འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ནས་བློ་སྟོབས་ཆེར་བསྐྱེད་ཀྱིས་མ་འོངས་བའི་ཕྱོགས་སུ་བསྐྱོད་དགོས།
2021.12.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

 ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་གཞི་རིམ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

བསྟུད་མར་ཉིན་འགའི་རིང་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དེ་མཐོ་སྒང་གི་ས་གཞི་ཆེ་མོར་ཁྱབ་ཅིང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་གཞི་རིམ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལེགས་པོ་བྱས་ནས། རྒྱལ་ཁབ་ཀྱི་བརྩེ་བ་ཟབ་མོ་མྱོང་ཚོར་བྱེད་པའི་སྤྲོ་སེམས་ཆེན་པོ་དང་མ་འོངས་པར་འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས། ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས་”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ་དང་།  དོན་ངོ་མའི་ཐོག་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ།  གཞི་རིམ་གྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་ཕྱོགས་དང་བྱེད་ཐབས་འཚོལ་ཞིབ་དང་དོན་འཁྱོལ་ནན་མོ་བཅས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་བཞིན། བྱ་སྤྱོད་རང་འགུལ་བཅས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དང་།  ཏང་གི་ལོ་ངོ་བརྒྱའི་རིང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་མ་འོངས་པར་ཕྱོགས་པའི་ཚད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཏེ། གཞི་རིམ་གྱི་ལས་དོན་ཁྲོད་ཏན་ཏན་ཏིག་ཏིག་དང་བདེན་འཚོལ་དོན་གཉེར་བྱེད་པ་དང་།  སྔར་ལས་དཔའ་ངར་ཆེར་བསྐྱེད་ཀྱི་ངང་ཚུལ་ཐོག་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་སློབ་གསོ་ཅུས་ཏང་ཙུའུ་ཡིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས།  གྲོས་ཚོགས་ནས་ཆུས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་ལ་ཟབ་མོ་ལེན་པ་དང་།  བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་པ། དོན་ངོ་མའི་ཐོག་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱས་ཏེ། ཆབ་སྲིད་ཐད་ནས་སློབ་གསོར་ལྟ་བ་དང་། དམངས་ཚིས་ཐད་ནས་སློབ་གསོ་དམ་འཛིན། ཆོས་ཉིད་ཐད་ནས་སློབ་གསོ་གཉེར་བ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་དུས་རབས་གསར་བའི་སློབ་གསོའི་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་ཏང་ཨུའི་ཏང་གི་སློབ་གྲྭས་དུས་ཐོག་ཏུ་དགེ་རྒན་དང་ལས་བཟོ་བ་ཡོངས་རྩ་འཛུགས་བྱས་ནས། མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐད་གཏོང་ལ་བལྟས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སྔར་ལས་གཏིང་ཟབ་ཏུ་ངོས་འཛིན་བྱས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་ལ་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་།  བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པའི་སྟེང་གཅིག་གྱུར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་འཕེལ་རྒྱས་ཀྱི་འཆར་འགོད་གཞིར་བཟུང་སྟེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གསར་གཏོད་གསར་སྐྲུན། སློབ་ཁྲིད་གྲ་སྒྲིག་བཅས་ཀྱི་ལས་དོན་སྤེལ་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དུས་ཐོག་ཏུ་རིམ་པ་ཁག་གི་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་དེ་བཞིན་མི་དམངས་མང་ཚོགས་ལ་སྒྲོག་འགྲེལ་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཙོང་རྒྱ་གྲོང་རྡལ་གྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ་རྩ་འཛུགས་བྱས་ནས་བསྡུས། གྲོས་ཚོགས་ནས་གྲོང་རྡལ་ཡོངས་ཀྱི་ཏང་ཀྲི་པུའུ་སོ་སོས་གཅིག་སྡུད་སློབ་སྦྱོང་དང་། མི་སྒེར་གྱི་རང་སྦྱོང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པ་སྤྱད་དེ་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གྲོང་རྡལ་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་སྦྱོང་གི་ཚ་རླབས་མྱུར་དུ་འཕྱུར་བར་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མི་ཚང་མས་ཤེས་པ་དང་མིའི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མདུན་སྐྱོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་དངོས་སུ་བསྒྱུར་ནས་གྲོང་གསེབ་དར་སྤེལ་དང་།  ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྒྲིག  རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་གཙོ་གནད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་ཏང་ཨུ་ཡིས་ཏང་ཨུའི་གྲོས་ཚོགས་བསྡུས་ནས། ལས་བྱེད་པ་དང་ལས་བཟོ་པ་རྩ་འཛུགས་བྱས་ཏེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  ཏང་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་།“མི་དམངས་ནི་བླ་ན་མེད་པ་དང་ཚེ་སྲོག་ནི་བླ་ན་མེད་པ་ཡིན་པ”དམིགས་ཡུལ་དུ་བཟུང་སྟེ། རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་དར་སྤེལ་དང་སྔོན་འགོག་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་ལེགས་པོ་བྱེད་པ་དང་ཆབས་ཅིག མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་སྟེ།  བདེ་ཐང་གི་མཚོ་ལྷོ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་མགྱོགས་མྱུར་ངང་ལག་བསྟར་བྱས་ནས་སྨན་ཁང་གི་ལས་དོན་སྣ་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་གོ་བ་ཟབ་མོ་ལེན་པ་དང་། “བུད་མེད་ཁྲི་སྟོང་མང་པོའི་སྒྲོག་འགྲེལ་ཆེན་པོའི”བྱེད་སྒོ་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བུད་མེད་མང་ཚོགས་དང་ཁྱིམ་ཚང་བཅས་སུ་རྒྱུན་མཐུད་ངང་དྲིལ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག   ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་བུད་མེད་མང་ཚོགས་ཀྱི་དཀའ་ཁག་དང་རེ་སྒུག་ལ་མུ་མཐུད་དུ་དོ་ཁུར་བྱས་ནས། ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་དེ་བུད་མེད་ཀྱི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་བུད་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་བླང་བྱ་བཏོན།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།