རིམས་ནད་ནི་བཀའ་རྒྱ་ཡིན་ལ། སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན། རིམས་ནད་ནང་དུ་མཆེད་པའི་ཉེན་ཁ་དངོས་གནས་ཇེ་ཆུང་དུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་ཐུང་ཧའེ་ལམ་ཁྲོམ་གཞུང་ཐའོ་ལིས་ལམ་སྡོད་ཁུལ་ཏང་ཨུ་ཡིས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། མངའ་ཁོངས་ཀྱི་ཏང་ཡོན་གྱིས་ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དང་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། ལོ་རྒྱུས་སློབ་སྦྱོང་དང་འབད་བརྩོན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གསར་བརྗེའི་སྒུལ་ཤུགས་བསྣན་དགོས་པའི་འབོད་སྐུལ་བཏང་།
སྡོད་ཁུལ་ཏང་ཨུས་སྐད་འཕྲིན་སྤྱི་སྟེགས་དང་སྐད་འཕྲིན་ཚོགས་པ་སོགས་བརྒྱུད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དང་བླངས་པ་སྐོང་བསྡུ་བྱེད་པའི་ཆ་འཕྲིན་སྤེལ་བ་དང་། ཏང་ཡོན་དང་སྡོད་དམངས་ཚོས་ཧུར་ཐག་གིས་དང་ལེན་བྱས་ཏེ། རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡུལ་དངོས་སུ་བསྐྱོད་རྒྱུའི་རེ་བ་བཏོན། སྡོད་ཁུལ་གྱི་སྡེ་ལས་ལ་གཞོགས་འདེགས་བྱས་ཏེ་སྒོ་ཕྱིར་འགྲོ་བ་དང་ནང་དུ་ཡོང་བར་བདེ་ཐང་བཤེར་རིས་ལ་བལྟ་བ་དང་ལུས་དྲོད་འཇལ་བ། ཡུལ་དངོས་ནས་དོགས་གནད་སེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། སྡོད་དམངས་ལ་ཚན་རིག་དང་མཐུན་པར་སྔོན་འགོག་བྱ་རྒྱུར་ཁྲིད་སྟོན་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས། གནམ་ཟླ་འཁྱག་རུང་ཚང་མས་ཕྱིར་བཤོལ་སྤུ་ཙམ་ཡང་མི་བྱེད་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་དང་བླངས་པའི་སྙིང་སྟོབས་མཚོན་པར་བྱེད་ཀྱི་ཡོད། དང་བླངས་པ་ཏང་ཡོན་རྒན་པ་ཀྲང་ཡིའུ་ཏེན་ནི་ད་ལོ་ལོ80ཡིན་པ་དང་ཁོའི་རྐང་བ་མི་བདེ་བས་འགྲོ་འདུག་ལ་དཀའ་ཁག་ཆེ་བ་རེད། ཡིན་ན་ཡང་། ཟླ10ཚེས22ཉིན་ནས་བཟུང་ཁོས་ཉིན་ལྟར་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོར་བསྐྱོད་དེ་སྡེ་ལས་ཀུང་སིའི་ལས་བྱེད་མི་སྣར་གཞོགས་འདེགས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བ་རེད། ཁོས་བཤད་རྒྱུར། ཏང་ཡོན་རྒན་པ་ཞིག་ཡིན་པའི་ངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་རྒྱུ་ནི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ལ། ཁྱིམ་དུ་ཁོམ་ནས་བསྡད་ཚེ་ངའི་སེམས་བདེ་ལ་འབབ་མི་ཐུབ་ཟེར། དང་བླངས་པ་ཚོས“ལས་འཁྱུར་ངལ་གསོ་བྱས་ཏེ་ལས་གནས་ནས་ཕྱིར་བུད་རུང་ལས་གནས་འདོར་མི་སྲིད་པའི”བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མངོན་པར་བྱས་ཏེ། ཏང་རྟགས་ལ་ལས་ཡུལ་དང་པོ་ནས་འོད་མདངས་ཆེམ་ཆེམ་འཕྲོ་བར་བྱས་ཡོད།
ནུས་ཤུགས་ཡོད་རྒུས་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱས། སྡོད་ཁུལ་གྱི་ཐོག་ཁང་དང་པོའི་སྡོད་དམངས་རྣམས་ཉིང་སྐྱུར་ཞིབ་བཤེར་བྱེད་དགོས། ལག་ཁྱེར་ཁ་པར་དང་ཐོབ་ཐང་ལག་ཁྱེར་འཛིན་དགོས། ཚང་མས་སྔོན་ལ་བདེ་ཐང་ཨང་རིས་ལ་བལྟས་ནས་མི་སྒེར་གྱི་ཆ་འཕྲིན་ནང་འགོད་དགོས། སྔོན་ལ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་ཨང་གྲངས་གྲ་སྒྲིག་བྱས་ནས་བར་ཐག་སྨི1བཞག་ནས་ཞིབ་བཤེར་ཚད་ལེན་བྱ་རྒྱུར་སྒུག་དགོས་ཞེས་བཤད། ཏང་ཡོན་དང་བླངས་པས་རང་འགན་རང་འཁུར་དང་། གོ་རིམ་ལྡན་པའི་ངང་སྡོད་དམངས་རྩ་འཛུགས་བྱས་ཏེ། མ་དཔེ་འཚོལ་བསྡུ་དང་སྒྲིག་ལམ་སྲུང་སྐྱོབ་བྱེད་ཞོར་དུ་སྡོད་དམངས་ལ་མངགས་བཅོལ་ཡང་ཡང་བྱས། ཆ་འཕྲིན་ཕབ་འཇུག་ལ་ནོར་འཁྲུལ་མི་འབྱུང་བའི་ཆེད་དུ། མཁར་ནུབ་ཁུལ་འབྲེལ་གཏུག་ས་ཚིགས་ལས་ཁུངས་ཁྲིམས་འཛིན་ཅུས་ཀྱི་ཏང་ཡོན་དང་དང་བླངས་པས་ཀྱང་སྡོད་ཁུལ་གྱི་ལས་བྱེད་མི་སྣ་དང་མཉམ་དུ་ཉིན་མཚན་མེད་པར་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་ཤིང་། སྡོད་ཁུལ་གྱིས་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་དང་སྡོད་ཁུལ་གྱི་འཛུལ་སྒོ་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་སྣ་ཚོགས་སྤེལ་བ་དེ། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོའི་ནང་བཅུག་སྟེ་ནད་ཡམས་སྔོན་འགོག་ཚོད་འཛིན་དང་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་ནུས་ཡོད་སྒོས་རྒྱབ་སྐྱོར་བྱས།
ཉིན་འདི་འགར། སྡོད་ཁུལ་གྱི་ལས་བྱེད་མི་སྣ“རིམས་ནད”འགོག་པའི་འཐབ་ཕྱོགས་དང་པོར་ཧུར་ཐག་གིས་ཞུགས་པ་དང་། ཁོ་ཚོས་རྟག་ཏུ་ལས་ཀར་བྲེལ་བ་ཆེ་བས་ཟ་མ་ཟ་ཐུབ་ཀྱིན་མེད་པ་རེད། ཐའོ་ལིས་ལམ་ཁོངས་གཏོགས་ཀྱི་ཏིན་ཏའོ་འཐེན་ཐུག་ཟ་ཁང་གིས་རང་འགུལ་ངང་ལས་བྱེད་མི་སྣ་དང་དང་བླངས་པ་ཚོར་རིན་མེད་ངང་གཅེས་སེམས་གུང་ཟས་མཁོ་འདོན་བྱས་པ་དང་། ཏང་ཡོན་རྒན་པ་ཨ་ཁུ་ཏུང་ལགས་བཟའ་ཟླ་གཉིས་ཀྱིས་རང་ཁྱིམ་ནས་ཟ་མ་གཡོས་སྦྱོར་བྱས་ཏེ་ཐེངས་མང་པོར་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་བསྐྱལ་བར་མ་ཟད། ཐའོ་ལིས་ལམ་སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་སུ་ནད་དུག་སྔོན་འགོག་བྱེད་པའི་ཀྲུང་ལུགས་སྨན་རྫས་བྱིན་པ་དང་ལས་བྱེད་མི་སྣར་འགོག་སྲུང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་བྱས་པ་སོགས་ཁོ་ཚོའི་དྲོ་སྐྱིད་ལྡན་པའི་བྱ་སྤྱོད་ཀྱིས་རིམས་འགོག་འཐབ་ཕྱོགས་དང་པོའི་ལས་བྱེད་མི་སྣར་ཡིད་ཆེས་དང་སྟོབས་ཤུགས་དེ་བས་ཆེན་པོ་བསྩལ།
མི་གཅིག་གིས་མི་སྐོར་ཞིག་ལ་རོགས་བྱེད་པ་དང་མི་སྐོར་ཞིག་གིས་གྲོང་ཁྱེར་ཞིག་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད། ལས་ཀ་བྱ་ཡུལ་དུ་ཉིན་མཚན་ཀུན་ཏུ་བརྟན་སྲུང་བྱེད་བཞིན་པའི་སྒོ་སྲུང་བ་དང་། ས་ཕྱོགས་གཅིག་གི་བདེ་འཇགས་སྲུང་བའི་མི་དམངས་ཀྱི་སྤྱི་ཞབས་པ། འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་གོས་དཀར་ཕོ་ཉ་བཅས་འདི་འདྲའི་ཚོགས་སྤྱི་ཞིག་གིས་འགན་འཁྲིའི་ཆེད་དུ་བརྟན་སྲུང་བྱེད་པ་དང་བརྩེ་སེམས་ཆེན་པོས་ལེགས་སྐྱེས་འབུལ་བཞིན་ཡོད། ཁོ་ཚོས་གཅེས་སེམས་དང་། བློ་སྟོབས། བརྟན་སྲུང་བཅས་ལ་བརྟེན་ནས་ཞུམ་མེད་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་། རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྣ་ཚོགས་ཡག་པོར་སྒྲུབ་བཞིན་ཡོད། གོམ་རིམ་རྗེས་མར་ཐའོ་ལིས་ལམ་སྡོད་ཁུལ་ཏང་ཨུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་གིས་སྒྲུབ་པ་དང་ཆབས་ཅིག དམངས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།