ང་ཚོའི་ཟུངས་ཁྲག་ལས་ལྕགས་རི་གསར་བ་བརྩིགས།
2021.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

--འཇར་འགོག་དམག་འཁྲུག་སྙིང་སྟོབས་ཀྱི་དཔྱད་བརྗོད།

“ཡར་ལོངས་ཤིག བྲན་གཡོག་བྱེད་མི་འདོད་པའི་མི་རྣམས། ང་ཚོའི་ཟུངས་ཁྲག་ལས་ལྕགས་རི་གསར་བ་བརྩིགས་དགོས”《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཡིས་རྒྱལ་ཁབ་དང་མི་རིགས་ཀྱིས་ནམ་ཡང་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་བརྗེད་ཐོ་ཞིག་བརྐོས་ཡོད་པ་རེད།

1931ལོར་འཇར་པན་བཙན་འཛུལ་པས་མངོན་སུམ་འཛེམ་མེད་ངང་དགུ་བའི་བཅོ་བརྒྱད་ཉིན་གྱི་དུས་འགྱུར་ལ་ངན་སྐུལ་བྱས་པ་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་སྔོན་འགྱེལ་རྗེས་མཐུད་དང་། ལོ་ངོ་བཅུ་བཞིའི་རིང་ལ་ཁྲག་དྲོན་བཏོན་ནས་དམར་འཛིང་བྱས་མཐར་ཉེ་རབས་ལོ་རྒྱུས་སྟེང་ཕྱིའི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་རྒྱལ་ཁ་ཐེངས་དང་པོ་ཐོབ་པ་རེད།

དཀའ་སྡུག་ཚད་མེད་ཀྱི་འཇར་འགོག་དམག་འཁྲུག་ཁྲོད་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་འཚོ་གནས་ཆེད་དམག་འཐབ་བྱས་པ་དང་། མི་རིགས་བསྐྱར་དར་ཆེད་དམག་འཐབ་བྱས་ལ། མིའི་རིགས་ཀྱི་དྲང་བདེན་ཆེད་དུ་དམག་འཐབ་བྱས་པས་སྤྱི་ཚོགས་ལ་སྐུལ་སློང་རྒྱ་ཆེར་བྱས་པ་དང་། མི་རིགས་སད་རྟོགས་བྱུང་ལ། འཐབ་འཛིང་གི་བློ་སྤོབས་ལ་ཞུམ་པ་མེད་ཅིང་། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་པོ་ཡིན་པའི་ཚད་དེ་ཆེས་མཐོ་བ་ཞིག་ཏུ་སླེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་སྟེང་བསྟན་དོན། ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་རྒྱག་པའི་བརྒྱུད་རིམ་ཁྲོད་འཇར་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་གསོ་སྐྱོང་བྱས་དེ་འཛམ་གླིང་ཡོངས་ལ་གནམ་འོག་གི་དར་རྒུད་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བརྩེ་བ་དང་། ཤི་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། བཙན་འཛུལ་ལ་མི་སྐྲག་པ། དམར་འཛིང་མཐའ་འཁྱོངས་བྱེད་པའི་དཔའ་བོའི་བློ་སྤོབས།  ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁ་ཐོབ་ངེས་པའི་དད་སེམས་བཅས་མངོན་པར་བྱས།

རྒྱལ་ཡོངས་མི་དམངས་ཡོངས་ཀྱི་རྒྱལ་གཅེས་ཀྱི་བརྩེ་བ་སྐུལ་སློང་བྱས།

ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་འགྲེམ་སྟོན་ཁང་དུ། སྐབས་དེ་དུས་ཀྱི་ཀྲུང་གུང་ཧྲན་ཞི་ཀྲུང་དབྱང་དམིགས་བསལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཚི་ཡིས་ནུ་བོར་སྤྲིངས་པའི་འཕྲིན་ཡིག་ཅིག་བཤམས་ཡོད། འཕྲིན་ཡིག་ནང“‘འཇར་འགོག་དམག་འཁྲུག’ནི་ང་ཚོའི་རླབས་ཆེན་གྱི་ཨ་མ་ལྟ་བུ་ཡིན་པ་དང་།  ཁོ་མོ་ནི་ཀྲུང་གོ་གསར་པ་དང་། མི་རིགས་གསར་པ། མི་དམངས་གསར་པ་བཅས་ཀྱི་སྐབས་སུ་ཐོན་པ་རེད”ཅེས་བྲིས་འདུག

འཇར་འགོག་དམག་འཁྲུག་གི་ལོ་ངོ་བཅུ་བཞིའི་རིང་ལ། ཐོག་མཐའ་བར་གསུམ་དུ་སྐད་སྒྲ་གཅིག་ཐོས་ཐུབ་པ་ནི། ང་ཚོས་རྒྱལ་ཡོངས་མི་དམངས་ཡོངས་ལ་སྐུལ་སློང་བྱས་ནས་མི་རིགས་ཀྱི་གསར་བརྗེའི་དམག་འཁྲུག་ཅིག་རྒྱག་འདོད་པ་དང་། ཁྱོན་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ཅིག་རྒྱག་འདོད། དེ་ལྟར་འཇར་འགོག་དམག་འཁྲུག་བརྒྱབ་ན། ད་གཟོད་དེ་ནི་མང་ཚོགས་ཀྱི་དམག་འཁྲུག་ཅིག་ཡིན་པ་དང་། ད་གཟོད་མེས་རྒྱལ་སྲུང་སྐྱོབ་བྱེད་པའི་དམིགས་འབེན་ལ་སླེབས་ཐུབ་ངེས་ཡིན་ཞེས་པ་དེ་རེད།

རྒྱ་མཚོའི་ནང་དུ་རང་གཟུགས་མངོན། ། ཆུ་དཀྱིལ་རྦ་རླབས་དྲག་དུ་འཕྱུར། ། ཀྲུང་གོ་གུང་ཁྲན་ཏང་མིས་འཇར་འགོག་དམག་འཁྲུག་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་རྒྱལ་ཁའི་ཁ་ཕྱོགས་བསྟན་ནས་ཀྲུང་གོ་མི་དམངས་ཀྱི་གནམ་འོག་གི་དར་རྒུད་དེ་སྐྱེ་བོ་ཀུན་ལ་འགན་འཁུར་ཡོད་པའི་རྒྱལ་གཅེས་བརྩེ་བར་ཤུགས་ཆེན་པོས་སྐུལ་སློང་བྱས། “མི་གྲངས་དུང་ཕྱུར་བཞི་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་བློ་གཅིག་སེམས་གཅིག་གིས་དམག་གོས་གཅིག་གྱོན”ཞེས་པ་ལྟར་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་ཀྱི་རླབས་རྒྱུན་འགོག་ཐབས་མེད་པ་ཞིག་ཆགས་པ་རེད།

ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་གུང་ཁྲན་ཏང་མི་དང་མི་རིགས་ཀྱི་བུ་ཕྲུག་དག་གི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་བྲིས་ཡོད།

“ཁྱོད་ལ་རེ་བ་ཡོད། བུ་ཆུང་ལགས། མྱུར་དུ་ནར་སོན་ནས་ཕྱི་མའི་ལམ་རིང་འགྲིམ་བཞིན་པའི་ཨ་མར་སེམས་གསོ་བྱེད་རོགས”  ཞེས་པའི་སྐད་ཆ་འདི་ནི་བྱང་ཤར་འཇའ་འགོག་མཉམ་འབྲེལ་དམག་གི་འབུམ་དཔུང་གསུམ་པའི་ཁྲི་ཤོག་དང་པོ་སྟོང་ཤོག་གཉིས་པའི་ཆབ་སྲིད་ཨུ་ཡོན་ཀྲའོ་དབྱི་མན་གྱིས་འཇར་དམག་དང་འཐབ་རྩོད་བྱེད་སྐབས་གསོན་བཟུང་བྱས་པ་དང་། བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་བའི་སྐབས་སུ་རང་གི་བུ་ཆུང་ལ་བྲིས་པའི་གྱེས་ཡིག་རེད།

ང་ནི་ཀྲུང་གོ་བ་ཡིན། ངས་རང་གི་བུ་ཆུང་པ་ལུའུ་དམག་མི་བྱེད་དུ་འགྲོ་རུ་བཅུག་པ་ཡིན། མགོ་འདོགས་རྒྱུ་ནི་སྟོང་བསམ་ཁོ་ན་ཡིན་ཞེས་པའི་སྐད་ཆ་འདི་ནི་པ་ལུའུ་དམག་མིའི་རུ་ཁག་གསུམ་པའི་ཧོས་རིགས་ཡན་ལག་རུ་ཁག་གི་དམག་སྤྱི་མཱ་པིན་ཀྲའེ་ཡི་ཨ་མ་པའེ་བུན་ཀོན་གྱིས་འཇར་དམག་གི་འཇིགས་སྐུལ་བྱས་པར་མ་སྐྲག་པར་ཟས་བཅད་ནས་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བཏང་བའི་སྐབས་སུ་བཤད་པ་རེད།

འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བཙུགས་པ་དང་། བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་བཙུགས་ཤིང་། དགྲ་བོའི་རྒྱབ་ཕྱོགས་ཀྱི་གཡུལ་ས་གསར་འབྱེད་བྱས་ལ། མི་དམངས་མང་ཚོགས་ལ་དྲག་ཆས་སྤྲོ་བ་དང་སྐུལ་སློང་རྒྱ་ཆེར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་དང་བཅིངས་འགྲོལ་གྱི་ཆེད་དུ། ཀྲུང་གོ་གུང་ཁྲན་ཏང་མི་རྣམས་འཇར་འགོག་སྟོབས་ཤུགས་ཁྲོད་མི་རིགས་རང་བཙན་སྲུང་སྐྱོབ་མཁན་ཆེས་བརྟན་པོ་དང་། མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་བློ་རྩ་ཆེས་བརྟན་པ། ཕྱི་ཡོང་བཙལ་འཛུལ་པར་ངོ་རྒོལ་བྱེད་མཁན་གྱི་མི་སྐོར་ཞིག་ཏུ་གྱུར་ཡོད།

རྒྱལ་སྲུང་སློབ་ཆེན་རྒྱལ་ཁབ་བདེ་འཇགས་སློབ་གླིང་གི་དམག་དོན་བསམ་བློ་དང་དམག་དོན་ལོ་རྒྱུས་སློབ་དཔྱོད་ཁང་གི་ཀྲུའུ་རིན་ཧྲུའུ་ཅན་གྱིས་བཤད་རྒྱུར། འཇར་འགོག་དམག་འཁྲུག་གི་སྐབས་སུ། མང་ཚོགས་ཀྱི་སེམས་ཁྲལ་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། མི་རིགས་ཀྱི་འདུ་ཤེས་བཅས་སྐུལ་སློང་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱིས་རྒྱལ་ཁབ་སྐྱོབ་པའི་རེ་བ་འདེགས་པ། མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་རླབས་རྒྱུན་གྲུབ་པར་བྱས་ཏེ། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་འཇར་འགོག་དམག་འཁྲུག་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས།

མི་རིགས་ཀྱི་ལ་རྒྱ་ནམ་ཡང་མི་དོར།

1938ལོའི་འཇར་འགོག་དམག་འཁྲུག་གི་སྐབས་སུ། གཡུལ་སའི་པར་ལེན་མཁན་ལོ་པོ་ཐི·ཁཱ་ཕ་ཡིས་ཝུའུ་ཧན་སྲང་ལམ་ནས་པར་ཞིག་བླངས་པ་དང་། པར་སྟེང་དུ་མང་ཚོགས་ཀྱིས་དར་ཆ་ཡར་བསྒྲེངས་ནས་དེའི་སྟེང་དུ་མིག་ལ་གསལ་བའི་ཡིག་འབྲུ་གཉིས་བྲིས་ཡོད་པ་དེ་ནི“མི་འཆི”ཅེས་པ་དེ་རེད།

འཆི་དགོས་ཡང་དཔའ་མི་ཞུམ་པ་དང་། ཀྲུང་ཧྭ་མི་རིགས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཀྱི་གླུ་གཞས་ཤིག་བརྩམས་དགོས།

1937ལོར་བདུན་བདུན་དུས་འགྱུར་ལངས་པ་དང་། ལོ་དེའི་ཟླ8པར། པ་ལུའུ་དམག་གི་ཚན་མུའུ་ཀྲང་གཞོན་པའི་འགན་བཞེས་ཡོད་པའི་ཙོ་ཆོན་ཀྲུའུ་ཏེ་དང་ཕིང་ཏེ་ཧོས་གཉིས་ཀྱིས་སྣེ་ཁྲིད་པའི་དམག་མིའི་རྗེས་འབྲངས་ཏེ་ཤར་ཕྱོགས་ནས་རྨ་ཆུར་བརྒལ་བ་དང་། ཧྭ་པེ་ས་ཆར་བསྐྱོད་དེ་འཇར་འགོག་གནས་གཞིའི་ས་ཁུལ་གསར་གཏོད་བྱས།

ཀྲུང་གོ་དམག་དོན་ཚན་རིག་གླིང་འཛམ་གླིང་དམག་དོན་ཞིབ་འཇུག་པུའུ་ཡི་སྔོན་ཆད་ཀྱི་པུའུ་ཀྲང་གཞོན་པ་ལོ་ཡོན་གྱིས་བཤད་རྒྱུར། འདས་ཟིན་པའམ་ཡང་ན་ད་ལྟའི་དུས་གང་ཡིན་པ་དང་། མི་རིགས་རྒུད་སྐྱོབའམ་ཡང་ན་མི་རིགས་བསྐྱར་དར་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་རྒྱལ་ཁ་ལེན་ཕོད་པ་དང་རང་སྲོག་བློས་གཏོང་ཕོད་པའི་མི་དམངས་དམག་དཔུང་གང་ཡིན་ཡང་། མཐུན་སྒྲིལ་དང་རྩ་འཛུགས་ཡོད་པའི་ཀྲུང་གོ་མི་དམངས་ནི་ང་ཚོ་དགྲ་བོ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་དཀའ་ངལ་ཡོད་ཚད་ཁྱད་བསད་བྱེད་པའི་ཡིད་ཆེས་དང་སྟོབས་ཤུགས་ཡིན།

ལྷག་བསམ་དཀར་པོའི་བློ་སྤོབས་དང་། དཔའ་བོའི་སྙིང་སྟོབས་སྙན་ངག་ཏུ་འབྲི།

“མགོ་བོ་ལྷུང་ཡང་མི་སྐྲག་པ་དང་། ཁྲག་དྲོན་བཞུར་ཡང་། ལྷག་བསམ་དཀར་པའི་བློ་སྤོབས་ལ་ནམ་ཡང་གཡོ་འགུལ་གཏོང་མི་སྲིད།” དེ་འདྲའི་སེམས་ཐག་ཆོད་པ་ལ་བརྟེན་ནས་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་ལམ་དམག་དང་པོའི་སྤྱིའི་སི་ལིན་དང་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་བཞེས་ཡོད་པའི་ཡང་ཅིན་ཡུས་ཀྱིས་སྣེ་ཁྲིད་པའི་དམག་དཔུང་གིས་འཇར་པན་རྫུས་དམག་ལ་དམག་འཐབ་བརྒྱབ་པ་དང་། 1940ལོའི་ཟླ2པར་ཡང་ཅིན་ཡུས་ཀྱིས་གཟི་བརྗིད་ལྡན་པའི་ངང་རང་སྲོག་བློས་བཏང་ལ། དགུང་ལོ35རེད། ཁོས་རང་སྲོག་བློས་བཏང་རྗེས། འཇར་དམག་གིས་ཁོང་གི་བེམ་པོ་གཤགས་དཔྱད་བྱས་པ་ན། ཕོ་བའི་ནང་དུ་རྩྭ་སྐམ་པོ་དང་། སྡོང་བོའི་ཤུན་པགས། སྲིང་བལ་ཡོད་པ་མཐོང་།

1941ལོའི་ཟླ8པར། འཇར་པན་རྫུས་དམག་གིས་ཧྲན་ཞི་དང་། ཁྲ་ཧར། ཧི་པེ་བཅས་ས་ཁུལ་ལ་སྔར་བྱས་མ་མྱོང་བའི“གཙང་ཕྱགས”བྱས་པ་དང་། ལོ་དེའི་ཟླ9པར་དབྱི་རྫོང་གི་ལང་ཡ་རི་བོར་འཇབ་རྒོལ་བྱས། འགེབས་སྲུང་གི་ལས་འགན་འཁུར་ཡོད་པའི་པ་ལུའུ་དམག་མི་ལྔ་ཡིས་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོར་འགོག་རྒོལ་བྱས་པ་དང་། ཁོ་ཚོས་མདེའུ་ཆེས་མཐའ་མ་དེ་བརྒྱབ་ཚར་བ་དང་། ལག་འབོམ་མཐའ་མ་དེ་གཡུགས་ཚར་རྗེས་རྡོ་བ་བླངས་ནས་དགྲ་བོ་འགོག་རྒོལ་བྱས། ཆེས་མཐའ་མར་དཔའ་རྒོད་ཚོ་ཤི་ཡང་མགོ་མ་སྒུར་བར་མེ་མདའ་ཡོད་ཚད་བརླག་རྗེས་གཡང་ལ་མཆོངས་པ་རེད།

ཨན་ཧོས་ཝུའུ་ཧུའུ་གྲོང་ཁྱེར་གྱི་ཀྲིག་ཧྲན་རི་བོའི་སྟེང་དུ།  ཀྲུང་གོའི་རྒྱང་སྐྱོད་དམག་དཔོན་གྲགས་ཅན་ཏའེ་ཨན་ལན་དུར་འཇུག་བྱས་ཡོད་པ་དང་། 1942ལོའི་ཟླ3པར། ཏའེ་ཨན་ལན་གྱིས་སྣེ་ཁྲིད་པའི་དམག་དཔུང་འབར་མ་རྒྱལ་ཁབ་ཀྱི་རྒྱང་སྐྱོད་དམག་གི་འཇར་འགོག་དམག་འཁྲུག་ཏུ་ཞུགས། ཁོང་གིས་རང་གི་ལྕམ་མོར་སྤྲིངས་པའི་འཕྲིན་ཡིག་ནང་“རྒྱལ་ཁབ་ཀྱི་དོན་དུ་འཐབ་འཛིང་བྱས་ནས་སྐུ་གཤེགས་པ་དེ་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་རེད”ཅེས་བྲིས་ཡོད། ཡ་ང་བའི་ཐུང་ཀུའུ་སྲུང་སྐྱོབ་དམག་འཁྲུག་ཁྲོད། ཏའེ་ཨན་ལན་གྱིས་དམག་དཔུང་ཁྲིད་དེ་དགྲ་བོར་དམག་འཐབ་དྲག་པོ་བྱས་ཏེ། མི་བརྒྱད་བརྒྱས་རང་སྲོག་བློས་བཏང་ཤིང་། འཇར་དམག་གི་གདོང་མཆོངས་པ་ཐེངས་ཉི་ཤུར་ཕྱིར་ལྡོག་བྱས་པ་དང་། དགྲ་དམག་སྟོང་བཞི་ལྷག་ཚར་གཅོད་བྱས་ལ། དགྲ་དམག་བཞི་བརྒྱ་ལྷག་གསོན་བཟུང་བྱས་ཏེ། རྒྱལ་ཁབ་ཀྱི་ཟིལ་ཤུགས་མངོན་པར་བྱས། དམག་འཁྲུག་མཇུག་སྒྲིལ་རྗེས། ཏའེ་ཨན་ལན་ཕྱིར་འཐེན་བྱེད་སྐབས་དགྲ་བོའི་འཇབ་རྒོལ་ཐེབས་པ་དང་། རྨས་ལྗིད་མོ་ཕོག་ནས་གཟི་བརྗིད་ལྡན་པའི་ངང་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་བཏང་བ་དང་། སྐབས་དེར་དགུང་ལོ་སོ་བརྒྱད་རེད།

ས་ལག་མཐིལ་ཙམ་ཡང་ཁྲག་དྲོན་ལ་བརྟེན་ནས་ཐོབ་པ་ཡིན།  ཀྲུང་ཧྭའི་བུ་བུ་མོ་དུང་ཕྱུར་བཞི་ཡིས་གཏུམ་དྲག་བཙན་འཛུལ་ལ་མི་སྐྲག་པ་དང་། དམར་འཛིང་མཐའ་འཁྱོལ་བ་བྱེད་པའི་དཔའ་བོའི་བློ་སྤོབས་ལ་བརྟེན་ནས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་བརྗིད་ཉམས་ཆེ་བའི་ཤར་ཕྱོགས་ཀྱི་ལོ་རྒྱུས་སྙན་ངག་ཅིག་བརྩམས་ཡོད།

“འཇར་འགོག་དམག་འཁྲུག་ནི་ཡུན་རིང་གི་དམག་འཁྲུག”ཅིག་ཡིན་པ་དང་། དད་སེམས་ལ“ཆེས་མཐའ་མཇུག་གི་རྒྱལ་ཁ”ཐོབ་ཐུབ།

“ཀྲུང་གོ་འཇིག་སྲིད་དམ་ཟེར་ན། འཇིག་མི་སྲིད་དེ། མཐར་ཐུག་གི་རྒྱལ་ཁ་ཀྲུང་གོར་ཐོབ་ཐུབ་པ་ཡིན། ཀྲུང་གོ་མྱུར་དུ་རྒྱལ་ཐུབ་བམ་ཞེ་ན། མྱུར་དུ་རྒྱལ་མི་ཐུབ་སྟེ། འཇར་འགོག་དམག་འཁྲུག་ནི་ཡུན་རིང་གི་དམག་འཁྲུག་ཅིག་རེད།”

1938ལོའི་ཟླ5བར། ཧྲའན་པེ་ཡན་ཨན་གྱི་ས་དོང་ནང་དུ། མའོ་ཙེ་ཏུང་གིས“རྒྱལ་ཁབ་འཇིག་པར་སྨྲ་བ”དང་“འཕྲལ་རྒྱལ་སྨྲ་བའི”དཔེ་ཆ་གཉིས་ཀྱིས་ཁ་ཕྱེས་པ་ན། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འོད་སྟོང་ལྡན་པའི་མ་འོངས་པ་ཞིག་མཐོང་།

ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁ་ཐོབ་སྲིད་པའི་དད་སེམས་ལ་བརྟེན་ནས་ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་ཉམས་པ་སོར་ཆུད་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་མངོན་འགྱུར་བྱས་ཡོད།

ཡན་ཨན་དུ། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་འགོག་གནས་གཞིའི་ས་ཁུལ་བཙུགས་པ་མ་ཟད། ད་དུང་དམངས་གཙོ་རིང་ལུགས་གསར་བ་ནང་དོན་ཡིན་པའི་སྤྱི་ཚོགས་བཅོས་བསྒྱུར་བྱས་ལ། དེ་ནི་སྐབས་དེའི་རྒྱལ་གཅེས་ན་གཞོན་ཚོའི་སེམས་ནང་གི་གནས་མཆོག་ཅིག་ཏུ་གྱུར་ཡོད་པ་དང་། ཕུལ་དུ་བྱུང་བའི་ཀྲུང་ཧྭའི་བུ་བུ་མོ་མང་པོ་མཉམ་གཅིག་དུ་བསྡུས་ཡོད། ཡུན་ནན་ཁུང་མིན་ས་ཁུལ་དུ་འཇར་འགོག་དམག་འཁྲུག་གི་མེ་ལྕེ་ཁྲོད་བཙུགས་པའི་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་དེ་ཁང་ཀླད་ལྕགས་ཀྱིས་བཟོས་པ་དང་། ས་ཡིས་གྱང་རྡུང་ནས་གྲུབ་པའི་སློབ་ཁང་ནང་དུ། ཡིད་སེམས་སྐྱོ་བའི་མཁའ་ཟོན་ཉེན་བརྡ་དང་འཇར་པན་ཇག་དམག་གི་འགས་གཏོར་ཁྲོད་སྐར་ཚོགས་ལ་འགྲན་པ་ལྟ་བུའི་དགེ་རྒན་ཆེན་མོ་དང་ཚན་རིག་པ་མང་པོ་སྐྱེད་བསྲིང་བྱས་ཡོད།

1945ལོའི་ཟླ9ཚེས9ཉིན། ཅང་སུའུ་ནན་ཅིན་རུ་སྐབས་དེ་དུས་འཇར་པན་དམག་གིས་དམར་གསོད་ཆེན་པོའི་རྗེས་སུ་གསོན་ཐུབ་པ་བྱུང་བའི་མང་ཚོགས་ཡོད་པ་དང་། ཁོ་ཚོས་རྒྱལ་ཁའི་དགའ་འབོད་ཁྲོད་འཇར་པན་བཙན་འཛུལ་བས་མགོ་འདོགས་པའི་ཡིག་ཆའི་མིང་རྟགས་འགོད་པའི་ལོ་རྒྱུས་ཀྱི་དུས་སྐབས་དེ་དངོས་སུ་བདེན་དཔང་བྱས་ཡོད།

“ང་ཚོ་མི་བརྒྱ་སེམས་གཅིག་ནང་བཞིན་དགྲ་བོའི་མེ་སྒྱོགས་ལ་མི་འཛེམ་པར་མདུན་དུ་སྐྱོད།”ཀྲུང་གོ་མི་དམངས་ཀྱིས་ཞུམ་པ་མེད་པར་དགྲ་བོར་རྒོལ་བ་དང་། ཟུངས་ཁྲག་གིས་ལྕགས་རི་རིང་པོ་བརྩིགས་པ། སྔོན་འགྱེལ་རྗེས་མཐུད་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་དཀའ་ཁག་གི་མདུན་དུ་རྒྱུགས་ཏེ། གནམ་ས་སྒུལ་བར་བྱེད་པའི་བརྗིད་ཆེའི་ལོ་རྒྱུས་ཤིག་འབྲི་བཞེངས་བྱས་ཡོད། འཇར་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཤི་གསོན་ཆགས་འཇིག་གི་ལོ་རྒྱུས་ཀྱི་དུས་སྐབས་སྐྲུན་པ་དང་འོད་སྟོང་ལྡན་པར་བྱས་ཡོད། འཇར་འགོག་དམག་འཁྲུག་གི་མེ་ལྕེའི་ཁྲོད་བྱུང་བའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བྱས་ནས་མི་རབས་མང་པོའི་ ཀྲུང་ཧྭ་བུ་བུ་མོའི་སེམས་ཁོངས་སུ་དཀྲོལ།

ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་པ་དེས་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་། རང་དབང་། བཅིངས་འགྲོལ་བཅས་བརྩོན་ལེན་བྱེད་པའི་བློ་སྤོབས་ཇེ་བརྟན་དུ་བཏང་བ་དང་། གནའ་བོའི་ཀྲུང་གོ་དམག་འཁྲུག་གི་མེ་ལྕེ་ཁྲོད་བསྐྱར་དུ་གསོན་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བ་བཏོད། འཇར་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་དེ་ནི་ཀྲུང་གོ་མི་དམངས་ཀྱི་བསམ་པའི་རྒྱགས་ཕྱེ་རྩ་ཆེན་ཞིག་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་ཐམས་ཅད་ཁྱད་བསད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་པར་ནམ་ཡང་སྐུལ་མ་གཏོང་བཞིན་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།