ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།
2022.01.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཆེད་དོན་གྲོས་ཚོགས་བསྡུས་ཏེ།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་རྒྱུ་ནི།  མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན།   བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ།  མཐོ་ས་བསྐྲུན་པ་དང་ས་ཁུལ་བཞིའི་འཛུགས་སྐྲུན་ལ་དམིགས་པ།   ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།   ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས།

ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་མགྱོགས་མྱུར་ངང་བརྒྱུད་བསྒྲགས་བྱས་ཏེ།  དམིགས་འབེན་གསལ་བོ་བྱེད་པ་དང་།  ཁྱོན་ཡོངས་ལ་བཀོད་སྒྲིག  ལས་འགན་ཞིབ་ཕྲ།  དོན་འཁྱོལ་དམ་འཛིན་བཅས་བྱས་ནས།  བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་མཐའ་གཅིག་ཏུ་གཅིག་གྱུར་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱིའི་བླང་བྱ་དང་བཀོད་སྒྲིག་དོན་འཁྱོལ་དམ་འཛིན་བྱས་ཏེ། 2021ལོའི་བྱ་བར་ནན་ཏན་སྒོས་ཕྱོགས་སྡོམ་དང2022ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱེད་དགོས་པ།  འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ།  2022ལོའི་དཔལ་འབྱོར་བྱ་བར་ནན་ཏན་སྒོས་འཆར་འགོད་བྱེད་པ།   ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སྣ་ཚོགས་ཟི་ལིང་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས་དེང་རབས་ཀྱི་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་བྱེད་པའི་ཕན་འབྲས་སྔར་ལས་ཆེ་བའི་ཐོག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་འགན་འཁྲི་འཁུར་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།   གྲོས་ཚོགས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་།    དོན་ངོ་མའི་ཐོག་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ།  བྱ་བའི་སྤྱིའི་དགོངས་གཞི་ཁོང་ཆུད་པར་བྱེད་པ་དང་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསམ་ཕྱོགས་དང་བྱེད་ཐབས། དམིགས་འབེན་ལས་འགན།  བྱ་བའི་བླང་བྱ་བཅས་དམ་འཛིན་བྱེད་པ།  ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པ།  དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་པ་དེ་གནས་བབ་གལ་ཆེན་ཐོག་འཇོག་པ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་བྱེད་པ་བཅས་བྱས་ནས།  དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་པ།  2022ལོའི་བྱ་བའི་གཙོ་གནད་ཁོང་དུ་ཆུད་པར་བྱས་ཏེ་ལས་འགན་གཙོ་བོ་དང་བྱ་བའི་དམིགས་འབེན་ཁྱོན་ཡོངས་ནས་མཐུན་སྦྱོར་ཞིབ་ཚགས་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་དང་། ཐོན་ལས་གཞན་སྒྱུར། གྲོང་གསེབ་དར་སྤེལ། དམངས་ཚིས་འགན་སྲུང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཐད་ཀྱི་མཚོ་ཤར་ཀྱི་གནད་འགག་དང་ཤུགས་འདོན་ས་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་མཚོ་ཤར་དུ་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།  གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་པར་བྱས་ཏེ།  སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོབ་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་པ།   ས་ཁུལ་བཞིའི་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ།  ཁེ་ལས་གཙོ་བོ་དང་ཐོན་ལས་དར་སྤེལ་བྱ་རྒྱུ་དམ་འཛིན་བཅས་བྱས་ནས། འཕེལ་རྒྱས་ཀྱི་ཁྱད་སྟོབས་འདོན་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས་པ།    ཚོང་གཉེར་ཁོར་ཡུག་བཅོས་སྒྲིག་ལོའི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ། མཚོ་ནུབ་འདི་ཉིད་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཞིབ་མཆན་དོན་ཚན་ཉུང་ཤོས་དང་། གོ་རིམ་སྟབས་བདེ་ཤོས། ལས་ཕྱོད་ཆེ་ཤོས། ཞབས་ཞུ་ཡག་ཤོས་བཅས་ཀྱི་ས་ཁུལ་གྲས་ཤིག་ཏུ་བསྐྲུན་རྒྱུར་ཤུགས་སྣོན་བྱེད་དགོས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་པ། གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སྣ་ཚོགས་མཚོ་ནུབ་ཏུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།  གྲོས་ཚོགས་ཐོག་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱེད་པ་དང་།    ནུས་རྒྱུ་གཙང་མའི་ཐོན་ལས་བསྐྲུན་པའི་མཐོ་ས་ནས་དེང་རབས་ཀྱི་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། རིག་གནས་ཡུལ་སྐོར། དེ་བཞིན་ཞབས་ཞུའི་ལས་རིགས།  གཞི་གྲངས་ཆེ་མོའི་ཆ་འཕྲིན་ལག་རྩལ་ཐོན་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས།  སྔར་ལས་བརྟན་འཇགས་ཡིན་པའི་ནུས་རྒྱུ་གསོག་འཇོག་གི་སྙོམས་སྒྲིག་ནུས་པ་དང་སྔར་ལས་ཤར་གཏོང་ཐུབ་པའི་ཕྱི་འདྲེན་ནང་འཚོང་གི་གློག་དྲའི་མ་ལག་དང་། སྔར་ལས་འཐུས་སྒོ་ཚང་བའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྦྲེལ་ཐག་བཙུགས་ཏེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཁྲོད་གུང་ཧོ་གཞོང་སའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་བསྟན་པ་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།  གྲོས་ཚོགས་ཐོག་བྱ་བའི་བྱེད་ཐབས་སྔར་ལས་ཞིབ་རྒྱས་སུ་གཏོང་བ་དང་། མངོན་འགྱུར་ཐབས་ལམ་གཅིག་གྱུར་འཆར་འགོད་བྱས་ཏེ། བསམ་བློའི་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་ཏན་ཏིག་བྱེད་པ་དང་།   བྱ་བའི་དམིགས་འབེན་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྲོད་དངོས་འབེབས་བྱེད་པ།  ཁུལ་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེ་བྲག་གི་ཇུས་གཞི་གཏན་འཁེལ་བྱས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ།  མཚོ་བྱང་གི་དོན་དངོས་གཞིར་བཟུང་སྟེ།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་རང་རྟོགས་ངང་བསམ་གཞིག་དང་ཞིབ་འཇུག་ལེགས་པོ་བྱེད་པ་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་ཕྱོགས་དང་བྱེད་ཐབས་བཏོན་ནས་བྱ་བའི་དམིགས་འབེན་སྔར་ལས་གནད་ལ་འཁེལ་བ་དང་དོན་འཁྱོལ་སྔར་ལས་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ།  ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་དོན་འཁྱོལ་ཐུབ་པར་བྱེད་པ་དང་། ཁུལ་རིམ་པའི་ཏང་ཡོན་འགོ་ཁྲིད་ཀྱིས་སྔོན་ལ་སློབ་སྦྱོང་བྱེད་པ་དང་། དུས་ཐོག་ཏུ་གཞི་རིམ་དང་འབྲེལ་གཏུག་བྱ་ཡུལ་དུ་བསྐྱོད་དེ་དམིགས་སའི་རང་བཞིན་གྱི་སྒྲོག་འགྲེལ་དང་།  མཛུབ་སྟོན། ལྟ་སྐུལ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཆེད་དོན་གྲོས་ཚོགས་བསྡུས། གྲོས་ཚོགས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།  ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གཙོ་རྐང་དེར་དམ་པོར་དམིགས་ནས།  སྐྱེ་ཁམས་སྲུང་སྐྱོབ་དང་བརྟན་འཇགས་སྲུང་སྐྱོབ།  དམངས་ཚིས་ལེགས་བཅོས་བཅས་དམ་འཛིན་ཡག་པོ་བྱས་ཏེ།  ལས་གཞི་སྔར་ལས་མང་བ་བརྩོན་ལེན་དང་།  སྐྱེ་ཁམས་ཕྱུགས་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད། ལས་ཞུགས་གོ་སྐབས་སྔར་ལས་མང་བ་བསྐྲུན་པ་སོགས་ཀྱི་ཐད་ཐོད་བརྒལ་གསར་པ་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚན་རིག་དང་མཐུན་པར་ཇུས་འགོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ།   མཐོ་སྒང་གི་བསམ་པའི་རིག་གནས་འགྲེམས་སྟོན་ཁུལ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་ཐོག་མའི་འདེམས་ཁུལ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུ་ཀུན་ཕན་ཁུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་མཁོ་སྤྲོད་ཁུལ།   མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་དཔེ་སྟོན་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཅས་བསྐྲུན་པར་ཤུགས་སྣོན་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བརྗིད་ཆེའི་འཆར་འགོད་མངོན་འགྱུར་ལེགས་པོ་བྱེད་དགོས་ཞེས་བསྟན་པ་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།  གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ། མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་།   ཞིང་ཆེན་ཏང་ཨུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་རང་གིས་དངོས་སུ་སྒྲུབ་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དངོས་སྒྲུབ་དངོས་གཉེར་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་ལྟར།   ཁུལ་ཏང་ཨུའི་སྤྱི་འདོམས་གཅིག་དང་སྐུལ་འདེད་བཞིའི་སྤྱིའི་བསམ་ཕྱོགས་དང་ཟུང་འབྲེལ་བྱས་ནས།  སང་ལོའི་དམིགས་འབེན་སྔར་ལས་གསལ་བོ་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ། ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་བཅས་ཀྱི་ཐོག་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ཐོག་གནས་བབ་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཏེ། བརྟན་པོ་ཡོང་བ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་སྒོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ།“བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་བྱ་བ་ཡག་པོར་སྒྲུབ་པ་བཅས་བྱས་ནས།   བརྟན་བརླིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་།  འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག  སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་མུ་མཐུད་དུ་བསྐྲུན་དགོས་པ་དང་།   2022ལོའི་སྔོན་དཔག་དམིགས་འབེན་ལ་ཚན་རིག་དང་མཐུན་པར་དབྱེ་ཞིབ་དང་།  ཞིབ་འཇུག་བརྡར་གཅོད།  ཚོད་རྩིས་བཅས་བྱས་ཏེ།  ལས་དོན་གནད་འཁེལ་དང་། དོན་དངོས། ཞིབ་ཕྲ་བཅས་ཡོང་བར་ཤུགས་སྣོན་བཅས་བྱེད་པ།  2022ལོའི་དུས་ཚིགས་དང་པོའི་གཙོ་གནད་བྱ་བ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། ནུས་རྒྱུ་གཙང་མ་དང་གྲོང་གསེབ་དར་སྤེལ། དམངས་ཚིས་འགན་སྲུང་སོགས་ཀྱི་བྱེད་ཐབས་བཅུ་གཙོ་གནད་དུ་བཟུང་ནས།   ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་ཐོབ་པར་འབད་བརྩོན་བྱེད་དགོས་པ།  དམངས་སེམས་ཀྱི་ཆབ་སྲིད་ཆེ་ཤོས་འདིར་དམ་པོར་དམིགས་ནས་ལས་ཞུགས་ལས་བསྐྲུན་དང་། སློབ་གསོ་སྨན་བཅོས། བདེ་ཐང་རྒན་གསོ། རིག་གནས་མཁོ་སྤྲོད་སོགས་ཁྱབ་ཁོངས་ལ་ཤུགས་སྣོན་བྱས་ཏེ།  ནུས་ཤུགས་ཡོད་རྒུས་དམངས་ཚིས་དོན་དངོས་བཟང་བོར་བསྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།