རིམས་ནད་འགོག་རྒོལ་གྱི་མདུན་དུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པའི་དཔུང་སྡེ་ཡིས་བྱ་སྤྱོད་དངོས་སྤེལ་བ།
2021.11.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཏང་གིས་འབོད་སྐུལ་གནང་པར་ང་ལ་འགན་ཁུར་ཡོད།   “རིམས་ནད”དམག་འཐབ་ཀྱི་ལས་འགན་གསར་པའི་མདུན་དུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་དུས་སྐབས་དང་པོའི་ནང་ཆེད་ལས་སྨན་པའི་དཔུང་སྡེ་རྩ་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་པའི་འཐབ་ཕྱོགས་དང་པོར་ཧུར་ཐག་གིས་ཞུགས།

ཐེངས་འདིར་གློ་བུར་དུ་ཕ་ཡུལ་ལ་ཐོན་པའི་པྲོག་གསར་གློ་ཚད་རིམས་ནད་ལ་དམིགས་ཏེ། ཚང་མས་ཕྱིར་བཤོལ་གཏན་ནས་མི་བྱེད་པར་འཚང་ཁ་ཤིག་ཤིག་གིས་རང་འགུལ་ངང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་ཞིབ་བཤེར་བྱེད་པའི་འཕྲལ་སྡོམ་རུ་ཁག་ནང་ ཞུགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་རུ་བརྟན་པོར་ལངས། ཟླ10ཚེས31ཉིན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་བཅོས་རུ་ཁག་དང་པོས་མཁར་ནུབ་ཆུའུ་ཡི་གཅིག་སྡུད་སྒོས་ཉིང་སྐྱུར་ཞིབ་བཤེར་བྱེད་ཡུལ་དུ་མི་དམངས་མང་ཚོགས་ལ་ཉིང་སྐྱུར་ཞིབ་བཤེར་བྱེད་མགོ་བརྩམས་པ་དང་།  དུས་སྐབས་དེའི་རིང་ལ་རུ་མི་རྣམས་ཀྱིས་རང་འགུལ་ངང་རེ་འདུན་ཞུས་ཏེ་ཨང་རྟགས་སེར་པོ་དང་ཨང་རྟགས་དམར་པོའི་ལོགས་བཀར་མི་སྣའི་གམ་དུ་སོང་ནས་མ་དཔེ་འཚོལ་བསྡུ་བྱས་པ་དང་། སྨན་བཅོས་མི་སྣ50ཡི་སྒེར་སེམས་མེད་པ་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་དུས་རབས་གསར་པའི་བོད་ཀྱི་གསོ་བ་རིག་པའི་དཔུང་སྡེ་ཡི་འགན་འཁྲི་མཚོན་པར་བྱས།

“རྩ་འཛུགས་དང་བཀོད་སྒྲིག་གནང་རོགས།འདི་ཕྱོགས་སུ་ལས་འགན་ལེགས་གྲུབ་ཟིན་པས།ང་ཚོས་ད་དུང་གང་དུ་རོགས་རམ་བྱེད་དགོས།”ཞེས་པའི་སྐད་ཆ་དེ་ནི་ཉེ་ལམ་སྨན་ཁང་ལ་རྒྱུན་དུ་འབྱོར་བའི་ཁ་པར་དང་སྐད་འཕྲིན་གྱི་ལམ་ནས་བློ་འདྲི་སྟངས་ཤིག་རེད།   མིག་སྔའི་བར་ཞིབ་བཤེར་ཚན་ཁག་ཅེས་པའི་དམིགས་བསལ་གྱི་ཚོགས་པ་དེས་རིམས་ནད་འགོག་པའི་འཐབ་ཕྱོགས་དང་པོ་རུ་དུས་ཚོད་ཉེར་བཞིའི་རིང་རྒྱུན་ཆད་མེད་པར་བྱ་བ་བསྒྲུབས་ནས་མི་ཐེངས་ཁྲི་གཅིག་དང་སྟོང་གཉིས་ལྷག་ཙམ་ལ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱས།

སྤྱིར་ན་ཁོ་ཚོའི་ལོ་ཚོད་མི་འདྲ་བ་དང་ཐོབ་ཐང་མི་འདྲ་ནའང་དམག་འཐབ་ཀྱི་ལྭ་བ་སྔོན་པོ་དང་གོ་ཁྲབ་དཀར་པོ་གྱོན་ཚེ་ཐུན་མོང་གི་འཐབ་འཛིང་པའི་དཔུང་སྡེ་ཞིག་ཏུ་གྲུབ་ཡོད།  སྨན་བཅོས་མི་སྣ་གྲངས་ལས་འདས་པ་དེ་དག་རིམས་ནད་ཀྱི་མདུན་དུ་རྔམ་བརྗིད་ཀྱིས་ཐོན་ཏེ།  རང་ཁྱིམ་ཆུང་ངུའི་བདེ་སྡུག་དོར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོར་བཟོས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དེ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་ཀྱི་འདུག ཉེ་ལམ། ལས་ཡུལ་དང་པོའི་ཉིང་སྐྱུར་མ་དཔེ་ཞིབ་བཤེར་བྱེད་མཁན་དང་ཡང་ན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་བཞིན་པའི་ལས་བྱེད་མི་སྣ། ནས་སྣོན་བྱས་ནས་རིམས་འགོག་སྨན་རིགས་ཐོན་སྐྱེད་བྱེད་མཁན་གྱི་ལས་དོན་མི་སྣ། ཆུ་ཚོད24རིང་ལས་གནས་བརྟན་སྲུང་བྱེད་པའི་བདེ་སྲུང་མི་སྣ་དང་འཕྲལ་སྡོམ་ལས་རེས་ཀྱི་སྲིད་འཛིན་ལས་དོན་མི་སྣ་བཅས་ཀྱིས་ཐེངས་འདིའི་ནད་ཡམས་ཀྱི་དམག་འཐབ་ཁྲོད་ཚང་མས་ཕྱིར་བཤོལ་སྤུ་ཙམ་ཡང་མི་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ། ཕན་ཚུན་མཉམ་ལས་བཅས་བྱས་ཏེ་ཉིང་སྐྱུར་མ་དཔེ་ཞིབ་བཤེར་དང་འཕྲལ་སྡོམ་གསོ་སྦྱོང་། སྨན་རྫས་ཐོན་སྐྱེད། མང་ཚོགས་ལ་ཁྲིད་སྟོན་བྱེད་པ།སྒྲིག་ལམ་བརྩི་སྲུང་དང་ཆ་འཕྲིན་ཐོ་འགོད།འཕྲལ་སྡོམ་ལས་རེས་སོགས་ཀྱི་དང་བླངས་ཞབས་ཞུའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། ཐུན་མོང་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“གདོང་ལེན་རུ་ཁག་”ཅིག་གྲུབ་པར་བྱས་ཡོད།

རིམས་ནད་ཀྱི་དམག་འཐབ་ཆེན་མོའི་མདུན་དུ“རིམས་ནད”ཀྱི་འཐབ་ཕྱོགས་དང་པོ་རུ་རྔམ་བརྗིད་ལྡན་པའི་སྟོབས་ཤུགས་སྔར་བཞིན་གཅིག་སྡུད་བྱེད་བཞིན་ཡོད་པ་དང་།“རིམས་ནད”ཀྱི་འཐབ་ཕྱོགས་དང་པོ་རུ་རིམས་ནད་ལ་འཐབ་རྩོད་བྱས་པའི་གཏམ་རྒྱུད་ཉིན་རེ་བཞིན་ཐོན་ཀྱི་ཡོད་ལ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་བཅོས་མི་སྣ་རྣམས་ཀྱིས་སྒེར་སེམས་མེད་ལ་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཀྱིས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པའི་ལེའུ་གསར་བ་ཞིག་འབྲི་བཞིན་འདུག

                                                              ཡིག་སྒྱུར་བ། གཡང་འབུམ་རྒྱལ།