བྱ་བའི་སྤྱི་ཕྱོགས་དམ་འཛིན་བྱས་ནས་འཕེལ་རྒྱས་གཙོ་བོའི་བརྗོད་དོན་དར་སྤེལ་བྱེད་དགོས།
2022.01.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་པ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་།  “ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས། ཐོན་ལས“ས་ཁུལ་བཞིའི”འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ།  སྟོབས་ཤུགས་ཡོད་རྒུས‘སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས’ལ་སྐུལ་འདེད་གཏོང་བ་དང་།  དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནན་གྱིས་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོབ་ཡོད།”“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ས་ཁུལ་བཞིའི”འཛུགས་སྐྲུན་མངོན་པར་གསལ་བར་བྱས་ནས་ཐོན་ལས་ལྗང་མདོག་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་ནུས་ལྡན་མ་འཇོག་གི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ།འཛད་སྤྱོད་སླར་གསོ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ།‘ས་ཁུལ་བཞིའི’འཛུགས་སྐྲུན་ལ་བརྟེན་ནས་མཁོ་སྤྲོད་ཕྱོགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དགོས་མཁོའི་ཕྱོགས་ཀྱི་སྤུས་ཚད་བརྟན་འཇགས་ངང་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས” སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཡིན་པས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་སྐབས“མཐོ་ས”བསྐྲུན་རྒྱུ་དང“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པའི་བྱ་བ་དམ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མཚོ་སྔོན་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པར་བསྟན།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་“ལོ་ལྔའི་འཆར་འགོད་བཅུ་བཞི་པ”དང་ཐ་ན་དུས་ཡུན་དེ་ལས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྗོད་བྱ་གཙོ་བོ་ཡིན་ཞིང་།རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་གཞི་ཡག་པོ་བཟོ་བ་དང་གོམ་སྟབས་ཡག་པོ་སྤོ་རྒྱུ་འགན་ལེན་བྱ་ཆེད། འདས་ཟིན་པའི་ལོ་གཅིག་གི་ནང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་ལེགས་པོར་བསྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱས། “ས་ཁུལ་བཞི”འཛུགས་སྐྲུན་བྱེད་པ་དམ་འཛིན་གྱིས་ཆེད་དམིགས་བྱ་སྤྱོད་ཀྱི་ཇུས་གཞི་བཏོན་པ་དང་།  རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྲུན་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་གཏོང་བར་ནུས་པ་བཏོན། ནུས་རྒྱུའི་གསར་བརྗེར་སྐུལ་མ་གཏོང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་པ།རྒྱལ་ཁབ་ཀྱི་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་སྐྲུན་མགོ་བརྩམས་ནས་ཟླ་བདུན་པའི་སྔོན་དུ་མཚོ་སྔོན་གྱིས་སླར་ཡང་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན།  ནུས་ཁུངས་ཟད་གྲོན་གྱི་“ཚོད་འཛིན་གཉིས་”ལ་སྐུལ་འདེད་བཏང་ནས་“མཐོ་གཉིས་”ལས་གཞི་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བར་བཀག་འགོག་བྱས་པ་དང་།  ཐཱན་རྩེར་སོན་གྱི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་ནས་བཟོས་ཏེ་ཐཱན་འབུད་དབང་ཆ་ཉོ་ཚོང་བྱེད་པའི་བྱ་བ་བསྒྲུབས།  མཚོ་སྔོན་གྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གསར་གཏོད་བྱས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་ཁུལ་བསྐྲུན་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཡག་པོ་བྱས་ནས་ཐོན་ལས་ཀྱི“ས་ཁུལ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་།

དེང་སྐབས དུས་རབས་ཀྱི་རིམས་ནད་བྱུང་ཚུལ་གྱི་ཤུགས་རྐྱེན་ཐེབས་པའི་ཕྱི་རོལ་གྱི་ཁོར་ཡུག་སྔར་ལས་རྙོག་འཛིང་དང་འགྱུར་ལྡོག་ཆེ་ཞིང་།  རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་དགོས་མཁོ་ཆུང་དུ་འགྲོ་བ་དང་མཁོ་སྤྲོད་ཀྱི་རྡབ་རྡེག་ཕོག་པ། སྔོན་དཔག་ཞན་པ་བཅས་ཀྱི“གནོན་ཤུགས་ཆེན་པོ་གསུམ”དང་འཕྲད་ཡོད། རང་ཞིང་གིས“མཐོ་ས་”བསྐྲུན་པ་དང་།“མཐོ་ས་བཞི་”འཛུགས་སྐྲུན་བྱེད་པ།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་གཏོང་བར་ཞིབ་བསྡུར་དབྱེ་ཞིབ་བྱེད་པའི་ཁྲོད་འཐབ་ཇུས་རང་བཞིན་གྱི་བསམ་བློ་གཏོང་མཁས་པ་དང་ཕྲ་ས་ནས་བྱ་དངོས་ཀྱི་འགྱུར་ལྡོག་གསལ་རྟོགས་བྱེད་མཁས་པ།དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་ཞིང་ཡིད་ཆེས་བརྟན་པོ་ཡོད་པས། ང་ཚོས་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་འཁེལ་ངང་ལག་བསྟར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱེད་པ།སྔོན་འགོག་ཚོད་འཛིན་ཐད་སྔོན་ལ་དམ་འཛིན་ཡག་པོ་བྱེད་པ། འཕེལ་རྒྱས་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱེད་དགོས། དུས་བབ་གསར་པའི་འོག དཔལ་འབྱོར་བྱ་བ་དམ་འཛིན་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།དཔལ་འབྱོར་བྱ་བ་དམ་འཛིན་བྱེད་མཁས་པར་བྱེད་པ།སྒྲུབ་བཞིན་པའི་བྱ་བའི་ཁག་ཏན་ཏིག་གིས་བསྒྲུབ་པ་བཅས་བྱས་ནས།“མཐོ་བ་གཉིས”ཀྱི་ལས་གཞི་རྨོངས་ཚོད་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩི་དགོས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་ཐོན་ལས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་ནུས་ལྡན་གྱི་མ་འཇོག་གིས་ཞན་ཆ་གསབ་པ་དང་ གྲུབ་ཆ་ལེགས་སྒྲིག སྒུལ་ནུས་ཆེར་གཏོང་བཅས་ཀྱི་འགག་རྩའི་ནུས་པ་མངོན་གསལ་ཡོང་བ་བྱེད་པ་དང་།ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་བརྟན་པོ་དང་མི་མངོན་པའི་སྟོབས་ཤུགས་འདོན་རྒྱུར་སྐུལ་འདེད་བཏང་སྟེ།  དཔལ་འབྱོར་སྔར་ལས་བརྟན་པོ་དང་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་སླར་གསོ་དང་འཕེལ་རྒྱས་འགྲོ་རྒྱུར་ཧུར་ཐག་གིས་སྐུལ་འདེད་བཏང་ནས།  ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་དགོས།

                                                                                             ཡིག་སྒྱུར་བ། གཡང་འབུམ་རྒྱལ།