རིམས་འགོག་འཐབ་ཕྱོགས་དང་པོ་རུ་ཏང་གི་དར་ཆ་ལྷབ་ལྷུབ་བསྐྱོད།
2021.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཐེངས་འདིའི་པྲོག་གསར་གློ་ཚད་རིམས་འགོག་བྱ་བ་ནི་དམག་འཁྲུག་ཆེན་པོ་ཞིག་ཡིན་པར་མ་ཟད་ཉམས་སད་ཀྱི་རྒྱུགས་གཞི་ཆེན་པོ་ཞིག་ཀྱང་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་འདིའི་ཁྲོད་དུ་དམག་འཐབ་ལ་ཞུགས་དགོས་པའི་སྐུལ་སློང་གི་བཀའ་རྒྱ་དང་ཏང་ཡོན་རྣམས་དམག་འཐབ་ལ་ཞུགས་རྒྱུའི་རེ་འདུན་ཡི་གེ ལྷབ་ལྷུབ་དུ་བསྐྱོད་པའི་ཏང་གི་དར་ཆ་དམར་པོ།དེ་མིན་རིམས་འགོག་གི་གཡུལ་སར་ཆས་པའི་གདོང་མཆོང་དཔའ་བོའི་གཟུགས་བརྙན་རེ་རེ་སོགས་ཉིན་འདི་ཚོར་ཟི་ལིང་གི་ས་ཆ་ཀུན་ཏུ་རྒྱུན་དུ་མཐོང་ཐུབ།

རིམ་པ་སོ་སོའི་རྩ་འཛུགས་ཀྱིས་མྱུར་དུ་འགུལ་སྤྱོད་སྤེལ་བ།

གྲོང་ཁྱེར་ཡོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་དོན་ཆེན་ཨང་དང་པོར་བརྩི་དགོས། ཟི་ལིང་གྲོང་ཁྱེར་ཏང་ཨུ་ཡིས་ཐེངས་མང་པོར་ཚོགས་འདུ་བསྡུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད།གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་རིམས་འགོག་གཡུལ་འགྱེད་ཀྱི་འཐབ་ཕྱོགས་དང་པོར་སོང་སྟེ་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་ཀྱིས་ལྟ་སྐུལ་མཛུབ་སྟོན་བྱས་ཏེ།ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་ལེན་པའི་འཐབ་རྩོད་ཁྲོད་ཞུགས། གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའུ་ཡིས་དུས་ཐོག་ཏུ་《རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་》དང་《རིམས་ནད་སྔོན་འགོག་ཚོད་འཛིན་དང་ཚར་གཅོད་དམག་འཐབ་ཀྱི་མདུན་དུ་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་ཡིག་ཆ་དཔར་འགྲེམས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་གདོང་མཆོང་བྱེད་པར་སྐུལ་སློང་བྱས། གྲོང་ཁྱེར་ཏང་ཨུ་ཡིས་ཏང་དངུལ་དོ་དམ་བྱེད་པའི་ཁྲོད་ནས་སྒོར་མོ་ས་ཡ་གཅིག་དང་འབུམ་གཅིག་གཏོང་སྤྲོད་བྱས་པ་དང་།རྫོང་དང་ཆུའུ་ཏང་ཨུའི་རྩ་འཛུགས་པུའུ་སོགས་ཀྱིས་ཏང་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་བཞི་ཁྲི་གཉིས་སྟོང་གཉིས་རིམས་ནད་སྔོན་འགོག་ལ་རྒྱབ་སྐྱོར་བྱེད་པར་ཕུལ།“ཟི་ལིང་ཏང་གི་འཛུགས་སྐྲུན”དང“དད་སེམས་ཀྱི་སྟོབས་ཤུགས”གཉིས་ཀྱི་APPསྟེང་དུ་རིམས་འགོག་འཐབ་རྩོད་སྐོར་གྱི་ཆེད་སྒྲིག་ལེ་ཚན་བཏོན་ནས།རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཀྱི་སྔོན་ཐོན་དཔེ་སྟོན་གྱི་བྱས་རྗེས་དུས་ཐོག་ཏུ་ཤེས་རྟོགས་འབྱུང་བར་བྱས་ཏེ་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱི་རིགས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔེ་སྟོན་སྣེ་ཁྲིད་དང་སྐུལ་ལྕག་གིནུས་པ་འདོན་སྤེལ་གང་ལེགས་བྱས།

ཏང་ལ་འབོད་སྐུལ་ཡོད་ལ་མི་དམངས་ལ་རེ་བ་ཡང་ཡོད། རྫོང་དང་ས་ཁུལ་སོ་སོས་དུས་ཐོག་ཏུ་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བཀོད་འདོམས་དཔོན་གྱི་འགན་འཁུར་བའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་བཙུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ། མཁར་ནུབ་ཁུལ་གྱིས་དུས་སྐབས་དང་པོའི་ནང་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས་མྱུར་དུ་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ས་ཁུལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་ལེགས་སྒྲིག་བྱས་ནས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་དང་དོ་དམ་ཚོད་འཛིན་གྱི་དུས་བཀག་ཆེ་རུ་བཏང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་མྱུར་དུ་སྐུལ་སློང་ཚོགས་འདུ་བསྡུས་ནས་ཆེད་དོན་བྱ་བའི་ཚོ་ཆུང9བཙུགས་པ་དང་།ཏང་ཡོན36གི་སྐོར་སྐྱོད་རུ་ཁག་བཙུགས་ཏེ་ཕྱོགས་ཡོངས་ནས་ཆ་འཕྲིན་འཚོལ་སྡུད་དང་རྗེས་སྙེག་དབྱེ་ཞིབ།ཉེན་ཟོན་ཉེན་བརྡ་སོགས་ཀྱི་བྱ་བ་སྤེལ། 

དང་དར་དམར་པོ་རླུང་གིས་ལྷབ་ལྷུབ་ཏུ་བསྐྱོད

གང་དུ་ལས་འགན་ལྕི་ཞིང་དཀའ་ཁག་ཆེ་ན་དེ་རུ་ཏང་རྩ་འཛུགས་ཀྱི་ཞུམ་མེད་སྟོབས་ལྡན་གྱི་བྱ་བའི་འོས་འགན་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཡག་པོར་བསྒྲུབས་ནས་མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན།

རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གནས་སྐབས་ཀྱི་ཏང་ཀྲི་པུའུ་དང་སྡེ་བ་དང་སྡོད་ཁུལ་སོགས་ཀྱི་བྱ་བའི་ཚོ་ཆུང་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས།དྲ་མིག་ཅན་གྱི་དོ་དམ་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཅུང་ཙམ་ཡང་འཐུས་ཤོར་དུ་མི་འགྲོ་བར་འགན་སྲུང་བྱས།  མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་གནས་སྐབས་ཀྱི་ཏང་ཀྲི་པུའུ252བཙུགས་ཡོད་པ་དང་སྡེ་བ་དང་སྡོད་ཁུལ་གྱི་ཚན་ཆུང1231བཙུགས་ཡོད་པ་རེད། ཏ་ཐུང་རྫོང་གིས་སྡེ་བའི་ཏང་ཀྲི་པུའུ་དཀྱིལ་སྙིང་དུ་འཛིན་པ་དང་ཏང་གི་ཚོ་ཆུང་དང་ཏང་ཡོན་གྱི་ལྟེ་བའི་ཁྱིམ་ཚང་སྐུལ་ཁྲིད་བྱ་ཡུལ་ཡིན་པ་བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ“དམར་པོའི་བཙན་རྫོང”རེ་རེ་བཞིན་བསྐྲུན།

མཁར་དབུས་ཁུལ་གྱིས“སྡེ་ཁུལ་གྱི་ཏང་རྩ་འཛུགས་དང་སྡོད་ཁུལ་གྱི་ཏང་ཀྲི་པུའུ།དྲ་མིག་ཅན་དང་ཏང་ཡོན་ལྟེ་བའི་ཁྱིམ་ཚང”བཅས་རིམ་པ་བཞིའི་དྲ་མིག་ཅན་གྱི་དོ་དམ་ལམ་སྲོལ་བཙུགས་ཏེ།ཁྱིམ་ཚང་དུ་སོང་ནས་ཐོ་འགོད་དང་རིམས་འགོག་དྲིལ་སྒྲོག  རིམས་འགོག་དངོས་ཟོག་སྤྲོད་པ་སོགས་ཀྱི་བྱ་བ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་བྱེད་པའི་བྱ་བ་དེ་ཁྱིམ་ཚང་དུ་བསྐྱོད་ཐུབ་པར་བྱས་པ་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཏང་རྩ་འཛུགས་དང་རྒྱལ་གཉེར་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་འབོད་སྐུལ་དང་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་བྱེད་པར་སྟོབས་ཤུགས་རྩ་འཛུགས་བྱས།

ཏང་ཡོན་ལས་བྱེད་པས་གདོང་ལེན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

རིམས་ནད་ཀྱི་མདུན་དུ་འགན་ཁུར་ཕོད་པ་དང་དཀའ་ཁག་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་བསྐྱོད་དགོས།

གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ཁྲི་གསུམ་དང་སྟོང་གསུམ་རྩ་འཛུགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་ནང་ཞུགས་པ་དང་།ཏང་ཡོན་འཕྲལ་རྒོལ་རུ་ཁག་631དང་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་1834བཙུགས་པ་དང་།ཏང་ཡོན་གྱི་གདོང་ལེན་ལས་གནས་6143བཙུགས་པ་དང་ཏང་ཡོན་གྱི་འགན་འཁྲིའི་ཁུལ9287དུ་དབྱེ་བ་བཅས་བྱས་ནས་རིམས་འགོག་སྲིད་ཇུས་དྲིལ་སྒྲོག་དང་རིམས་ནད་གནས་ཚུལ་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ།གཙོ་གནད་མི་སྣ་འཛིན་སྡོམ་སོགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བས།ཏང་ཡོན་རྣམས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་མཉམ་དུ་རིམས་ནད་སྔོན་འགོག་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་འདུག ཏང་གི་དར་ཆ་དམར་པོའི་མཛུབ་ཁྲིད་འོག་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ཏང་ཡོན་སྐུལ་སློང་བྱས་ནས་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ཁྲོད་ཞུགས་པ་དང་།མཁར་ཤར་ཁུལ་གྱི་ལས་ཁུངས31གིས་འཕྲལ་དུ་ལས་ཐོག་ཏང་ཡོན500ལྷག་ཙམ་རྩ་འཛུགས་བྱས་ནས་འབྲེལ་གཏུག་ས་ཚིགས་ཀྱི་སྡོད་ཁུལ་དུ་འབྱོར་ཐོ་བཀོད་དུ་བཅུག་པ་དང་།ཡུལ་ཚོ་དང་གྲོང་རྡལ།སྡོད་ཁུལ་བཅས་ལ་གཞོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཉིང་སྐྱུར་བཤེར་འཇལ།རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་བྱ་བ་ཡག་པོར་བསྒྲུབས་ནས་གཞི་རིམ་མང་ཚོགས་མི་ཐེངས་ཁྲི2ཙམ་ལ་ཞབས་འདེགས་ཞུས་པ་རེད། ཧོང་ཀྲུང་ཆུའུ་ཡིས་སྤྱི་བདེ་དང་འགྲིམ་འགྲུལ།འཕྲོད་བསྟེན་སོགས་ལས་ཁུངས་དང་སྡེ་ཁག29ནས་ཏང་ཡོན་ལས་བྱེད་པ420སྐོང་འཐེན་བྱས་ཏེ་འགྲིམ་འགྲུལ་གྱི་རྒྱུ་ལམ་གལ་ཆེན8དུ་ལས་སྒྲུབ་བྱ་བར་ཞུགས་པ་དང་།ཕྱི་ནས་ཡོང་བའི་མི་སྣར་ཞིབ་བཤེར་དང་ཉིང་སྐྱུར་བཤེར་འཇལ།བཞུད་ལམ་བཤེར་རིས་ཐོ་འགོད་བྱེད་པ་སོགས་ཀྱི་བྱ་བ་དམ་འཛིན་ཡག་པོ་བྱས་ནས་ཞིབ་བཤེར་དང་འཛིན་སྡོམ་བྱ་བར་འགན་སྲུང་བྱས།

                                                                         ཡིག་སྒྱུར་བ། གཡང་འབུམ་རྒྱལ།