ལྷག་བསམ་རྣམ་གི་བརྩེ་སེམས་མཚོན་པར་བྱས་ཏེ་སྡོད་དམངས་ཀྱི་སེམས་སུ་དྲོད་སྐྱིད་སྦྱིན།
2021.11.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

“ཨ་ནེ།སྔོ་ཚལ་དང་སྒོ་ང་སོགས་སྒོ་འགྲམ་དུ་བཞག་ཡོད། ཅུང་ཙམ་གྱིས་ཁྱོད་ཀྱིས་ཁྱིམ་གྱི་གད་སྙིགས་རྣམས་སྒོ་ཁར་ཞོགས་དང་ང་ཚོ་འགྲོ་ཞོར་ཕྱིར་འཕང་ཆོག དེ་ལས་གཞན་པའི་དོན་དག་ཡོད་ཚེ་སྐད་འཕྲིན་བརྒྱུད་ནས་བཤད་རྒྱུ་མ་བརྗེད་རོགས”“ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ།ཁྱེད་ཚོ་ནི་ངའི་ནང་མི་དང་ཨ་ན་མ་ན་རེད།ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།”འདི་ནི་རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་ཀྱི་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ལིས་རིང་སྲང་ལམ་འབྲི་ཆུའི་ལམ་སྡོད་ཁུལ་དུ་ལོགས་བཀར་བྱས་ཡོད་པའི་སྡོད་དམངས་དང་རིམས་འགོག་ལས་བྱེད་མི་སྣའི་བར་གྱི་ཁ་བརྡ་ཐུང་ངུ་ཞིག་རེད། ཆེས་སྤྱིར་བཏང་གི་སྐད་ཆུ་ཐུང་ངུ་འདིས་སྲང་ལམ་དང་སྡོད་ཁུལ་གྱི་ལས་བྱེད་མི་སྣས་ལོགས་སུ་བཀར་ཡོད་པའི་སྡོད་དམངས་རྣམས་ལ་སེམས་ཞིབ་མོས་ཞབས་ཞུ་སྒྲུབ་བཞིན་པའི་རྣམ་པ་དེ་གསལ་བོར་མཚོན་ཞིང་། ཁོ་ཚོས་ལྷད་མེད་ཀྱི་ཞབས་ཞུ་སྒྲུབ་སྟངས་དེ་ལ་སྡོད་དམངས་རྣམས་ཀྱི་ཁས་ལེན་དང་ཡིད་ཆེས་ཀྱང་ཐོབ་ཡོད།              རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བདེ་བླག་ངང་སྤེལ་ཆེད།ལིས་རིང་སྲང་ལམ་འབྲི་ཆུའི་ལམ་སྡོད་ཁུལ་གྱིས་སྡོད་ཁུལ་གཅེས་སྐྱོང་ཞབས་ཞུའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ཡོད་པ་དང་།ཉིན་རེར་བཞིན་ལོགས་སུ་བཀར་ཡོད་པ་རྣམས་ཀྱིས་སྐད་འཕྲིན་གྱི་ལམ་ནས་པར་དང་བརྙན་སོགས་བརྒྱུད་ནས་ཁོ་ཚོའི་ལུས་དྲོད་དང་ཕུང་བོའི་གནས་ཚུལ་གཞན་དག་བརྒྱུད་སྤྲོད་བྱེད་བཞིན་ཡོད། སྡོད་ཁུལ་གྱི་ལས་བྱེད་པ་རྣམས་ཀྱིས་སྐད་འཕྲིན་ཚོགས་པ་དེ་བརྒྱུད་ནས་དུས་ངེས་མེད་དུ་ལོགས་སུ་བཀར་ཡོད་པའི་སྡོད་དམངས་རྣམས་ཀྱི་འཚོ་བའི་དགོས་མཁོ་གསལ་བོར་ཤེས་ཐུབ་ཀྱི་ཡོད་པར་མ་ཟད།འབྲས་དང་ཕྱེ།སྔོ་ཚོད་དང་སིལ་ཏོག་སོགས་འཚོ་བའི་མཁོ་ཆས་རྣམས་སྒོ་ཁར་བསྐྱལ་བཞིན་ཡོད་པས་སྐད་འཕྲིན་ཚོགས་པ་ཆུང་ཆུང་ཞིག་གིས་ཁྱིམ་དུ་ལོགས་སུ་བཀར་ཡོད་པ་རྣམས་ཀྱི་སེམས་སུ་བརྩེ་བའི་དྲོད་ཀྱིས་ཁེངས་པར་བྱས་ཡོད།

སྡོད་ཁུལ་དུ་ལོགས་བཀར་བྱས་ཡོད་པའི་སྡོད་དམངས་རྣམས་ཀྱིས་སྲང་ལམ་དང་སྡོད་ཁུལ་གྱི་ལས་བྱེད་པ་རྣམས་ཀྱིས་ལས་གནས་བརྟན་སྲུང་དང་སེམས་ཞིབ་མོས་ཞབས་འདེགས་ཞུ་བཞིན་ཡོད།ང་ཚོས་ངེས་པར་དུ་ཁོ་ཚོའི་བཀོད་སྒྲིག་བརྩི་སྲུང་བྱས་ནས་ལོགས་བཀར་བྱས་པའི་རིང་གི་བྱ་བ་སྣ་ཚོགས་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། ཞིབ་བཤེར་བྱ་བར་ཧུར་བརྩོན་སྒོས་རམ་འདེགས་ལེགས་པོ་བྱས་ཏེ།དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རིམས་ནད་ཀྱི་གཡུལ་ལས་རྒྱལ་བར་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་བྱུང་།

རིམས་ནད་བྱུང་བ་ནས་བཟུང་།ལིས་རིང་སྲང་ལམ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་མགྱོགས་མྱུར་གྱིས་བྱ་སྤྱོད་སྤེལ་ཏེ། ཏང་ཡོན་དང་འབྲེལ་གཏུག་ལས་ཁུངས་ཀྱི་དང་བླངས་པ་རྩ་འཛུགས་བྱས་ནས་རིམས་འགོག་དྲིལ་སྒྲོག་དང་ཉིང་སྐྱུར་བཤེར་འཇལ་བྱེད་པ།གླེང་ཕྱོགས་ཁྲིད་སྟོན་སོགས་ཀྱི་བྱ་བ་བསྒྲུབས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགྱུར་མེད་སྟོབས་ལྡན་གྱི“འཐབ་འཛིང་བཙན་རྫོང”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།རིམས་ནད་ཕྱི་ཕྱོགས་ནས་ནང་དུ་མཆེད་པ་དང་ནང་ཁུལ་ནས་ཁྱབ་འགྱེད་བྱེད་པ་བཅས་ལ་ནུས་ལྡན་དང་གོ་རིམ་ལྡན་པ།ཕན་འབྲས་མཐོ་བ་བཅས་ཀྱི་སྒོ་ནས་སྔོན་འགོག་ལེགས་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།

                                                                           ཡིག་སྒྱུར་བ། གཡང་འབུམ་རྒྱལ།