཡོ་འགུལ་ཆེན་པོ་ཐེབས་པ་དང་སྙིང་སྟོབས་སྔར་ལས་ཆེ་རུ་བསྐྱེད།  རྟག་པར་ཡིད་སྨོན་གུས་བཀུར་གྱི་སེམས་པ་བཅངས་ནས་སོང་བ་ཡིན་ལ། ཚོར་ཤེས་མང་པོ་འཁྱེར་ནས་ཕྱིར་ཡོང་གི་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཡོད་ཚད་མདུན་ཕྱོགས་སུ་བསྐྱོད་དགོས་ཀྱང་བརྒྱུད་ཟིན་པའི་ལམ་བུ་བརྗེད་མི་རུང་ལ།  རྒྱང་ཐག་རིང་བོར་ཇི་ཙམ་བསྐྱོད་ པ་དང་འོད་སྟོང་འཕྲོ་བའི་མ་འོངས་བར་ག་ཙམ་བསྐྱོད་ཀྱང་།  འདས་ཟིན་པའི་ལམ་བུ་བརྗེད་མི་རུང་བ་དང་།  མདུན་སྐྱོད་བྱེད་དགོས་པའི་རྒྱུ་མཚན་ཡང་བརྗེད་མི་རུང་བ་དེ་ངས་ནན་གྱིས་བསྟན་ཡོད།

སྔར་སོང་གི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ནས་མདུན་ཕྱོགས་ཀྱི་རྒྱང་སྐྱོད་ལམ་བུར་རྒྱང་ལྟ་བྱེད་སྐབས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ནས་  དཔའ་ངར་ཆེར་སྐྱེད་དང་ཁ་ཕྱོགས་གསལ་སྟོན་བྱེད་པ་དང་།   ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཡིད་ཆེས་བརྟན་གཏོང་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ།  ཏང་གི་ལོ་རྒྱུས་ཉམས་མྱོང་དང་ལག་ལེན་དངོས་ལ་བརྟེན་ནས་བློ་གྲོས་ཀྱི་སྒོ་མོ་འབྱེད་པ་དང་གཤིས་རྒྱུད་སྦྱོང་བརྡར།  སྔ་འཛིན་ཕྱི་གཏོད། གསར་གཏོད་མདུན་སྐྱོད་བཅས་བྱེད་དགོས།

མིག་སྔར་ཏང་ཡོངས་ཀྱི་གོང་འོག་ཚང་མས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ཏེ།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ་དང་། ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་གསལ་རྟོགས་དང་ཡིད་ཆེས་ཆེར་སྐྱེད། སྤྱོད་བཟང་བརྩི་མཐོང་། འབད་བརྩོན་དངོས་སྒྲུབ་བཅས་བྱེད་དགོས།  གནད་འགག་ནི་གཤམ་གྱི་ཕྱོགས་འགའ་དམ་འཛིན་བྱ་དགོས་སྟེ།

དང་པོ།  ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ང་ཚོས་སྔོན་ཏག་ཏག་ལ་ལྟ་སྐོར་བྱས་པའི་པེ་ཅིན་སློབ་ཆེན་གྱི་ཐོག་ཁང་དམར་པོའི་ནང་དུ་ལི་ཏ་ཀྲའོ་དང་ཁྲེན་ཏུའུ་ཞིའུ་སོགས་ཏང་གསར་འཛུགས་བྱེད་མཁན་གྱིས་མར་ཁེ་སི་རིང་ལུགས་ཁྱབ་སྤེལ་བཏང་བའི་མཛད་རྗེས་བཞག་ཡོད། ཀྲུང་གོར་མར་ཁེ་སི་རིང་ལུགས་ཁྱབ་སྤེལ་རྒྱ་ཆེར་བཏང་བ་དེས་ཀྲུང་གོ་གུང་ཁྲན་ཏང་ལ་གསོན་ཤུགས་རྒྱས་སུ་བཅུག་པ་དང་།   མར་ཁེ་སི་རིང་ལུགས་ཀྱིས་ང་ཚོའི་ཏང་ལ་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལྡན་པ་དང་། འཇིག་རྟེན་ངོས་འཛིན་དང་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཡོད་པར་བྱས་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ང་ཚོས་བསམ་ཕོད་པ་དང་། བཤད་ཕོད་པ། སྒྲུབ་ཕོད་པ།  བྱེད་ཕོད་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ནི་མར་ལེའི་རིང་ལུགས་ཡིན་ཞེས་གསུངས་མྱོང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིད་སྟོན་ཡོད་པའི་དབང་གིས་རང་རེའི་ཏང་གིས་གཞི་ནས་རིག་པ་དྭངས་གསལ་དང་། བློ་རྩ་བརྟན་པོས་འགག་རྩར་ཐུག་པའི་གདམ་གའི་མདུན་དུ་གཡོ་འགུལ་མི་བྱེད་པ་དང་། དཀའ་ཚེགས་དང་ངལ་དུབ་ཀྱི་མདུན་དུ་ཞུམ་པ་མེད་པ། ཉམས་ཉེན་སྣ་ཚོགས་ཀྱི་མདུན་དུ་བློ་སྟོབས་མི་ཉམས་པ་དང་། ཡིད་ཆེས་བརྒྱ་འགྱུར་གྱིས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པ་རེད།

རང་རེའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཤིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཀྲུང་གོ་ཤེས་རྟོགས་དང་བསྒྱུར་བཀོད་བྱེད་པའི་ལོ་རྒྱུས་ཤིག་ཀྱང་ཡིན། ལོ་ངོ་བརྒྱ་ཡི་རིང་། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མའོ་ཙེ་ཏུང་གི་དགོངས་པ་དང་། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་གསར་དུ་བཏོད་པ་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གྲུབ་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གསར་དུ་བཏོད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་མཛུབ་སྟོན་བྱས་ནས་རྒྱུན་ཆད་མེད་པར་གནས་བབ་གསར་བ་གསར་གཏོད་བྱས་པ་རེད། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་ཅི་ཡིན་པ་དེ་རྩ་བའི་ཐོག་ནས་བཤད་ན་མར་ཁེ་སི་རིང་ལུགས་ལག་ལེན་དུ་བསྟར་བའི་རྐྱེན་གྱིས་རེད།   ང་ཚོས་ཏང་གི་ལོ་ངོ་བརྒྱ་ཕྲག་རིང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བདེན་དོན་གྱི་སྟོབས་ཤུགས་རྟོགས་ཐབས་བྱས་ཏེ། རྒྱུན་ཆད་མེད་པར་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་ལ་བརྟེན་ནས་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་འོད་ཟེར་འཕྲོ་བར་བྱེད་དགོས།

གཉིས་པ། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དད་སེམས་རྒྱུན་འཁྱོངས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།  ངས་ཐེངས་མང་པོར“གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་”ཞེས་པ་དྲངས་ནས་ཕུགས་བསམ་དད་སེམས་ཀྱི་གལ་ཆེའི་རང་བཞིན་གསལ་བཤད་བྱས་པ་ཡིན།  རང་རེའི་ཏང་ལ་“གུང་ཁྲན་ཏང་”ཞེས་མིང་བཏགས་པ་དེ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་བསམ་ཡིན་པའི་ངོས་འཛིན་བྱས་པ་རེད། ལོ་བརྒྱའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། གུང་ཁྲན་ཏང་མི་ཁྲི་སྟོང་མང་པོ་ཞིག་ཕུགས་བསམ་དད་སེམས་ཀྱི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་བ་རེད།   ཁྲིམས་ཆས་སྟེགས་བུར་སྐྱོད་པའི་ལི་ཏ་ཀྲའོ་ཡིས“ གུང་ཁྲན་རིང་ལུགས་དེར་ཀྲུང་གོ་རུ་ཅིས་ཀྱང་འོད་སྟོང་འབར་བའི་རྒྱལ་ཁ་ཐོབ་ངེས་ཞེས་པའི་དམ་ཚིག་བརྟན་པོ་བསྒྲགས་པ་དང་།  དགྲ་བོའི་གཏུབ་གྲིའི་མདུན་དུ་ཞ་མེན་ཧན་གྱིས“རིང་ལུགས་དྲང་བདེན་ཡིན་ན། མགོ་བོ་གཏུབ་ཀྱང་སྐྲག་མི་དགོས།  ཞ་མེན་ཧན་བསད་ཀྱང་ཀྲུང་གོར་ད་དུང་ཞ་མེན་ཧན་ལྟ་བུ་མང་པོ་འབྱུང་སྲིད་ཅེས་པའི་གཟི་བརྗིད་ཆེ་བའི་སྙན་ངག་ཅིག་བྲིས། དགྲ་དམག་གིས་ཉིན་དྲུག་གི་ནང་ཐེངས་དགུ་ལ་མགོ་འདོགས་དགོས་པའི་ཁ་ཏ་བྱས་པར། ཆིས་ཆིའུ་པའེ་ཡིས་མི་ཞིག་ཡིན་ན་རང་ཉིད་ཀྱི་ལོ་རྒྱུས་ལ་དགའ་བ་ནི་བྱ་ཞིག་རང་ཉིད་ཀྱི་གཤོག་པར་དགའ་བ་ལས་ཀྱང་ཤུགས་ཆེ་བས།  ཁྱོད་ཀྱིས་ངའི་ལོ་རྒྱུས་ལ་རྡོག་རྫིས་མ་གཏོང་ཞེས་སྤོབས་པ་ཆེན་པོས་དེ་ལྟར་ལན་བཏབ།  བློ་མཐུན་ཏིན་ཞའོ་ཕེན་གྱིས“ང་ཚོ་ལ་ཆེས་དཀའ་སྡུག་ཆེ་བའི་དུས་སྐབས་སུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ནི་ང་ཚོའི་བླ་སྲོག་གི་རྒྱབ་རྟེན་ཡིན། མི་མང་པོ་ཞིག་གིས་རང་སྲོག་བློས་བཏང་བ་ནི་ཕུགས་བསམ་དེ་མངོན་འགྱུར་བྱེད་པའི་ཆེད་དུ་ཡིན་ཞེས་གསུངས་མྱོང་།

ད་ལྟ་ང་ཚོ་འཐབ་འཁྲུག་གི་མེ་ལྕེ་འབར་བའི་ཉེན་ཁའི་ཁོར་ཡུག་དང་རིང་དུ་བྲལ་ནས་དུས་ཡུན་རིང་བོར་ཞི་བདེའི་འཚོ་བ་རོལ་བཞིན་ཡོད་མོད། འོན་ཀྱང་ཕུགས་བསམ་དད་སེམས་ལ་གཡོ་འགུལ་ཐེབས་པའི་ཉེན་ཁ་འབྱུང་ཉེན་ཆེ།  གུང་ཁྲན་རིང་ལུགས་ནི་རང་རེའི་ཏང་གི་ཕུགས་འདུན་ཆེན་པོ་ཡིན་ཞིང་།  ཡུན་རིང་གི་ཕུགས་འདུན་དེ་མངོན་འགྱུར་བྱེད་ཆེད་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཇེ་བརྟན་དུ་གཏོང་དགོས།  ཏང་ཡོངས་ཀྱི་བློ་མཐུན་ཚོས“འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ་དང་“ རང་རྟོན་བཞི”ཇེ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ།  རྒྱུན་ཆད་མེད་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་དགོས།

【 2021ལོའི་ཟླ6ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ལེགས་པོ་བྱེད་ཆེད་ཐུན་མོང་སློབ་སྦྱོང་ཐེངས་སོ་གཅིག་པ་བསྡུས།  ཐེངས་དེའི་ཐུན་མོང་སློབ་སྦྱོང་ལ་ལྟ་སྐོར་དང་གྲོས་བསྡུར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཡོད།   འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལེ་ཅི། ཧན་ཀྲིན་སོགས་ཀྱིས་ཀྲུང་ནན་ཧའེ་ཧྥིན་ཙེ་ཡོན་དུ་བློ་མཐུན་མའོ་ཙེ་ཏུང་གི་བཞུགས་སྒར་ལ་གཟིགས་སྐོར་གནང་བཞིན་པ་རེད】

གསུམ་པ། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་ འགན་འཁྲི་རྒྱུན་འཁྱོངས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ལག་བསྟར་བྱེད་རྒྱུ་ ནི་རང་རེའི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ཁྱབ་པའི་དམར་ཐིག་ཅིག་རེད། རང་རེའི་ཏང་ནི་དེ་འདྲའི་ཉམ་ཆུང་གི་གནས་ཚུལ་འོག་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་དཀའ་སྡུག་དང་ཉེན་ཁ་སྣ་ཚོགས་ཀྱི་ཁྲོད་ནས་ཡང་ཡང་རྣམ་པར་རྒྱལ་བའི་རྩ་བའི་རྒྱུ་རྐྱེན་ནི། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་བསྟར་བྱས་པས།  མི་དམངས་ཀྱི་བླ་ན་མེད་པའི་གོང་བཀུར་དང་རྒྱབ་སྐྱོར་ཐོབ་པས་རེད། མི་དམངས་ནི་རང་རེའི་ཏང་གི་ཚེ་སྲོག་གི་རྩ་བ་དང་།  སྲིད་འཛིན་གྱི་རྨང་གཞི།  སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན་པ་རེད།

སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་པ། སྲིད་དབང་བརྩོན་ལེན་དང་རྒྱལ་སྲིད་བརྟན་སྲུང་བྱེད་པ་ནི་མི་དམངས་ཀྱི་འདོད་བློ་བརྟན་སྲུང་བྱེད་པ་ཡིན་པས།  ཏང་ཡོངས་ཀྱི་བློ་མཐུན་ཚོར་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བཞིན་པའི་རང་རེའི་ཏང་འདི་ལྟ་བུ་ཞིག་ལ་མཚོན་ནས་བཤད་ན།  ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་པ་དང་། མི་དམངས་མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ་དེ་ལས་ཆེ་བ་མེད་ཅེས་ངས་ཡང་ཡང་ནན་བཤད་བྱས་མྱོང་།  ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་ཤི་གསོན་མཉམ་གནས་དང་བདེ་སྡུག་མཉམ་མྱོང་བྱས་ན་མི་དམངས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་དང་། ཏང་འདི་ཉིད་ནམ་ཡང་ཉམས་པ་མེད་པར་གནས་ཐུབ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་ཆད་མེད་པར་རྟོགས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ཡག་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།

བཞི་པ།  ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། རང་རེའི་ཏང་གི་ལོ་ངོ་བརྒྱ་ཕྲག་རིང་གི་འབད་འཐབ་ལོ་རྒྱུས་ལས། རླབས་ཆེན་གྱི་སྙིང་སྟོབས་ལྡན་པའི་སྲིད་ཏང་ཡོད་ཚེ་གཞི་ནས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་འཐབ་རྩོད་ཐོབ་པ་དང་རླབས་ཆེན་གྱི་བྱ་གཞག་གཏོད་ཐུབ་པ་གསལ་བཤད་བྱས་ཡོད། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་དཀའ་ཉེན་ལ་མི་སྐྲག་པ་དང་། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ།  དཀའ་སྤྱད་འབད་འཐབ་དང་འབད་བརྩོན་ལྷོད་མེད་བཅས་བྱས་ནས། ལོ་རྒྱུས་ཀྱི་རང་འགུལ་རླབས་པོ་ཆེའི་སྙིང་སྟོབས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བསྐྲུན་ནས་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་གྲུབ་པ་རེད། ཏང་གི་རླབས་ཆེན་སྙིང་སྟོབས་དང་གཟི་བརྗིད་སྲོལ་རྒྱུན་ནི་ང་ཚོའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་པ་དང་། ང་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཡིན།    ལི་ཏ་ཀྲའོ་ཡིས་ལོ་རྒྱུས་ཀྱི་བགྲོད་ལམ་ནི་བདེ་མོ་ཞིག་མིན་ལ།  སྐབས་འགར་ཉེན་ཁ་དང་དཀའ་སྡུག་བརྒྱུད་དགོས་པ་དང་། འདི་ནི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ན་ད་གཟོད་ཕར་བསྐྱོད་ཐུབ་ཅེས་གསུངས་མྱོང་།

དེང་སྐབས་ཀྱི་ཀྲུང་གོ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བར་དངོས་པོའི་དཔལ་ཡོན་གསོག་འཇོག་བྱེད་དགོས་ལ་བསམ་པའི་དཔལ་ཡོན་དེ་བས་དར་བར་བྱེད་དགོས། མདུན་སྐྱོད་ཀྱི་བགྲོད་ལམ་ནི་ནམ་ཡང་ཀྱག་ཀྱོག་ཞིག་ཡིན་མི་སྲིད་པས། ང་ཚོས་ངེས་པར་དུ་འགྲན་སློང་ཆེན་པོ་དང་། ཉེན་ཁ་ཆེན་པོ། འགལ་རྐྱེན་ཆེན་པོ། འགལ་བ་ཆེན་པོ་སྣ་ཚོགས་ལ་གདོང་གཏོད་དགོས་པ་ལས།  གསར་བརྗེ་དང་སྲོག་བསྡོས་ཀྱི་སྙིང་སྟོབས་གཏན་ནས་འདོར་མི་རུང་བ་དང་། ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། དཀའ་སྤྱད་འབད་བརྩོན། ཧུར་བརྩོན་གྲོན་ཆུང་བཅས་ཀྱི་སྲོལ་རྒྱུན་གཏན་ནས་འདོར་མི་རུང་ལ། སྟོབས་ལྡན་དགྲ་བོར་མི་སྐྲག་པ་དང་། ཉེན་ཁར་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་བློ་སྟོབས་གཏན་ནས་འདོར་མི་རུང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད་གྲུབ་པའི་རླབས་ཆེན་གྱི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ལ་གསོ་སྐྱོང་དང་སྐུལ་མ་གཏོང་བ་དང་། དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྣ་ཚོགས་ཡག་པོར་བསྒྲུབ་དགོས།

ལྔ་པ། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ངོས་གསར་བརྗེ་རྒྱུན་འཁྱོངས་ བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། རང་རེའི་ཏང་གི་ལོ་ངོ་བརྒྱ་ཕྲག་རིང་གི་འབད་འཐབ་ལོ་རྒྱུས་ལས་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ནི་ལྷན་སྐྱེས་ཤིག་མ་ཡིན་པར་དུས་ཡུན་རིང་བོའི་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་ནས་ཞུན་བརྡར་བྱས་ནས་གྲུབ་པ་ཞིག་ཡིན་ལ། རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་པའི་ཁྲོད་བཙོ་སྦྱང་བྱས་ ནས་གྲུབ་པ་ཞིག་ཡིན་པ་གསལ་པོར་མཚོན་ཡོད། རང་རེའི་ཏང་རླབས་ཆེན་ཡིན་དོན་ནི་ནོར་འཁྲུལ་མི་བཟོ་བ་དང་གནད་དོན་གསང་ནས་ཡོ་བསྲང་མི་བྱེད་པ་ཞིག་མིན་པར། གནད་དོན་ལ་ཐད་ཀར་གདོང་གཏོད་ཕོད་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པ་ཞིག་ཡིན། རང་རེའི་ཏང་ནི་ལོ་ངོ་བརྒྱ་ཡི་འགྱུར་ལྡོག་མང་པོ་བརྒྱུད་མྱོང་ཡང་སྔར་བཞིན་སྟོབས་ཆེར་འགྲོ་བཞིན་པའི་རྒྱུ་མཚན་ནི་རང་ཉིད་གཙང་བཟོ་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བཅོས། རང་ཉིད་མཐོར་གཏོང་བཅས་ཀྱི་ནུས་པ་ཆེན་པོ་ལྡན་པས་རེད། ཐོག་མཐའ་བར་གསུམ་དུ་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་ན།  རང་རེའི་ཏང་གིས་དུས་ནམ་ཡང་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་རྒྱུན་འཛིན་ཐུབ་པ་དང་། དུས་ནམ་ཡང་མི་ཕམ་པའི་གནས་སུ་ལངས་ཐུབ་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད།

རང་རེའི་ཏང་གིས་སྲིད་དབང་བཟུང་ནས་ལོ་ངོ70ལྷག་འདས་ཟིན་ལ། ད་དུང་དུས་ཡུན་རིང་པོར་སྲིད་དབང་སྐྱོང་དགོས། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ནི་ཏང་གི་སྲིད་སྐྱོང་ནུས་པའི་འདེགས་སྐྱོར་ཆེན་པོ་ཞིག་ཡིན་པས། དུས་ནམ་ཡིན་ཡང་འདོར་མི་རུང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་རླབས་ཆེན་གྱི་རང་ངོས་གསར་བརྗེ་འདི་སྤེལ་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག  ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་། ཏང་གི་དག་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་རྒྱུ་རྐྱེན་སྔར་བཞིན་གནས་ཡོད་པ་དང་། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་སད། ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་ཕྱོགས་ཁོར་ཡུག་གི་ཉམས་སད་བཅས་ནི་དུས་ཡུན་རིང་ཞིང་རྙོག་འཛིང་ཆེ་བ་དང་། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་བསམ་པའི་སྒྱིད་ལུག་གི་ཉེན་ཁ་དང་། འཇོན་ནུས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་ནི་རྣོ་ངར་ཆེ་ཞིང་ཛ་དྲག་ཆེ་བ་ཞིག་ཡིན་པ་ང་ཚོས་ངེས་པར་དུ་ངོས་འཛིན་གང་ལེགས་བྱ་དགོས།   ཏང་ཡོངས་ཀྱི་བློ་མཐུན་ཚོས་སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།  ནམ་ཡང་ལམ་ན་ཡོད་པའི་བློ་རྩ་བརྟན་པོས་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་གཏིང་ཟབ་ཏུ་སྐུལ་སྤེལ་བྱེད་དགོས།  ཏང་ཡོངས་ཀྱི་བློ་མཐུན་ཚོས་རང་གཅུན་ནན་མོ་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ།  རང་སྟེང་ལ་གནས་པའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ཕོད་པ་དང་། བསམ་བློ་དང་བྱ་སྤྱོད་ཐད་ཀྱི་ནོར་འཛོལ་དུས་ཐོག་ཏུ་ཡོ་བསྲང་བྱེད་པ། རང་ཉིད་ཉམས་ཞན་དང་གཞན་འགྱུར་མི་ཡོང་བ་སྔོན་འགོག་བྱེད་པ། ཐོག་མཐའ་བར་གསུམ་དུ་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་བྱེད་པ་བཅས་བྱས་ནས་ཏང་འདི་ཉིད་སྔར་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་དགོས་ངེས་ཀྱི་འབད་བརྩོན་བྱེད་དགོས།

【 2021ལོའི་ཟླ9ཚེས13ཉིན་ནས་ཚེས14ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་གཟིགས་ཞིབ་གནང་བ་རེད། འདི་ནི་ཚེས13ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་སྨི་ཀྲི་རྫོང་དབྱང་ཅ་ཀུག་གསར་བརྗེའི་གནས་རྙིང་དུ་གཟིགས་ཞིབ་གནང་བཞིན་པ་རེད།  】

བློ་མཐུན་ཚོ། གསར་བརྗེའི་ཐོན་ཁུངས་ནི་རང་རེའི་ཏང་གི་དཀའ་སྤྱད་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་དང་། ཆེས་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས་ངེས་པར་དུ་སེམས་ཤུགས་ཡོད་རྒུ་བཏོན་ནས་སྲུང་སྐྱོབ་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས། གཅིག་ནས་ཚན་རིག་དང་མཐུན་པར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། གསར་བརྗེའི་ཐོན་ཁུངས་ནི་སླར་སྐྱེས་མི་ཐུབ་པ་དང་ཚབ་བྱེད་ཐབས་བྲལ་བའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པས། སྲུང་སྐྱོབ་བྱ་རྒྱུ་ནི་ལས་འགན་ཨང་དང་པོ་ཡིན། ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་གསར་བརྗེའི་ཐོན་ཁུངས་ལ་ཆེད་དོན་བརྟག་དཔྱད་གཏིང་ཟབ་བྱེད་པ་དང་།  གསར་བརྗེའི་རྗེས་ཤུལ་དང་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་བྱས་ནས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ།  གཟུགས་ཉིད་སྲུང་སྐྱོབ་དང་མཐའ་སྐོར་སྲུང་སྐྱོབ།  ཁེར་རྐྱང་སྲུང་སྐྱོབ་དང་ཚོགས་སྤྱི་སྲུང་སྐྱོབ་སོགས་ལ་ གཅིག་འདོམས་ཡག་པོ་བྱེད་དགོས། གཉིས་ནས་མ་ལག་ཞིབ་འཇུག་བྱེད་དགོས། སྟོབས་ཤུགས་གཅིག་གྱུར་གྱིས་ཞིབ་འཇུག་དང་། ཞིབ་འཇུག་འཆར་འགོད་ལ་ཤུགས་སྣོན་བྱས་ཏེ། ཧུར་ཐག་གིས་གསར་བརྗེའི་ལོ་རྒྱུས་རྒྱུ་ཆ་མྱུར་སྐྱོབ་དང་། འཚོལ་བསྡུ། ཞིབ་འཇུག་བཅས་ཀྱི་ལས་དོན་སྤེལ་བ་དང་། གསར་བརྗེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། གསར་བརྗེའི་ཐོན་ཁུངས་རྒྱབ་ཕྱོགས་ཀྱི་བསམ་བློའི་གོ་དོན་སྔོག་འདོན་གཏིང་ཟབ་བྱེད་པ། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་ངོ་བོ་གཙོ་བོ་ཡང་དག་པས་ཁོང་དུ་ཆུད་པ།  དར་ཆ་གསལ་སྒྲེང་སྒོས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་དང་བཀག་འགོག་བཅས་བྱེད་དགོས། གསུམ་ནས་སྤུས་དག་བརྩམས་ཆོས་འགྲེམས་སྟོན་བྱེད་དགོས། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། སྒྱུ་རྩལ་གྱི་རང་བཞིན་བཅས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  ཕྱོགས་སྟོན་དམ་འཛིན་དང་བརྗོད་དོན་གཙོ་བོར་དམིགས་པ། ལོ་རྒྱུས་ཀྱི་དོན་དངོས་དང་བསྟུན་ནས་སྐད་ཆ་བཤད་པ། སྤུས་ཚད་མཐོ་བའི་དཔེ་དེབ་འགྲེམས་སྟོན་བཅས་བྱས་ཏེ། མཚོན་པའི་ནུས་པ་དང་། བརྒྱུད་སྤེལ་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་བཏང་ནས་གསར་བརྗེའི་རིག་གནས་གསོན་ཉམས་དོད་པོས་བརྒྱུད་སྤེལ་བྱེད་དགོས། བཞི་ནས་སློབ་གསོའི་ནུས་པ་ཆེ་རུ་གཏོང་དགོས། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་དོན་རྐྱེན་གལ་ཆེན་དང་བརྒྱུད་རིམ་གལ་ཆེན་ལ་དམིགས་ནས། མཚོན་རྟགས་གལ་ཆེན་ས་གནས་སྐོར་ཞིག་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ལེགས་པར་བརྗོད་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ། མི་ལ་སློབ་གསོ་གཏོང་བ་དང་། མི་ལ་སྐུལ་མ་གཏོང་བ། མི་སྣ་བཞེངས་སྐྲུན་བཅས་ཀྱི་སློབ་གྲྭ་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། ན་གཞོན་ལོ་ཆུང་གི་ཤེས་རྟོགས་ཁྱད་ཆོས་དང་འཚམ་པའི་སློབ་གསོའི་བྱེད་སྒོ་ཇུས་འགོད་བྱས་ཏེ་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ན་གཞོན་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ཀྱི་རྟེན་གཞི་བཙུགས་ནས། ཁོ་ཚོས་ཆུང་དུས་ནས་སེམས་ནང་གསར་བརྗེའི་ཕུགས་བསམ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས།

བློ་མཐུན་ཚོ། མའོ་ཀྲུའུ་ཞིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་ གྲ་སྒྲིག་ཚོགས་འདུའི་ཐོག་གསུངས་རྒྱུར།  ང་ཚོའི་ཀྲུང་གོའི《ཀྲོང་ཙི》ཞེས་པའི་དེབ་ཀྱི་ནང་འདི་ལྟར་གསུངས་ཡོད་དེ།  ཐོག་མའི་དུས་ལ་ཉམ་ཆུང་ཡང་། མཐའ་མའི་དུས་ལ་ཅིས་ཀྱང་ཆེན་པོར་འགྱུར།    ད་ལྟ་ང་ཚོའི་ཏང་སྔར་ལས་ཆེ་རུ་ཕྱིན་ཡོད་པ་དང་། ཏང་གི་དཔུང་ཁག་སྔར་ལས་ཆེ་རུ་ཕྱིན་ཡོད་པ། ཏང་གི་བྱ་གཞག་སྔར་ལས་ཆེ་རུ་ཕྱིན་ཡོད་པ། ང་ཚོའི་ཕྲག་ཏུ་ཡོད་པའི་འགན་འཁྲི་ཡང་སྔར་ལས་ཆེ་རུ་ཕྱིན་ཡོད་པ། མི་དམངས་ཀྱིས་ཏང་ལ་བཏོན་པའི་བླང་བྱ་ཡང་སྔར་ལས་ཆེ་ཞིང་སྔར་ལས་མཐོ་བ། སྔར་ལས་ནན་མོ་བཅས་སུ་ཕྱིན་ཡོད་པ་རེད། ང་ཚོས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོས་ཁྲག་བཏོན་སྲོག་དོར་བྱས་ནས་བསྐྲུན་པའི་གསར་བརྗེའི་སྲིད་དབང་སྲུང་སྐྱོབ་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ནས་གསར་བརྗེའི་སྔོན་བྱོན་པའི་རེ་འདུན་ཆུད་ཟོས་སུ་མི་གཏོང་བ་དང་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་གིས་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།

འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2021ལོའི་ཟླ6ཚེས25ཉིན་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་སོ་གཅིག་པའི་ཐོག་གནང་བའི་གསུང་བཤད་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།