ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས་སེམས་ཤུགས་ཡོད་རྒུས་དམངས་ལ་དོན་དངོས་བསྒྲུབས།
2022.01.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

མཚོ་ལྷོ་ཁུལ་གྱིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་སྤེལ་བའི་གནས་ཚུལ།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས།   ལས་གཞི་གཏན་འཁེལ་དང་བྱ་བའི་ཚད་གཞི་འཆར་འགོད།  ཐོན་ཁུངས་བསྡུ་སྒྲིལ།  སྟོབས་ཤུགས་གཅིག་བསྡུས་བཅས་བྱས་ཏེ། ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད་མང་ཚོགས་ལ་དོན་དངོས་དང་དོན་བཟང་མང་པོ་སྒྲུབ་པ་རེད།

ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ཁྲོད།   གུང་ཧོ་རྫོང་གིས་ཐབས་ལམ་མང་པོ་ནས་མ་དངུལ་སྒོར་དུང་ཕྱུར་ཐེར་འབུམ་གཉིས་དང་བྱེ་བ་ལྔ་ས་ཡ་བཞི་བསྡུ་རུབ་བྱས་ནས།  དམངས་ཚིས་དོན་དངོས་སུམ་ཅུ་སྒྲུབ་པ་དང་། ཁྲི་ཀ་རྫོང་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་འགལ་བ་དང་རྩོད་གཞི་ཁུངས་འདེད་བཅོས་སྐྱོང་བྱེད་ཐབས་དང་། གཏུག་བཤེར་འགྲོ་གྲོན་ཇེ་ཉུང་དང་མེད་པར་བཟོ་བའི་བྱེད་ཐབས། ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་སོགས་དམངས་ཕན་རྐྱེན་སྲོལ་ཁག་བཅུ་གསུམ་འགྲེམ་སྤེལ་བྱས་པ།  ཀོས་ནན་རྫོང་གི་ཏང་ཨུ་སོ་སོས་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཆེས་བྲེལ་བ་དང་དཀའ་བ།  སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། ལས་བྱེད་པར་སློབ་གསོ་ཐེབས་པ་དང་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་པར་བྱས་པ།   ཐུན་ཏེ་རྫོང་གིས་གནད་སྨིན་དབུལ་སེལ་ཉེན་ཚབ་དང་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱི་ཕྱིར་དབུལ་པོར་འགྱུར་བའི་རོགས་སྐྱོབ་ཐེབས་རྩ་སོགས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ནས།  སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་རོགས་སྐྱོར་བྱས་པ།  ཞིན་ཧེ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དོན་དངོས་དགུ་བརྒྱ་དང་གོ་བདུན་སྒྲུབ་པ་དང་། ཏང་ཡོན་དང་མང་ཚོགས་ཀྱིས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྟོང་བརྒྱད་དང་བཞི་བརྒྱ་བཅུ་གཅིག་སྤེལ་བ།  ཏང་ཡོན་དང་མང་ཚོགས་ཀྱིས་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་ལ་འགྲན་བསྡུར། སྔོན་ཐོན་གྱི་རྗེས་སུ་བསྙེགས་པ་བཅས་ཀྱི་རྣམ་པ་བཟང་པོ་བསྐྲུན་པ་སོགས་དམངས་ཚིས་དོན་དངོས་རེ་རེ་དང་དྲོ་ཁོལ་བྱེད་ཐབས་རེ་རེ་ཡིས་མཚོ་ལྷོ་ཁུལ་གྱི་མང་ཚོགས་ཀྱི་སྐྱིད་སྣང་སྔར་ལས་ཆེ་རུ་བཏང་ཡོད།

2021ལོ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་གཙོ་གནད་ལས་གཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་།  ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་དམངས་ཚིས་དོན་དངོས་ཉི་ཤུ་ཡི་བཟོ་འགོད་དང་དེ་བཞིན་རྫོང་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་བཟོ་འགོད105ལེགས་པོར་སྒྲུབ་པའི་དུས་མཚུངས་སུ། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་བྱ་སྤྱོད་ཆེན་པོ་བཅུ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ལས་ཞུགས་དང་། སློབ་ཞུགས། རྒན་གསོ། སྡོད་ཁང་བཅས་ཀྱི་དཀའ་ཁག་ཐག་གཅོད་དང་། གྲོང་གསེབ་དར་སྤེལ་ལ་རོགས་རམ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་སོགས་ཀྱི་ཐད་གཅིག་བསྡུས་ཀྱིས་མ་དངུལ་གཏོང་བར་དམིགས་ནས། མང་ཚོགས་ལ་དོན་དངོས་ཁག108ལྷག་སྒྲུབ་པ་དང་།  གཙོ་གནད་ཁྱབ་ཁོངས་ཀྱི་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དེ་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམངས་དོན་དུ་བྱ་བ་སྒྲུབ་རྒྱུ་དེ་ལས་ཡུལ་དང་པོར་ཡོད་པ་དང་དམངས་ཀྱི་སེམས་ཁྲལ་སེལ་རྒྱུར་བར་ཐག་མེད་པའི་ཏང་ཀྲི་པུའུ་ཡི་ཁས་ལེན་ལག་ལེན་བྱེད་སྒོ་སྤེལ་ནས།  ཟླ་གསུམ་པར་ལེ་ཧྥུན་ལ་སློབ་སྦྱོང་དང་། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ། དམངས་ཕན་ཞབས་ཞུ་གཞི་རིམ་དུ་བསྐྱེལ་བ་སོགས་ཀྱི་ལག་ལེན་བྱེད་སྒོ་ཡོངས་ཁྱབ་ཏུ་སྤེལ།  2021ལོའི་ཟླ11པའི་ཟླ་མཇུག་བར།  ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་སྟོང་གཅིག་དང་ཉིས་བརྒྱ་ང་བརྒྱད་ཀྱིས་ཏང་ཡོན་རྩ་འཛུགས་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁས་ལེན་དོན་ཚན་སྟོང་ལྔ་དང་སུམ་བརྒྱ་བཅུ་གཅིག་སྤེལ་བ་དང་། ཏང་ཡོན་ཁྲི་གཉིས་དང་སྟོང་དྲུག་དྲུག་བརྒྱ་གོ་གཅིག་གིས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་དོན་ཚན་སྟོང་བདུན་དང་དགུ་བརྒྱ་སྤེལ་ཡོད།  དུས་མཚུངས་སུ།  ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་རང་གི་ལས་གནས་རང་གིས་འགན་འཁུར་བ་དང་།   ངའི་ལས་གནས་ལ་ཡིད་ཆེས་ཆོག་པ་སོགས་ལས་གནས་སུ་བྱས་རྗེས་འཇོག་པའི་བྱེད་སྒོ་སྤེལ། ཏང་ཡོན་གྱི་གདོང་ལེན་ལས་གནས་དང་འགན་འཁྲིའི་ཁུལ་བཙུགས་པ་དང་། ཏང་ཡོན་སྡོད་ཁུལ་དུ་འབྱོར་ཐོ་འགོད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཆེས་བྲེལ་བ་དང་དཀའ་བ།   སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྤེལ་སྐབས། མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགག་རྩའི་ཉུང་ཤས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆབ་སྲིད་འགན་འཁྲི་འཁུར་བ་དང་། སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ཞུགས་པ། མང་ཚོགས་ཀྱི་བསམ་བློའི་བྱ་བ་ཡག་པོར་སྒྲུབ་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་དོགས་ཟོན་བྱེད་ཐབས་དོན་འཁྱོལ་བྱེད་པ།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་བརྗེའི་བྱ་སྤྱོད་ལ་ཕན་ནུས་ལྡན་པའི་སྒོ་ནས་བཀོད་འདོམས་བཅས་བྱས་པ་རེད།

གཞན་ཡང་། མཚོ་ལྷོ་ཁུལ་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། གཟུགས་པོ་བདེ་ཐང་། འཚོ་བའི་དགོས་མཁོ་བཅས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་སྟེ།   ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་ཚོགས་འདུ་དང་ཆེད་དོན་བཀོད་སྒྲིག་ཚོགས་འདུ་སོགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས་ཁྱོན་ཡོངས་ལ་སྤྱི་འདོམས་དང་།  དབྱེ་ཞིབ་བརྡར་གཅོད།  བཀོད་སྒྲིག་ཞིབ་རྒྱས། གནད་སྨིན་ཇུས་འདོན་བཅས་བྱས་ནས།  ཁུལ་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་བཟང་བོ་ཆགས་པར་བྱས།  འཕྲོད་བསྟེན་དང་། སྤྱི་བདེ།  ཁྲོམ་རའི་ལྟ་སྐུལ་སོགས་སྡེ་ཁག་གི་ཏང་ཡོན་རྐང་འཛིན་པ་གཙོ་བོར་བྱེད་པའི་ཆེད་ལས་མི་སྣ་སྐོང་འཐེན་བྱས་ནས། ཁུལ་རིམ་པའི་པྲོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉིང་སྐྱུར་ཞིབ་བཤེར་རུ་ཁག་དང་།  ཉིང་སྐྱུར་ཞིབ་བཤེར་ཚད་ལེན་འཕྲལ་སྡོམ་རུ་ཁག  རིམས་ནད་རིག་པའི་བརྟག་དཔྱད་འཕྲལ་སྡོམ་རུ་ཁག་སོགས་རུ་ཁག་ཉེར་གསུམ་བཙུགས་ཤིང་།   ཁུལ་ཡོངས་སུ་རིམ་རྩིས་བྱས་ན་འཕྲོད་བསྟེན་འཕྲལ་སྡོམ་དང་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་རིགས་སུམ་ཅུ་དང་སྣ་ཁ་ས་ཡ་གཉིས་འབུམ་དྲུག་ཁྲི་ལྔ་ལྷག་གྲབས་གསོག་བྱས་པར་མ་ཟད། མི་ཐེངས་སྟོང་བཞི་དང་དྲུག་བརྒྱ་སུམ་ཅུ་རྩ་འཛུགས་བྱས་ནས་དང་བླངས་བྱེད་སྒོའི་ནང་ཞུགས་ཏེ།  ཁྲོམ་རའི་མཁོ་སྤྲོད་འདང་ཚིམ་པ་དང་དངོས་གོང་བརྟན་འཇགས་ཡོང་བར་འགན་ལེན་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་དུ་འགྱུར་བར་འགན་ལེན་བྱས་པ་རེད།

མཚོ་ལྷོ་ཁུལ་གྱིས་མང་ཚོགས་ཀྱི་དོན་དག་དེ་དོན་ཆེན་ཞིག་ཏུ་བརྩིས་ནས།  མང་ཚོགས་ཀྱི་དོན་དུ་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱི་དོན་དུ་བསམ་བློ་གཏོང་བ།  ཕན་འབྲས་དངོས་ཀྱི་ཐོག་ནས་མང་ཚོགས་ལ་སྤུས་ཚད་མཐོ་བའི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།