གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ་མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འཚོལ་ཞིབ་ཡག་པོ་བྱེད་དགོས།
2022.01.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོང་གསེབ་དར་སྤེལ་དང་མཁར་གྲོང་མཉམ་འདྲེས་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་པ་ནན་གྱིས་བསྟན། གྲོང་གསེབ་དར་སྤེལ་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་ནི་ཕན་ཚུན་སྐུལ་འདེད་གཏོང་དགོས་པ་ཞིག་ཡིན་པས། གྲོང་གསེབ་དར་སྤེལ་གཏོང་བར་ཐོན་ཁུངས་སྣ་ཚོགས་དང་རྒྱུ་རྐྱེན་གཙོ་བོ་མཁར་གྲོང་དབར་རང་མོས་ངང་འཁོར་སྐྱོད་དང་འབྲེལ་མཐུད་བྱེད་དགོས་པ་དང་། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲལ་ཐབས་མེད། ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མི་ཆད་པར་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། ཁྱད་ལྡན་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་ལག་བསྟར་བྱེད་པ། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས། ཞིང་ལས་ཀྱི་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བ། གྲོང་གསེབ་ཏུ་སྡོད་རྒྱུར་འཚམ་པ་དང་བྱ་བ་གཉེར་བར་འཚམ་པ། ཞིང་བ་ཕྱུག་འགྱུར་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

དབུལ་ཞྭ་ཕུད་པ་ནི་མཇུག་མཐའ་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་པའི་མགོ་རྩོམ་ས་ཡིན། “ཞིང་གསུམ”བྱ་བའི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་བསྒྱུར་ཡོད་མོད། འོན་ཀྱང་། དབུལ་ཐར་ས་ཁུལ་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་ངོས་འཛིན་ཡག་པོ་བྱེད་དགོས།

ནུས་ཤུགས་སྔར་ལས་ཆེ་བ་དང་བྱ་ཐབས་སྔར་ལས་ཏན་ཏིག་གི་ཐོག་ནས་དབུལ་ཐར་བརྟན་པོ་མིན་པའི་ཁྱིམ་ཚང་དང་མཐའ་མཚམས་ཀྱི་ཁྱིམ་ཚང་། གློ་བུར་དུ་དཀའ་ངལ་ཚབས་ཆེན་ཐེབས་པའི་ཁྱིམ་ཚང་བཅས་ལ་སྒུལ་རྣམ་ལྟ་ཞིབ་ཚད་ལེན་དང་གནད་འཁེལ་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རོགས་སྐྱོར་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཞིང་སྡེའི་སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་ལ་མིའི་སྡོད་གནས་ཁོར་ཡུག་དང་འཚམ་པའི་ཞིང་སྡེ་འཛུགས་སྐྲུན་བྱ་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་ལས་འགན་གལ་ཆེན་ཞིག་ཡིན། ཡུལ་བབ་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་གྱིས་ཞིང་སྡེའི“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཏན་ཏིག་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཞིང་སྡེའི་འཚོ་བའི་བཙོག་ཆུ་དང་གད་སྙིགས་བཅོས་སྒྲིག་གི་མཁྲེགས་གཏོར་བྱ་སྤྱོད་སྤེལ་བ། མིའི་སྡོད་གནས་ཁོར་ཡུག་རྒྱུན་མི་ཆད་པར་ཇེ་ལེགས་སུ་བཏང་ནས་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། བྱེད་ཐབས་སྣ་མང་སྤྱད་དེ་རྫས་ལུད་དང་ཞིང་སྨན་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ། རེས་སྐོར་གསར་པའི་རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ནས། རྫོང་ཧྲིལ་པོས་ཕྱུགས་ཟོག་དང་བྱ་རིགས་ཀྱི་ལུད་ཀྱི་ཐོན་ཁུངས་བེད་སྤྱོད་བྱེད་པ། ཞིང་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་པ་དང་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་དབྱེ་འབྱེད་ཐུབ་པའི་འགྱིག་ཤོག་ཁྱབ་གདལ་བེད་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་མ་གྱུར་ན་རྒྱལ་ཁབ་ཧྲིལ་པོ་དེང་རབས་ཅན་དུ་འགྱུར་མི་ཐུབ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བཟོ་ཞིང་ཕན་ཚུན་སྐུལ་འདེད་དང་། མཁར་གྲོང་ཕན་ཚུན་ཁ་གསབ་བྱེད་པ། མཐུན་སྦྱོར་འཕེལ་རྒྱས། མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བ་བཅས་ཀྱི་བཟོ་ཞིང་དང་མཁར་གྲོང་གི་འབྲེལ་བ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་དེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་བཅས་ཀྱི་བྱ་བ་ཡག་པོ་སྒྲུབ་ནས། སྤུས་ཚད་མཐོར་གཏོང་དང་ཐོན་ཚད་བརྟན་པོ། སྐྱེལ་འདྲེན་རྒྱ་ཆེར་གཏོང་བ་བཅས་ཀྱི་བྱ་བ་ཡག་པོ་སྒྲུབ་ནས། སྣུམ་དང་སྔོ་ཚལ། གཟན་རྩྭ་སོགས་ཀྱི་རིན་གོང་བརྟན་འཇགས་དང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་གཏོང་བ། ཁྱད་སྟོབས་ལྡན་པའི་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བ། ཁྱད་ལྡན་ཐོན་ལས་ཀྱི་སྦྲེལ་ཐག་ཡོངས་འཕེལ་རྒྱས་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་འདུ་འཛོམས་དང་རྒྱལ་ཁབ་རིམ་པའི་དེང་རབས་ཐོན་ལས་གླིང་། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ས་ཁུལ་སོགས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱིར་གཏོང་ལམ་སྲོལ་དང་འབྲེལ་ལམ་བརྟན་པོ་རིམ་བཞིན་འཛུགས་དགོས། མཁར་གྲོང་གིས་གྲོང་ཁྱེར་ལ་འབྲེལ་མཐུད་བྱེད་པ་དང་། ཞིང་སྡེ་སྦྲེལ་མཐུད་བྱེད་པ་དེ་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཁྲོད་དམིགས་བསལ་གྱི་གནས་བབ་དང་ནུས་པ་ལྡན་ཡོད། མཁར་གྲོང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མ་ལག་དང་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་བ། ཞིང་སྡེའི་འཛུགས་སྐྲུན་གྱི་བྱ་སྤྱོད་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་། མཛེས་སྡུག་ལྡན་པའི་ཞིང་སྡེ་བཅས་མཛེས་སྡུག་བཅས་ཡོང་བ་བྱེད་དགོས།

གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་གཉིས་ཕན་ཚུན་འདེགས་སྐྱོར་དང་ཕན་ཚུན་སྐུལ་འདེད་བྱེད་དགོས། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་བྱུང་བ་དེས་གྲོང་གསེབ་དར་སྤེལ་ཡོང་བར་འཕེལ་རྒྱས་ཀྱི་ཆ་རྐྱེན་བསྐྲུན་པ་དང་འཕེལ་རྒྱས་ཀྱི་ཐབས་ལམ་མཁོ་འདོན་བྱས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དེས་མཁར་གྲོང་མཉམ་འདྲེས་ཁྲོད་ཀྱི་འགག་རྩའི་ཞན་ཆ་ཁ་གསབ་བྱས་ཡོད། ང་ཚོས་ཚད་གཞི་མཐོ་རུ་གཏོང་བ་དང་འཚོལ་ཞིབ་བྱེད་ཕོད་པ། གཙོ་གནད་ལ་དམ་འཛིན། ཞན་ཆ་ཁ་གསབ་པ། ཉམས་པ་སོར་ཆུད་བཅས་བྱས་ནས། མཚོ་སྔོན་གྱི་དོན་དངོས་དང་འཚམ་པའི་དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུ་གསར་པ་ཞིག་བསྐྲུན་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།