“ལམ་གཉིས་སྙིང་སྟོབས”ཀྱི་གཟི་འོད་ཀྱིས་དུས་རབས་གསར་བའི་འབད་བརྩོན་གྱི་ལམ་བུ་གསལ་བར་བྱས།
2021.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

དམག་དཔོན་ཐོག་ཁང་སྤྱི་གླིང་གི་མཁའ་ལམ་དྲན་གསོའི་རྡོ་རིང་།

ན་གོར་མོ་གྲོང་ཁྱེར་གྱི་ལས་ཁུངས་སོ་སོས་དམག་དཔུང་ཐོག་ཁང་སྤྱི་གླིང་དུ་སློབ་སྦྱོང་བྱ་འགུལ་སྤེལ།

དམག་དཔོན་ཐོག་ཁང་དྲན་གསོ་ཁང་།

1954ལོར། སྤྱིའི་རིང་ཚད་ལ་སྤྱི་ལེ་སྟོང་བཞི་དང་སུམ་བརྒྱ་དྲུག་ཅུ་ཡོད་པའི་ཁྲོན་བོད་གཞུང་ལམ་དང་། མཚོ་བོད་གཞུང་ལམ་འཛུགས་སྐྲུན་བྱས་ཚར་ནས་རླངས་འཁོར་གཏོང་མགོ་བརྩམས་པ་དང་། ཀྲུང་གོའི་དམག་དམངས་འབུམ་གཅིག་ལྷག་གིས་ཆེས་དཀའ་སྡུག་ཆེ་བའི་ཆ་རྐྱེན་འོག་དཔའ་ངར་ཆེན་པོས་འབད་བརྩོན་བྱས་པ་བརྒྱུད། “མིའི་རིགས་ཀྱི་ཚེ་སྲོག་བཀག་སྡོམ་ཁུལ”གྱི“འཛམ་གླིང་ཡང་རྩེ”རུ་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་ཞིག་གསར་གཏོད་བྱས་ཡོད། “དཀའ་སྡུག་ལ་མི་སྐྲག་པ་དང་། འཆི་རྒྱུར་མི་སྐྲག་པ། ཞུམ་པ་མེད་པར་འབད་བརྩོན་བྱེད་པ། ལམ་རྡོ་བྱེད་ཕོད་པ། དམག་དམངས་ཁྱིམ་ཚང་གཅིག་ཡིན་པ། མི་རིགས་མཐུན་སྒྲིལ”གྱི“ལམ་གཉིས་སྙིང་སྟོབས”ཤིག་ཀྱང་སྐྲུན་ཡོད།

2014ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟི་ཁྲོན་ནས་བོད་ལྗོངས་བར་དང་། མཚོ་བོད་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་ནས་ལོ་དྲུག་ཅུ་འཁོར་བར་ཆོག་མཆན་མཛུབ་སྟོན་གལ་ཆེན་གནང་སྟེ། སྔར་ལས་ལྷག་པའི་སྒོ་ནས“ལམ་གཉིས་སྙིང་སྟོབས”དར་སྤེལ་བཏང་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

“དཀའ་སྡུག་ལ་མི་སྐྲག་པ་དང་། འཆི་རྒྱུར་མི་སྐྲག་པ”སྤྱིའི་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་དང་དགུ་བརྒྱ་སོ་བདུན་ཡོད་པའི་མཚོ་བོད་གཞུང་ལམ་གྱི་ཟི་ལིང་ནས་ལྷ་ས་བར་གྱི་གཞུང་ལམ་དེར་འཛུགས་སྐྲུན་མཁན་རྣམས་ཀྱི་རྔུལ་ཁྲག་འདུས་ཡོད་པ་དང་། དེ་ནི་ཁོ་ཚོས་ལང་ཚོ་དང་ཚེ་སྲོག་གིས་སྐྲུན་པའི“ཚེ་སྲོག་གི་ལམ་ཐིག”ཅིག་རེད།

“ཞུམ་པ་མེད་པར་འབད་བརྩོན་བྱེད་པ། ལམ་རྡོ་བྱེད་ཕོད་པ”བསྒྱུར་བཀོད་དང་། ལེགས་སྒྲིག སྲུང་སྐྱོབ་བྱེད་པའི་གོ་རིམ་ཁྲོད། མི་རབས་ནས་མི་རབས་བར་གྱི་འགྲིམ་འགྲུལ་པ་རྣམས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་དང་། ལམ་ཁ་རེ་རེ་ཁྱིམ་བྱས་ནས་མུ་མཐུད་དུ“ལམ་གཉིས་སྙིང་སྟོབས”ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། མཚོ་བོད་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཐད་ལ་སྟོབས་དང་ལྡན་པའི་སྙིང་སྟོབས་ཀྱི་སྒུལ་ཤུགས་བསྩལ།

“དམག་དམངས་ཁྱིམ་ཚང་གཅིག་དང་། མི་རིགས་མཐུན་སྒྲིལ་ལྡན་པ”མཚོ་བོད་གཞུང་ལམ་ཞིག་གསོ་འཛུགས་སྐྲུན་བྱས་པ་དེས་བོད་ལྗོངས་མི་དམངས་ཀྱིས་དེ་ནི་ནང་ལོག་ཏུ་བསྐྱོད་པའི“བདེ་སྐྱིད་ཀྱི་གསེར་ཟམ”ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། མཚོ་བོད་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་པ་དེས་བོད་ལྗོངས་ཡུན་རིང་བོར་བཀག་སྡོམ་གྱི་རྣམ་པར་གནས་པ་དང་གནའ་བོའི་སྐྱེལ་འདྲེན་གྱི་རྣམ་པར་འགྱུར་ལྡོག་བཏང་ཡོད་ཅིང་། མི་རིགས་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མེས་རྒྱལ་གྱི་ནུབ་ལྷོའི་མཐའ་མཚམས་སྲ་བརྟན་དུ་བཏང་ནས་བོད་ལྗོངས་བརྟན་འཇགས་སྒོས་འཕེལ་རྒྱས་དང་ནུབ་ལྷོའི་མཐའ་མཚམས་བདེ་འཇགས་ཀྱི“ཚེ་སྲོག་གི་ལམ་ཐིག”སྲུང་སྐྱོབ་བྱས།

གཞུང་ལམ་སྐྲུན་པའི་ངོ་མཚར་བྱས་རྗེས་བཞག----“ཟླ་བདུན་དང་ཉིན་བཞིའི་རིང་”མཚོ་བོད་གཞུང་ལམ་ཤར་གཏོང་བྱེད་ཐུབ་པ་བྱུང་།

དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བར། དམག་དཔོན་མུའུ་ཧྲིན་ཀྲུང་དང་ཁོའི་སྣེ་ཁྲིད་པའི་ལམ་སྐྲུན་དཔུང་ཆེན་གྱིས་མཚོ་བོད་ལམ་ཐིག་སྐྲུན་པ་དེས་རྒྱུ་ཤུགས་དཀོན་པ་དང་། ལག་རྩལ་ཞན་པ། རང་བྱུང་ཁོར་ཡུག་གདུག་རྩུབ་ཆེ་བའི་ཆ་རྐྱེན་འོག་ཏུ། དཀའ་ངལ་ལ་མི་འཛེམ་པ་དང་། ཉེན་ཁར་མི་འཛེམ་པ། རང་སྲོག་བློས་གཏོང་བར་མི་སྐྲག་པར་ཆེས་གདོད་མའི་ལག་ཆ་བཀོལ་སྤྱོད་དང་། ཆེས་དམའ་བའི་མ་རྩ། ཆེས་ཉུང་བའི་མི་ཤུགས་ལ་བརྟེན་ནས་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ་གྱིས་ཉེན་ཁ་སྣ་ཚོགས་ལས་བརྒལ་ཏེ་ཟླ་བ་བདུན་དང་ཉིན་བཞིའི་རིང་ལ“ཚེ་སྲོག་གི་བཀག་སྡོམ་ཁུལ”སྟེ་འཛམ་གླིང་ཡང་རྩེ་རུ་ན་གོར་མོ་ནས་ལྷ་ས་བར་གྱི“གངས་ལྗོངས་མཁའ་ལམ”ཞིག་གསོ་བྱས་པས། རང་རྒྱལ་གྱི་གཞུང་ལམ་ལོ་རྒྱུས་སྟེང་གི་སྟོང་ཆ་ཁ་གསབ་བྱས།

1954ལོའི་ཟླ5ཚེས11ཉིན། དམག་དཔོན་མུའུ་ཧྲིན་ཀྲུང་གིས་ལས་བྱེད་པ་བཅུ་དགུ་དང་ལས་ཀ་བ་སྟོང་གཅིག་དང་ཉིས་བརྒྱ། རྔ་མོང་ཁྲི་གཉིས་ལྷག་གི་སྣེ་ཁྲིད་དེ་ན་གོར་མོ་ནས་མཚོ་བོད་གཞུང་ལམ་སྐྲུན་པའི་ལས་ཀའི་མགོ་བརྩམས། ཉིན་གསུམ་གྱི་རྗེས་སུ། ཁོ་ཚོས་མཚོ་བོད་གཞུང་ལམ་སྟེང་དུ་ཟམ་པ་དང་པོའི་སྒྲོམ་གཞི་བཙུགས་པ་དང་། མིང་ལ“གནའ་མཐའི་ཟམ་པ”ཞེས་བཏགས་པ་དང་། རྗེས་སུ་དམག་སྤྱི་ཁྲིན་ཡུས་བོད་ལྗོངས་སུ་བསྐྱོད་སྐབས་གནས་འདི་བརྒྱུད་པའི་སྐབས་སུ“གནའ་མཐའི་ཟམ་པ”ཞེས་པའི་མིང་དེ“ཁུ་ནུ་ཟམ་པ”ཞེས་པར་བསྒྱུར།

ལམ་སྐྲུན་དམག་དཔུང་ཆེན་མོ་ནུབ་ཕྱོགས་སུ་བསྐྱོད་དེ་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་དང་བར་ཐག་སྤྱི་ལེ་བརྒྱད་བརྒྱ་ཡོད་པའི་མཚམས་སུ། ན་གོར་མོ་ནི་ས་ཁོངས་རང་བཞིན་གྱི་མཚན་ཉིད་ཅིག་ཡིན་པ་ལས། ས་ཁམས་ཀྱི་གཏན་འཁེལ་གནས་ཁུལ་ཞིག་མེད་པ་རེད། ལམ་སྐྲུན་དམག་དཔུང་ཞིག་གིས་དམག་དཔོན་མུའུ་ལགས་ལ། དམག་དཔོན་ལགས། ན་གོར་མོ་དོན་ངོ་མར་གང་ན་ཡོད་དམ་ཞེས་དྲིས་པ་ན། དམག་དཔོན་མུའུ་ཧྲིན་ཀྲུང་གིས་སྐབས་དེར་ལྕགས་ཁེམ་ས་ནང་དུ་བརྡབས་ནས་རྐང་པ་དེའི་སྟེང་སྤོས་རྗེས་གཟབ་ནན་གྱི་སྒོ་ནས“ས་འདི་ན་གོར་མོ་རེད”ཅེས་བཤད། དུས་དེ་ནས་བཟུང་། ལམ་ལ་བརྟེན་ནས་བྱུང་བ་དང་། ལམ་ལ་བརྟེན་ནས་འཕེལ་རྒྱས་སོང་བའི་བྱེ་ཐང་གི་མཁར་གྲོང་གསར་བ་ཞིག་དེ་ལྟར་བྱུང་།

1954ལོའི་ཟླ7པའི་ཚེས30ཉིན། མཚོ་བོད་གཞུང་ལམ་ཨ་ཆེན་གངས་རྒྱབ་བར་དུ་ཞིག་གསོ་བྱས་པ་དང་། དེའི་རིང་ལ་ཉིན་བདུན་ཅུ་དོན་དགུ་འགོར་ཞིང་། ལམ་སྐྲུན་དམག་དཔུང་གིས་སྤྱི་ལེ་སུམ་བརྒྱའི་གཞུང་ལམ་ལས་ཚར།

1954ལོའི་ཟླ8པའི་ཟླ་དཀྱིལ་བར་ལ། ལམ་སྐྲུན་དམག་དཔུང་ཤ་མོ་ཤེའུ་ཁུང་བརྒལ་ནས་དམར་ཆུའི་རྒྱུ་ལམ་དེད་དེ་ལམ་ལས། ལོ་དེའི་ཟླ་བཅུ་བར། ལམ་སྐྲུན་རུ་ཁག་གིས་གདང་ལ་རི་བོ་བར་དུ་ལམ་ལས་པ་དང་། གདང་ལ་རི་བོ་ནི་ད་ལྟའི་འཛམ་གླིང་སྟེང་མཚོ་འཕང་ཆེས་མཐོ་བའི་གཞུང་ལམ་ཁུལ་ཞིག་ཡིན་པ་རེད།

མཚོ་བོད་གཞུང་ལམ་སྐྲུན་པའི་གོ་རིམ་ཁྲོད། ལམ་ཐག་རིང་མོའི་དཀའ་ངལ་ལམ་མི་བུ་གང་ཞིག་ལ་རྗེས་དྲན་བྱེད་ཆེད། དམག་དཔོན་མུའུ་ཧྲིན་ཀྲུང་གིས་ས་མིང་མེད་པའི་ས་ཆར་མིང་བཏགས། དེ་ནང་དུ་ཤ་མོ་ཤེའུ་ཁུང་དང་། མུ་ཏིག་ཚྭ་ཆུ། སྐྱིད་ལ་སྒང་སོགས་ཀྱི་ས་མིང་བཏགས། བྲག་སྨུག་རི་གཤམ་ནི་ཐང་སྟོང་ཞིག་ཡིན་པ་དང་། མིང་ལ“ཧན་ཐང་”ཞེས་བཏགས་པ་དང་། འདི་ནི་དམག་དཔུང་མུའུ་ཧྲིན་ཀྲུང་གིས་མཚོ་བོད་གཞུང་ལམ་འཛུགས་སྐྲུན་བྱེད་སྐབས་ནད་བྱུང་ནས་ཚེ་ལས་འདས་པའི་ཉིན་ཞ་ཡི་ལས་བཟོ་བ་ཞའོ་ཧན་གྱི་མིང་ལ་ལྟོས་ནས་བཏགས་པའི་ས་ཆ་ཞིག་རེད།

1954ལོའི་ཟླ11པའི་ཚེས11ཉིན། མཚོ་བོད་གཞུང་ལམ་བོད་བྱང་ཐང་གི་གྲོང་རྡལ་གཙོ་བོ་ནག་ཆུའི་བར་དུ་ལས་པ་དང་། ན་གོར་མོ་ནས་ལྷ་སའི་བར་དུ་སྤྱི་ལེ་སྟོང་གཅིག་དང་ཉིས་བརྒྱ་ལས་ཞིང་། ལམ་ཐིག་ཡོངས་སུ་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་བྱུང་། ལོ་དེའི་ཟླ12པའི་ཚེས25ཉིན། ལྷ་ས་དང་། མཚོ་བོད་གཞུང་ལམ། ཁམས་ནས་བོད་ལྗོངས་བར་གྱི་གཞུང་ལམ་སྟེང་ཡང་རླངས་འཁོར་གཏོང་བའི་མཛད་སྒོ་དུས་མཉམ་དུ་བསྡུས།

2006ལོར། རིང་ཚད་ཡོངས་ལ་སྤྱི་ལེ1956ཡོད་པའི་མཚོ་བོད་ལྕགས་ལམ་ལེགས་འགྲུབ་བྱུང་ནས་མེ་འཁོར་གཏོང་མགོ་བརྩམས་པ་དང་། འདི་ནི་འཛམ་གླིང་སྟེང་མཚོ་འཕང་ཆེས་མཐོ་བ་དང་། ལམ་ཐིག་ཆེས་རིང་བའི་མཐོ་སྒང་གི་ལྕགས་ལམ་ཞིག་རེད།

ཚྭ་འདམ་གཞོང་གི་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར“ལམ་གཉིས་སྙིང་སྟོབས”རྒྱུན་འཛིན་བྱས་ཏེ། སྔ་འཛིན་ཕྱིར་གཏོད་དང་། དཀའ་སྤྱད་འབད་བརྩོན་བྱས་ནས་རྔུལ་ཁྲག་གཏོར་ཡོད་སའི་བྱེ་ཐང་གི་གཞི་རུ་ལས་ཀ་མང་པོ་དུས་གཅིག་ཏུ་སྤེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འབྱོར་ཕྱུག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་དེང་རབས་ཅན་གྱི་གྲོང་ཁྱེར་གསར་བ་ཞིག་འཛུགས་སྐྲུན་བྱས་ཡོད།

“ལམ་གཉིས་སྙིང་སྟོབས”དེ་རྒྱལ་གཅེས་རིང་ལུགས་སློབ་གསོའི“གསོན་ཉམས་ལྡན་པའི་སློབ་གཞི”ཞིག་ཏུ་འགྱུར་བར་བྱེད་དགོས།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ནུབ་བྱང་མཚམས་ཀྱི་གྲུ་ཟུར་ཞིག་ཏུ། ཐོག་ཁང་དང་། རྡོ་རིང་། བརྐོས་བརྙན་མང་པོའི་གསེབ་ཏུ་སྔོ་ལྗང་ལྗང་དང་། མེ་ཏོག་རྣམ་པར་བཞད་པའི་སྤྱི་གླིང་ཞིག་ཡོད་དེ། དེ་ནི་དམག་དཔོན་ཐོག་ཁང་སྤྱི་གླིང་ཡིན་ལ། དེ་ནི་ན་གོར་མོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཀྱང་རེད།

2010ལོའི་ཟླ11པར། དམག་དཔོན་ཐོག་ཁང་དེ་ནི“མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་སའི་རྟེན་གཞི་ཕུལ་དུ་བྱུང་བ་ཞིག”ཡིན་པ་དང་། 2012ལོར། “མཚོ་སྔོན་ཞིང་ཆེན་རིམ་པའི་རྒྱལ་སྲུང་སློབ་གསོའི་རྟེན་གཞི”དང་། “ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”རུ་བདམས་པ་དང་། 2020ལོར། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“སྐོར་དང་པོའི་མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི”མིང་བཏགས་ཤིང་། 2021ལོར། “རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི”དང་། “མཚོ་སྔོན་ཞིང་ཆེན་གྱི་སྲིད་གཙང་སློབ་གསོའི་རྟེན་གཞི” “མཐོ་སྒང་གི་སྒོ་ཁྲལ་ལས་ཁུངས་སྙིང་སྟོབས་སློབ་གསོའི་རྟེན་གཞི”བཅས་ཀྱི་མིང་བཏགས།

ད་ལོར། ན་གོར་མོ་གྲོང་ཁྱེར་གྱི་ལས་ཁུངས་དང་། ཁེ་ལས། ལས་དོན་དོན་ལས་ཁུངས་སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སློབ་ཁྲིད་གནས་དེ་རུ་བྱས། དམག་དཔོན་ཐོག་ཁང་སྤྱི་གླིང་གི་ལྷོ་སྒོ་ནས་ནང་དུ་འཛུལ་ཚེ། ལམ་སྐྲུན་བྱ་བར་བློ་དཀར་བའི་བླ་སྲོག་གི་རྡོ་རིང་དང་། མཁའ་ལམ་དྲན་གསོའི་རྡོ་རིང་། མཐུན་སྒྲིལ་ཟམ་པ། དམག་དཔོན་སྡོང་བོ། དམག་དཔོན་དྲན་གསོའི་སྐུ་བརྙན། དམག་དཔོན་ཐོག་ཁང་གི་མཁར་རྙིང་སོགས་འཛུགས་སྐྲུན་བྱས་པ་དང་། སྐུ་བརྙན་གྱི་བཟོ་ཚུལ་དང་། དྲིལ་སྒྲོག་བྱང་བུ། རྡོ་རིང་ངོས་ཀྱི་བརྐོས་ཡིག་སོགས་ཀྱིས་སྔོན་ཆད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཤུལ་རྗེས་ཞིབ་འབྲི་བྱས་ཡོད་པས། མི་རྣམས་ལ་མཚོ་བོད་གཞུང་ལམ་ཞིག་གསོ་བྱེད་སྐབས་ཀྱི་དཀའ་སྡུག་གི་ལོ་ཟླ་དེ་རང་དབང་མེད་པར་དྲན་དུ་འཇུག་སྲིད།

“དམག་དཔོན་ཐོག་ཁང་སྤྱི་གླིང་གིས་དམར་པོའི་གསུང་རབ་ཡུལ་ལྗོངས་ཁུལ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྟེན་གཞི་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། ང་ཚོས་ཡུལ་སྐོར་བ་སྔར་ལས་མང་པོ‘ལམ་གཉིས་སྙིང་སྟོབས’ ཉམས་ཞིབ་དང་རོལ་མྱོང་བྱེད་དུ་ཡོང་བའི་རེ་བ་བྱེད་བཞིན་ཡོད་པ་དང་། ང་ཚོས་ཐོབ་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་སྔར་ལས་གཅེས་སྤྲས་བྱས་ཏེ། དམར་པོའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་སྐུལ་འདེད་བཏང་”ཞེས་དམག་དཔོན་ཐོག་ཁང་སྤྱི་གླིང་གི་དོ་དམ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལུའུ་ཧའེ་ཞ་ཡིས་མཚམས་སྦྱོར་བྱས།

ཁང་བ་ནང་གི་དཔེ་ཆའི་ངོས་ཀྱི་སློབ་གསོའི་རྣམ་པ་ནས་ཕྱི་རོལ་གྱི་ཉམས་ཞིབ་རྣམ་པའི་སློབ་གསོ་རུ་བསྒྱུར་བ་དང་། དམག་དཔོན་ཐོག་ཁང་སྤྱི་གླིང་དེ་སྒོ་འབྱེད་དང་། མཉམ་སྤྱོད། ཉིན་ཧྲིལ་བོར་སྒོ་ཕྱེས་པའི་ཏང་གཤིས་སློབ་གསོ་རྟེན་གཞི་ཞིག་ཏུ་གྱུར་བ་དང་། ཏང་ཡོན་མང་ཚོགས་རྣམས་ཁྱིམ་ནས་སྒོར་བུད་ན་ཏང་གི་ལོ་རྒྱུས་སློབ་ཐུབ་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྔར་ལས་མྱོང་སླ་བར་གྱུར།

“སྔོན་ཆད། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤེལ་ན་ཚང་མ་སློབ་ཁྲིད་ལ་རྟེན་བཞིན་ཡོད་པ་དང་། ད་ལྟ། ཚང་མ་སྒོར་སོང་ནས་དམག་དཔོན་ཐོག་ཁང་སྤྱི་གླིང་དུ་སོང་ནས་སློབ་གསོ་མྱོང་བཞིན་ཡོད་ལ། ཏང་གི་ལོ་རྒྱུས་དེ་དོན་དངོས་ཁྲོད་བཞག་སྟེ་བཤད་པ་དང་ཚང་མས་མཉམ་དུ་གྲོས་སྡུར་བྱས་པ་དང་། དེའི་ནང་ཞུགས་པའི་ཚོར་བ་སྔར་ལས་ཇེ་དྲག་ཏུ་སོང་”ཞེས་ན་གོར་མོ་གྲོང་ཁྱེར་རྨ་ནུབ་སྲང་ལམ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཅིན་ཅིན་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།

གྲོང་ཁྱེར་གྱི་མང་ཚོགས་སྐྱེས་མ་ལིག་ཚང་ནི་བང་ལིག་ཀྲོང་སྡོད་ཁུལ་དུ་ཡོད་པ་དང་། ཁོམ་དུས་དུས་རྒྱུན་དུ་ཚ་མོ་ཁྲིད་དེ་སྤྱི་གླིང་དུ་ཡོང་ནས་འཆམ་འཆམ་བྱེད་བཞིན་ཡོད། ཁོ་མོས་བཤད་རྒྱུར། དམག་དཔོན་ཐོག་ཁང་སྤྱི་གླིང་གི་ཁོར་ཡུག་མཛེས་པར་མ་ཟད། ད་དུང་ན་གོར་མོ་གྲོང་ཁྱེར་གྱི་རྩ་ཆེ་བའི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད་ལ། སྤྱི་གླིང་འདིའི་ནང་ཡོང་ནས་འཆམ་འཆམ་བྱས་ན་སེམས་པ་ཧ་ཅང་སྐྱིད་པ་དང་། ད་དུང་ལོ་རྒྱུས་བསྐྱར་དྲན་དང་སེམས་ཁམས་ཡང་ལྷོད་ལ་འབབ་ཐུབ་ཟེར།

“‘ལམ་གཉིས’སྙིང་སྟོབས་ལ་ནམ་ཡང་གཟི་འོད་འཕྲོ་བཞིན་ཡོད་པ་དང་། འདིས་རྒན་རབས་པས་ན་གོར་མོ་ཡི་མིས་དཀའ་ངལ་གདོང་གིས་བསུས་ནས་མདུན་དུ་བསྐྱོད་པ་དང་། མཐུན་སྒྲིལ་རོགས་རེས། དཀའ་ངལ་ལས་རྣམ་པར་རྒྱལ་བར་མུ་མཐུད་དུ་འབད་བརྩོན་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ལ་སྐུལ་འདེད་བྱས་ཡོད་པར་མ་ཟད། ད་དུང་མི་རབས་གསར་བའི་ན་གོར་མོ་ཡི་མིས་བསམ་བློ་བཅིངས་འགྲོལ་དང་། ཚན་རིག་བདེན་དོན། གསར་སྐྲུན་བྱེད་ཕོད་པར་སྐུལ་འདེད་བཏང་སྟེ། སྔར་ལས་མཛེས་པའི་ན་གོར་མོ་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན”ཞེས་ལུའུ་ཧའེ་ཞ་ཡིས་དེ་ལྟར་བཤད།

“ལམ་གཉིས་སྙིང་སྟོབས”རྒྱུན་འཛིན་བྱས་ནས་དུས་རབས་གསར་བར་སྔར་ལས་དགའ་སྐྱིད་ལྡན་པའི་སང་ཉིན་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས།

“ལམ་དུ་བགྲོད་དཀའ་བ”ནས“མཁའ་ལམ་ཤར་སྐྱོད་ཐུབ་པ”ཡི་ལོ་རྒྱུས་གྱི་འགྱུར་ལྡོག་གིས་མི་རབས་ནས་མི་རབས་བར་གྱི་གཞུང་ལམ་པ་ཚོའི“གཞུང་ལམ་ལ་བདག་བཟང་བོ་བྱེད་པ་དང་། ཤར་སྐྱོད་ལ་འགན་སྲུང་བྱེད་པའི”འགན་འཁྲི་དང་བྱེ་ཐང་ལ་རྐང་ཚུགས་པ་དང་། ཡོད་ཚད་འབུལ་ཐུབ་པ། འབད་བརྩོན་ཆེན་པོས་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་རམ་འདེགས་བྱེད་པའི་སྙིང་སྟོབས་མངོན་མཚོན་བྱས་ཡོད།

ལམ་ཁ་ཁྱིམ་དུ་བྱས་པའི་ལྕགས་ལམ་དཔའ་རྒོད་ཚོས“ལམ་གཉིས་སྙིང་སྟོབས”ཀྱི་བསམ་བློའི་དར་ཆ་བསྒྲེངས་ཏེ་མདུན་དུ་བསྐྱོད་བཞིན་ལོ་འཁོར་མོའི་རིང་ལ་ལྕགས་ལམ་གྱི་ལས་ཡུལ་དང་པོ་སྲུང་ཡོད། ད་ལྟ། “ལམ་གཉིས་སྙིང་སྟོབས”དེ་སྤྱི་ལེ་བརྒྱད་བརྒྱ་ལྷག་གི་མཚམས་ན་ལྷང་ལྷང་དུ་གྲགས་བཞིན་འདུག

ན་གོར་མོའི་མིང་བཏགས་ཚུན་ནས་ད་ལྟའི་ན་གོར་མོའི་འཕེལ་རྒྱས་ཀྱིས་དམག་དཔོན་ཐོག་ཁང་ལ་གསར་བརྗེ་ལོ་ཟླའི་ལོ་རྒྱུས་ཀྱི་ཤུལ་བཞག་བདེན་དཔང་མང་པོ་བསྐྱུར་ཡོད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དེའི་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས“ལམ་གཉིས་སྙིང་སྟོབས”ཀྱི་དུས་རབས་གསར་བར་མུ་མཐུད་དུ་ཉིང་བཅུད་བསྩལ་བ་ལས་དུས་རབས་གསར་བར་འོད་སྟོང་འཕྲོ་བར་བྱས་ཡོད།

དམག་དཔོན་མུའུ་ཧྲིན་ཀྲུང་གིས་སྔོན་ཆད་བཞག་མྱོང་བའི་ཞབས་རྗེས་འཚོལ་སྐབས། ང་ཚོས་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་བ་ནས་བཟུང་། ཚ་འདམ་གཞོང་སའི་གསར་སྤེལ་འཛུགས་སྐྲུན་དང་བསྟུན་ནས། མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རོགས་སྐྱོར་དམག་དཔུང་གིས་གསར་སྤེལ་འཛུགས་སྐྲུན་ཁྲོད་མུ་མཐུད་དུ་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཁོ་ཚོས་རང་ཉིད་ཀྱི་རྣམ་པའི་སྒོ་ནས“ལམ་གཉིས་སྙིང་སྟོབས”འགྲེལ་བཤད་དང་རྒྱུན་འཛིན་བྱས་ཡོད་པ་མཐོང་།

1958ལོར། སྐྱེས་སྟོབས་ཀྱི་དཔལ་རྫོགས་པའི་ན་གཞོན་མང་པོས་ཏང་ཀྲུང་དབྱང་གིས་ནུབ་བྱང་ཆེན་མོར་རོགས་སྐྱོར་བྱེད་པ་དང་། རང་རྒྱལ་གྱི་ཅཱ་ལུད་བཟོ་ལས་འཕེལ་རྒྱས་གཏོང་བའི་འབོད་སྐུལ་དང་དུ་བླངས་སྟེ། ཁུར་བོ་འཁུར་ནས་ཁྱད་མཚར་བའི་ཚྭ་འདམ་གཞོང་སའི་ཚྭའར་ཧན་ཚྭ་མཚོ་རུ་སླེབས་པ་དང་། མི་མེད་ལུང་སྟོང་གི་ཚྭ་མཚོའི་འགྲམ་དུ་སྦྲ་གུར་ཕུབ་ཏེ། ཅཱ་ལུད་ཐོན་སྐྱེད་འཛུགས་སྐྲུན་གྱི་དམག་འཐབ་དང་པོ་བརྒྱབ་ནས“ཚྭ་མཚོ་རུ་རྐང་ཚུགས་པ་དང་། དཀའ་སྤྱད་སྡུག་རུས་བྱེད་པ། དཀའ་ངལ་ཆེན་པོས་འབད་བརྩོན་བྱེད་པ། སྒེར་སེམས་མེད་པར་ཡོད་ཚད་འབུལ”བའི་ཚྭ་མཚོའི་སྙིང་སྟབས་དེ་གནས་དེ་རུ་སྦྲུམ་དུ་བཅུག་པ་དང་། ད་ལྟའི་བར་དུ། རང་རྒྱལ་གྱི་ཅཱ་ལུད་བཟོ་ལས་ཐོན་སྐྱེད་དེ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།

1965ལོར། ན་གཞོན་ཤེས་ཡོན་ཅན་དང་དམག་དཔུང་ལས་ཕྱིར་བུད་པའི་དམག་མི་རྒན་པ་ཁ་ཤས་ཚྭ་འདམ་གཤོང་དུ་ས་རྒོད་སློག་པར་བསྐྱོད་དེ། ཁོ་ཚོ་ཚྭ་མཚོ་རུ་རྐང་ཚུགས་པ་དང་། ས་རྒོད་གསར་སྦོལ་བྱས་ནས“བློ་བརྟན་འགྱུར་མེད་དང་། དཀའ་སྤྱད་སྡུག་རུས། དཀའ་སྡུག་གསར་སྐྲུན། ཡོད་ཚད་ཕུལ་ཐུབ་པའི”ཞིང་ས་གསར་སྦོལ་གྱི་སྙིང་སྟོབས་རེ་རེ་བྲིས་པ་དང་། ད་དུང་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་། ནུས་ཁུངས་གསར་བ་མུ་མཐུད་དུ་གསར་སྤེལ་བྱས།

ན་གོར་མོ་གྲོང་ཁྱེར་གྱིས“ལམ་གཉིས་སྙིང་སྟོབས”དེ་ཆེས་ཆེ་བའི་སྒུལ་ཤུགས་སུ་བསྒྱུར་ཏེ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པར་གཞི་བཅོལ་བ་དང་། ཚྭ་མཚོའི་ཐོན་ལས་ཀྱི་སྤོ་བསྒྱུར་རིམ་སྤར་དང་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བསྣན་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་ཞིག་འཛུགས་སྐྲུན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས་པ་དང་། ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བཏོད་དེ། དཔལ་འབྱོར་འབྱོར་ཕྱུག་དང་། སྤྱི་ཚོགས་གོང་འཕེལ། འཚོ་བ་འབྱོར་ཕྱུག མི་རིགས་མཐུན་སྒྲིལ། སྐྱེ་ཁམས་དཔལ་ཡོན་གྱི་མདོ་དབུས་མཐོ་སྒང་གི་དེང་རབས་ཅན་གྱི་ས་ཁོངས་ལྟེ་གནས་ཀྱི་གྲོང་ཁྱེར་ཕྱོགས་སུ་བསྐྱོད།

དུས་རབས་གསར་བའི་འཛུགས་སྐྲུན་མཁན་རྣམས་ཀྱིས“ལམ་གཉིས་སྙིང་སྟོབས”ཁྲོད་སྟོབས་ཤུགས་བསྡུ་ལེན་དང་། བློ་གྲོས་ཐོབ་པར་བྱས་ཏེ། སྔར་ལས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་འཁྱེར་སོ་དང་མུ་མཐུད་མདུན་བསྐྱོད་བྱེད་པའི་འབད་འཐབ་ཀྱི་རྣམ་འགྱུར་གྱིས་བགྲོད་ལམ་གསར་བའི་སྟེང་ཚྭ་འདམ་གཤོང་དུ་ཟིལ་རླབས་དགུང་དུ་འཕྱུར་བའི་མཛེས་སྡུག་གི་རི་མོ་ཞིག་འབྲི་བཞེངས་བྱས་ཡོད། 

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།