2021ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།
2022.01.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ན་ནིང་ལོའི་སྤྱི་ཟླ12པའི་ཚེས27ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ལོ2021ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།

དང་པོ། ཀྲུང་གོས་དོན་ངོ་མའི་ཕྱོགས་མང་རིང་ལུགས་དར་སྤེལ་དང་ལག་བསྟར་བྱས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པའི་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་བཏོན་པ།

གཉིས་པ། པྲོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་ནས་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་། རིམས་འགོག་སྨན་ཁབ་འདྲ་མཉམ་མིན་པའི་སྒོ་ནས་བགོ་འགྲེམས་དང་ནད་དུག་ཁུངས་འདེད་ཆབ་སྲིད་ཅན་དུ་གྱུར་བ་དེས་འཛམ་གླིང་ཧྲིལ་པོའི་རིམས་ནད་འགོག་བཅོས་ཀྱི་འཕེལ་རིམ་ལ་འཇིགས་སྣང་བཟོས་པ།

གསུམ་པ། ཀྲུང་གོ་དང་ཨུ་རུ་སུས༼ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་རོགས་ཟླའི་མཉམ་ལས་ཆིངས་ཡིག༽ནར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་དུས་རབས21པའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མིག་དཔེ་ལྟ་བུར་གྱུར་བ།

བཞི་པ། ཨ་རིའི་དམག་འཚབ་འཚུབ་སྒོ་ནས་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱས་པ་དང་། ཨབ་གྷ་ནི་སི་ཐན་གྱི་འབྱུང་འགྱུར་གོང་འཕེལ་གྱི་གོ་སྐབས་དང་འགྲན་རྩོད་མཉམ་དུ་གནས་པ།

ལྔ་པ། ཨ་རི་དང་ཡོ་རོབ་གཙོ་གཟུགས་དཔལ་འབྱོར་གཉིས་ཀྱི་འཛའ་ཐང་འཕར་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་ཀྲུང་གོའི་ཉོ་ཚོང་ཟླ་བ18ལ་བསྟུད་མར་འཕར་སྣོན་བྱུང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་བ།

དྲུག་པ། ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ལ་དམར་ཐིག་བཟོས་ནས་ཨ་རི་དང་དེ་བཞིན་བྱང་ཆིངས་སྒྲིག་འཛུགས་ཀྱིས་བདེ་འཇགས་ཁྲིམས་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་པ།

བདུན་པ། ཨ་རིའི་རྒྱལ་ཚོགས་སུ་ཟིང་འཁྲུག་ལངས་པའི་རྐྱེན་གྱིས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་ལ་རྨས་སྐྱོན་བཟོས་ནས་ཨ་རིའི་དམངས་གཙོ་ཡི་རྫུན་རྐུབ་རྡོལ་བ།

བརྒྱད་པ། ཨ་རི་དང་དབྱིན་ཇི། ཨོ་སི་ཁྲུའུ་ལི་ཡ་བཅས་ཀྱི་ཉིང་རྡུལ་གྲོས་ཆོད་ཀྱིས་གོ་ལ་ཧྲིལ་པོའི་ཉིང་རྡུལ་རྒྱ་ཁྱབ་ཏུ་མི་འགྲོ་བའི་མ་ལག་ལ་རྡབ་གསིག་ཚབས་ཆེན་བཟོས་པ་དང་། འཇར་པན་དུ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་བཤངས་བྱ་རྒྱུའི་གཏན་འཁེལ་བྱས་པ་དེར་གོ་ལ་ཧྲིལ་པོས་ངོ་རྒོལ་བྱས་པ།

དགུ་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་བཀོད་པའི་ཕྱོགས་ཀྱི་གྲོས་ཚོགས་ཐེངས་བཅོ་ལྔ་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དྲུག་པ་སྔ་རྗེས་སུ་འཚོགས་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་དང་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་རྒྱུ་དེ་གོ་ལ་ཧྲིལ་པོའི་ཐུན་མོང་ངོས་འཛིན་དུ་གྱུར་བ།

བཅུ་པ། ཨོ་ལིམ་ཕིག་གི་ལེགས་བཤད་སྔར་ལས་ལྷག་པའི་མཐུན་སྒྲིལ་ཞེས་པའི་ནང་ཞུགས་ཏེ། མིའི་རིགས་ཀྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྐབས་76པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་ཨོ་ལིམ་ཕིག་འགྲན་མཚམས་འཇོག་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་ཞུས་པ་བཅས་སོ།།