“རིམས་ནད”ལ་འཐབ་པས་ཡུལ་དངོས་སུ་ཏང་དར་ལྷབ་ལྷུབ་བསྐྱོད། 
2021.11.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

“ཏང་ཡོན་ཞིག་ཡིན་པའི་ངོས་ནས། ཇི་ལྟར་དམིགས་བསལ་གྱི་སྐབས་སུ་སླེབས་ན། དེ་ལྟར་སྔོན་ལ་རྒྱུགས་ཐུབ་དགོས། ང་ཚོ་ལོ་རབས་བདུན་ཅུ་བའི་རྗེས་སུ་སྐྱེས་པ་ཡིན་ཡང་། ད་དུང་རྒས་མེད། ”ཟླ10བའི་ཚེས26ཉིན། ཧུའུ་ཐའེ་སྡོད་ཁུལ་ཧུའུ་ཐའེ་སྲང་ལམ་དང་པོའི་ཨང་རྟགས10པའི་ར་སྐོར་ནང་། ལོ་ན་དོན་དྲུག་ལ་སླེབས་པའི་ཏང་ཡོན་ཅིན་ཞིས་དང་། ལོ་ན་དོན་བདུན་ལ་སླེབས་པའི་ལིས་ཧའེ་ལེན་གཉིས་ཀྱིས་གྲང་ངར་ཆེ་བའི་ནམ་ཟླ་དང་ཁ་བ་བུ་ཡུག་ལ་མི་འཛེམ་པར་སྡེ་ཁུལ་གྱི་སྒོ་ཁ་བརྟན་སྲུང་བྱས་ཡོད། ཁོ་གཉིས་ཀྱིས་སྡོད་དམངས་ཀྱི་དྲོད་ཚད་བརྟག་པ་དང་། ཕྱི་འགྲོ་ནང་ཡོང་གི་གནས་ཚུལ་ཐོ་འགོད་བྱེད་བཞིན་ཡོད་ཅིང་། རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག་བྱས་ནས་སྡོད་ཁུལ་གྱི་ལས་བྱེད་མི་སྣ་དང་མཉམ་དུ་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོ་རུ་གནས་ཡོད།ཉིན་འགའི་སྔོན་ལ། རྒན་པོ་ལིས་ཧའེ་ལེན་གྱིས་ཆེས་སྔོན་མ་བྱས་ནས་སྡོད་ཁུལ་གྱི་འབོད་སྐུལ་དང་དུ་བླངས་ནས་རང་འགུལ་གྱིས“རྒན་པའི”དང་བླངས་པའི་རུ་ཁག་ནང་ཞུགས་པར་མིང་ཐོ་བཀོད་དེ། སྡོད་ཁུལ་གྱི་ཁྱིམ་ཚང་ལ་རིམས་ནད་འགོག་སྲུང་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་། ཕྱིར་ཡོང་གི་མི་སྣ་དང་རླངས་འཁོར་སོགས་ལ་གྲལ་བཤེར་ཐོ་འགོད་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ། མིག་སྔར། དང་བླངས་ཞབས་ཞུ་རུ་ཁག་དེ་ལ་མི་བཅུ་གཅིག་ཡོད་པ་དང་། ཁོ་ཚོས་རང་ཉིད་ལོ་ན་རྒས་པར་མི་འཛེམ་པར་རང་གི་ནུས་ཚོད་ཀྱིས་སྡོད་ཁུལ་ཏང་རྩ་འཛུགས་ཀྱིས་བྱ་བ་སྤེལ་བར་རམ་འདེགས་བྱས་ནས་ཏང་ཡོན་རྒན་པའི་བརྩེ་སེམས་དང་འགན་འཁྲི་མངོན་པར་བྱས།

སྡོད་ཁུལ་ནི་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོ་ཡིན། བསྟུད་མར་ཉིན་འགའི་རིང་ལ། རིམས་ནད་འགོག་སྲུང་གི་འཐབ་རའི་སྟེང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཧུའུ་ཐའེ་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རང་ས་ཁུལ་གྱི་འགན་འཁྲི་ཕྲག་དུ་བླངས་ཏེ། རིམ་པ་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་པ་དང་། ཏང་ཡོན་གྱིས་སྔོན་ཐོན་མིག་དཔེའི་ནུས་པ་བཏོན་ནས་ཐོག་མཐའ་བར་གསུམ་དུ་སྔོན་ལ་འགྲེང་བ་དང་། འཐབ་ཕྱོགས་དང་པོར་རྒྱུགས་ཤིང་།“རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་། འགོག་སྲུང་ནི་འགན་འཁྲི་ཡིན་པའི”ཆབ་སྲིད་རང་རྟོགས་མངོན་པར་བྱས་ཏེ། གུང་ཁྲན་ཏང་མིའི་ཐོག་མའི་འགན་འཁྲི་ལག་བསྟར་བྱས།

“ང་ནི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་ཞིག་ཡིན། ངས་དང་བླངས་ཞབས་ཞུའི་རུ་ཁག་ནང་ཞུགས་པར་རེ་ཞུ་བྱས།”དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་བུའུ་ལིས་ཞིན་དང་། བང་ཞིས་པིན། ཧི་ཡུང་པང་། ཏིན་ཞན་པང་། བང་ཧྲིན་ཡུས་སོགས་སྔ་གཞུག་ཏུ་ཞིན་ཞི་སྡོད་ཁུལ་གྱི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ཞབས་ཞུའི་རུ་ཁག་ནང་ཡོང་སྟེ། རང་འགུལ་ངང་དམག་འཐབ་ནང་ཞུགས་ཏེ། སྡོད་ཁུལ་གྱི་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོའི་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུའི་རེ་བ་ཞུས། ད་ལོ་ལོ་ན་ང་ལྔར་སོན་ཡོད་པ་དང་། ཏང་གི་ནང་དུ་ཞུགས་ནས་ལོ་སོ་གསུམ་འགོར་ཡོད་པའི་བུའུ་ལིས་ཞིན་གྱིས་སྔོན་ཆད་མདོ་དབུས་མཐོ་སྒང་གི་དམག་སྒར་ལ་རང་ཉིད་ཀྱི་ལོ་ངོ་ཉི་ཤུའི་ལང་ཚོ་ཕུལ་མྱོང་། ཐེངས་འདིའི་རིམས་ནད་འགོག་སྲུང་ཁྲོད། བུའུ་ལིས་ཞིན་གྱིས་དུས་ཚོད་དང་པོའི་ནང་སྡོད་ཁུལ་གྱི་ཏང་ཨུ་ལ་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོའི་དང་བླངས་ཞབས་ཞུའི་རུ་ཁག་ནང་ཞུགས་རྒྱུའི་རེ་ཞུ་བྱས།“དམག་མིས་དམག་ལྭ་ཕུད་ཀྱང་སྔར་བཞིན་དམག་མི་ཡིན། དམག་མི་བྱས་མྱོང་བས། ངའི་ཁྲག་དྲོན་དེ་ནམ་ཡང་མི་དམངས་ཀྱི་ཆེད་དུ་བཞུར་བཞིན་ཡོད། དམག་ཁུངས་ལས་ཕྱིར་བུད་པའི་དམག་མི་ཞིག་ཡིན་པའི་ཆ་ནས་གནད་འགག་གི་སྐབས་སུ་ངེས་པར་དུ་སྔོན་ལ་རྒྱུགས་དགོས”རིམས་ནད་འགོག་པའི་འཐབ་ཕྱོགས་དང་པོར་ཞུགས་རྗེས། བུའུ་ལིས་ཞིན་སྡེ་ཁུལ་གྱི་ཐོག་ཁང་བར་དང་། སྲང་ལམ་ཆེ་ཆུང་སོགས་ཉུལ་ནས་དྲོད་ཚད་བརྟག་པ་དང་། བདེ་ཐང་བཤེར་རིས་དང་། འགྲོ་སྐྱོད་བཤེར་རིས་སོགས་བཤེར་དུ་བཅུག་ཅིང་། རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག་བྱས། ཉིན་རེར་མུ་མཐུད་དུ་སྐོར་བསྐྱོད་བྱས་ནས་སྡོད་དམངས་ཕྱིར་འགྲོ་བ་ཇེ་ཉུང་དུ་གཏོང་དགོས་པའི་ཁ་བརྡ་བྱས་ཤིང་། སྡེ་ཁུལ་གྱི་ཕྱིར་འགྲོ་ནང་འོང་གི་རླངས་འཁོར་ལ་ཐོ་འགོད་དང་བརྟག་དཔྱད་སོགས་བྱས།

“ང་རང་གྲ་སྒྲིག་ཏང་ཡོན་ཞིག་ཡིན་ཀྱང་། འགན་འཁྲི་ལ‘གྲ་སྒྲིག’བྱེད་མི་རུང་། ངས་ཀྱང་ཏང་ཡོན་ངོ་མ་ཞིག་གི་ཚད་གཞི་ལྟར་རང་ལ་རེ་བ་ནན་མོ་བཏོན་ནས་དུ་བ་མེད་པའི་འཐབ་འཁྲུག་འདི་ལ་རྒྱལ་ཁ་ལེན་ཐུབ་པར་བྱེད་རྒྱུ་ཡིན”ཞེས་ཧའེ་ཡན་ལམ་སྡོད་ཁུལ་གྱི་ལོ་ན་ཞེ་བརྒྱད་ལ་སོན་པའི་དོ་དམ་མཐུན་སྦྱོར་པ་ལིས་ཡའེ་ཨིག་གིས་སེམས་གཏམ་ཞིག་བརྗོད་བྱུང་། ལིས་ཡའེ་ཨིག་ནི་གྲ་སྒྲིག་ཏང་ཡོན་ཞིག་ཡིན་པ་དང་། རང་འགུལ་གྱིས་སྡོད་ཁུལ་གྱི“ཏང་ཡོན་སྔོན་ཐོན་ལས་གནས”སྟེང་ཞུགས། ཁོ་མོ་ཉིན་རེར་སྲང་ལམ་དང་ཁྱིམ་ཚང་དུ་སོང་ནས་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། རྒྱ་ཆེའི་སྡོད་དམངས་གྱིས་རང་ཉིད་ལ་འགོག་སྲུང་བཟང་པོ་བྱེད་པར་སྐུལ་སློང་བྱས་ཏེ། ཕྱིར་རུ་འགྲོ་རྒྱུ་ཇེ་ཉུང་ལ་གཏོང་དགོས་པ་དང་། འདུས་སྡོད་ཀྱི་བྱ་འགུལ་ལ་མི་ཞུགས་པ། སྡོད་དམངས་ཕན་ཚུན་བར་དཀྲོག་གཏམ་མི་བཤད་པ། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པའི་བསླབ་བྱ་བཏང་། ཁྲག་ཤེད་མཐོ་བའི་ནད་བྱུང་ཡོད་པའི་ཁོ་མོ་ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་ཁྲག་ཤེད་བརྒྱ་དང་བརྒྱད་ཅུ་ནས་དགུ་བཅུ་ལ་སླེབས་ཀྱང་། སྔར་བཞིན་ལས་གནས་བརྟན་སྲུང་བྱས་པ་དང་། ལིས་ཡའེ་ཨིག་གི་བཤད་པའི་སྐད་ཆ་དང་སྒྲུབ་པའི་བྱ་བ་རེ་རེ་ཡིས་མཐའ་འཁོར་གྱི་ཏང་ཡོན་དང་མང་ཚོགས་རྣམས་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ཁྲོད་ཞུགས་པར་སྐུལ་འདེད་དང་ཤན་ཤུགས་ཐེབས་བཞིན་ཡོད།

ཁྱིམ་ཚང་དུ་སོང་ནས་གྲལ་བཤེར་བྱེད་པ་དང་། རིམས་ནད་འགོག་སྲུང་ཤེས་བྱ་དྲིལ་སྒྲོག་བྱེད་པ། དྲོད་ཚད་བརྟག་པ། བདེ་ཐང་བཤེར་རིས་དང་། འགྲོ་སྐྱོད་བཤེར་རིས་བཤེར་དུ་འཇུག་པ། སྡེ་ཁུལ་དུ་ལས་རེས་བྱེད་པའི་བྱ་བ་ཚང་མ་གོ་རིམ་ཡོད་པའི་སྒོ་ནས་སྤེལ། སྡོད་ཁུལ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་། ཏང་ཡོན་གདོང་ལེན་པ་བྱས་ཏེ། རྒྱ་ཆེའི་མང་ཚོགས་དང་མཐུན་སྒྲིལ་བྱས་ནས་མཉམ་དུ་འགོག་སྲུང་དང་ཚོད་འཛིན་བྱེད་པའི་བྱ་བའི་ནང་ཞུགས་སུ་བཅུག དྲ་མིག་ཅན་གྱི་དོ་དམ་མི་སྣ་རྩ་འཛུགས་བྱས་ནས་སྡེ་ཁུལ་གྱི་བྱ་བ་སྒྲུབ་མཁན་ཚོས་ཁྱིམ་ཚང་རེ་རེར་གྲལ་བཤེར་བྱས་པ་དང་། དྲ་མིག་ཅན་དང་། ཞིབ་ཚགས་ཀྱི་དོ་དམ་བྱེད་ཐབས་ཤིག་ལག་བསྟར་བྱས། དེ་དང་ཆབས་ཅིག་ཏུ། ཉིན་མ་རེ་རེར་སྡེ་ཁུལ་གྱི་གད་སྙིགས་སྒམ་དང་། གློག་སྐས། ཁང་བའི་བར་ཁྱམས་སོགས་སུ་དུག་སེལ་བྱས་ཏེ། དོ་དམ་ཚོད་འཛིན་བྱེད་ཐབས་དང་དུག་སེལ་རླུང་རྒྱུ་སོགས་ཀྱི་འབྲེལ་ཡོད་གཏན་འཁེལ་དངོས་འབེབ་ནན་མོ་བྱས་པར་མ་ཟད། ཏང་ཡོན་གྱི་དཔེ་སྟོན་ལས་རྐང་བཙུགས་ཏེ། ཏང་ཡོན་རེ་ལ་དཔུང་རྟགས་རེ་འདོགས་སུ་བཅུག་ནས་ཏང་ཡོན་གྱི་ཐོབ་ཐང་གསལ་བར་བྱས་པ་དང་། རིམས་འགོག་ཡུལ་དངོས་ནས་དཀའ་ངལ་གདོང་གིས་བསུ་བཞིན་མདུན་དུ་མཆོངས་བ་དང་། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཐོག་མའི་འགན་འཁྲི་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲ་ཞིང་བརྟན་པའི“དམར་པོའི་འགོག་སྲུང་”ཞིག་བསྐྲུན།

“ཇི་ལྟར་གཞི་རིམ་ཡིན་ན། དེ་ལྟར་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། དེ་བས་ཀྱང་ཏང་ཡོན་གྱི་མིག་དཔེ་སྟོན་དགོས།”ཧུའུ་ཐའེ་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། རིམས་ནད་བྱུང་བའི་སྐབས་འདིར། རྒྱ་ཆེའི་ཏང་ཡོན་རྣམས་སྡེ་ཁུལ་གྱི་ར་སྐོར་དུ་སོང་ནས་ལས་རེས་བྱ་བར་ཤུགས་བསྣན་པ་དང་། སྡོད་དམངས་ཀྱི་ཁྱིམ་དུ་སོང་ནས་གནས་ཚུལ་འདྲི་རྟོགས་བྱེད་པ། འགོ་ཁུངས་ནས་འགོག་སྲུང་ནན་མོ་བྱེད་པ། འཁང་ར་མེད་པར་བྱ་བ་ནན་ཏན་གྱིས་སྒྲུབ་སྟེ། ཏང་གི་དྲོད་ཁོལ་དེ་མང་ཚོགས་རེ་རེར་བརྒྱུད་སྒྲོག་བྱས་ནས་དོན་ངོ་མའི་སྟེང་གཞི་རིམ་སྡོད་ཁུལ་གྱི་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བ་ཞིབ་ཚགས་དང་གཏིང་ཟབ་མོས་སྒྲུབ་ནས་རིམ་པ་བཞིན་འགོག་སྲུང་བྱེད་པའི“དམར་པོའི་བཙན་རྫོང་”ཞིག་བཙུགས་ཤིང་། ཏང་གི་དར་ཆ་དེ་རིམས་ནད་འགོག་སྲུང་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོ་རུ་མཐོན་པོར་བསྒྲེངས་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།