--ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་དངོས་བྲིས།
ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀྲུང་ལིང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཞིག་ཀྲུང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡང་མུའུ་ཧྥེ། ཞིང་ཆེན་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲིག་བུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་ཏང་ཨུའི་ཨུ་ཡོན། སྤྱིའི་རྩིས་གཉེར་པ་ཡུས་ཞའོ་ཞོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀང་ཧྥུ་བཅས་གདན་ཞུ་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་གཙོ་བོར་དམིགས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་རྩོམ་རྒྱུ་དང་དམ་པོར་འབྲེལ་ནས་གསར་འགྱུར་གཏམ་བཤད་བྱས། ཞིང་ཆེན་ཡོངས་ཀྱི2021ལོར“འགན་སྲུང་དྲུག”དང“བརྟན་བརླིང་དྲུག”ལ་དམ་འཛིན་བྱེད་པ་དང་། པྲོག་གསར་གློ་ཚད་རིམ་ནད་ལ་སྔོན་འགོག་ཚོད་འཛིན་བྱེད་པ། ཞིང་ཆེན་ཡོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ། ཁྲལ་འཇལ་མཁན་ལ་བྱ་བ་དངོས་སྒྲུབ་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་པ། ཧི་ནན་རྫོང་གིས“རི་གཉིས”ཀྱི་འདུ་ཤེས་ལག་བསྟར་བྱེད་པ། གནད་འཁེལ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གལ་ཆེན་ཐོན་དུ་འཇུག་དགོས།
ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀྲུང་ལིང་བཤད་རྒྱུར།
“འགན་སྲུང་དྲུག”དམ་འཛིན་བྱས་ནས“བརྟན་བརླིང་དྲུག”ལ་ཡར་སྐུལ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
2021ལོར། ཞིང་ཆེན་ཡོངས་ཀྱིས“བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གཅིག་བསྡུས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་ཡོད། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་འཕར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བརྟན་པོའི་རྨང་གཞི་སྔར་ལས་ཇེ་བརྟན་དང་། འཕེལ་རྒྱས་ཀྱི་རྣམ་པ་སྔར་ལས་རྒྱ་བསྐྱེད་པ། ལེགས་ཆའི་རྣམ་པ་སྔར་ལས་མངོན་གསལ་དུ་གྱུར་ཡོད།
2022ལོར། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། “བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་བྱ་བ་མུ་མཐུད་དུ་ཡག་པོ་བསྒྲུབས་ཏེ། ནུས་ཤུགས་ཡོད་རྒུས “མཐོ་ས”བསྐྲུན་པ་དང“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲུབ་འབྲས་གསར་པ་བླངས་ཡོད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་དགོས། “རྒྱུན་མཐུད་གསུམ”གཙོ་གནད་དུ་བཟུང་ནས་ཤུགས་རྒྱག་དགོས་པ་དང་། “འགན་ལེན”གྱི་གཞི་ཐིག་མུ་མཐུད་དུ་བརྟན་པོ་འཛུགས་པ། ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་ལེན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དམངས་ཚིས་བྱ་བ་དངོས་ཀྱི་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་ཡག་པོ་བྱེད་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་པ། ནུས་ཤུགས་ཡོད་རྒུས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། “ཚོད་སླེའི”ཐོན་རྫས་མཁོ་སྤྲོད་བརྟན་པོ་ཡོང་བར་བྱེད་པ། རྒྱུ་ཆ་ཉོ་སྒྲུབ་དང་གསོག་འཇོག་གི་བྱ་བར་ཤུགས་སྣོན་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གཞི་རྩའི་དམངས་ཚིས་འགན་སྲུང་དང་གླ་ཕོགས་འགན་སྲུང་། མ་མཐའི་ཚད་གཞི་བཅས་འགན་སྲུང་བྱེད་པ། “བརྟན་པོའི”རྨང་གཞི་མུ་མཐུད་ཇེ་བརྟན་དུ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བཟོ་སྐྲུན་ལག་བསྟར་ནན་མོ་བྱེད་པ། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོར་གཏོང་དང་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བ། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། དམངས་ཁྲོད་ཀྱི་དངུལ་གཏོང་ཤུགས་ཚད་ཁྱོན་ཡོངས་ནས་འཕེལ་བར་བྱེད་པ། འཛད་སྤྱོད་མགྱོགས་མྱུར་སྒོས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་སྒོས་འཕར་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་རའི་དགོས་མཁོའི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་སོགས་རེད། “མདུན་སྐྱོད”ཀྱི་བར་སྟོང་མུ་མཐུད་དུ་རྒྱ་སྐྱེད་གཏོང་བ་དང་ཐོན་ལས་ཀྱི“ས་ཁུལ་བཞིའི”མཁྲེགས་གཏོར་ལ་ཤུགས་སྣོན་པ། རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་བྱ་སྤྱོད་སྤེལ་བ། ཚན་རྩལ་གསར་སྐྲུན་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐཱན་རྩེར་སོན་གྱི་ལག་བསྟར་ཇུས་གཞི་འདོན་པ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་དང་རྒྱུ་ཆའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”ནང་ཧུར་ཐག་གིས་ཞུགས་པ་དང་མཉམ་འདྲེས་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་རིམ་སྤོར་གྱི་རྣམ་པ་བསྐྲུན་དགོས་ཟེར།
ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཞིག་ཀྲུང་གིས་བཤད་རྒྱུར།
མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
2021ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བྱ་བའི་བླང་བྱ་ལྟར། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་ཚན་རིག་དང་མཐུན་པའི་ཚོད་འཛིན། མཉམ་འགོག་མཉམ་སྡོམ་བཅས་རྒྱུན་འཁྱོངས་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།
མཐོ་ས་ནས་བརྗོད་ན། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས། “ཕྱོགས་བཞིའི་འགན་འཁྲི”ཇེ་དམ་དུ་གཏོང་བ་དང་། རིམ་པ་སོ་སོའི་བཀོད་འདོམས་མ་ལག་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། མི་སྣ་གཙོ་བོ་དང་རིམ་པ་གཙོ་བོ། ས་གནས་གཙོ་བོའི་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ལྷོད་མེད་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་དམ་འཛིན་ཡག་པོ་བྱེད་དགོས། འཕྲལ་ཐག་ཆོད་པོས་ཇུས་ཐག་གཅོད་པ་དང་། དུས་ཚོད་དམ་འཛིན་བྱས་ཏེ་ཁུངས་འདེད་པ། མྱུར་དུ་གྲལ་བཤེར་དང་དོ་དམ་ཚོད་འཛིན་བྱེད་པ། ཉིང་སྐྱུར་ཞིབ་དཔྱད་ལ་སྤྱི་འདོམས་འགན་ལེན་བྱེད་པ། ནད་པར་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱེད་པ། ནད་ཡམས་ཐག་གཅོད་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་བཅས་ཡིན།
གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མི་ཚོགས་ཡོངས་ཀྱི་རིམས་འགོག་སྲུང་ཡོལ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་འགན་ལེན་གལ་ཆེན་བྱས་ཡོད། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁ་གཏད་འཇལ་བའི་བྱ་བར་གྲ་སྒྲིག་ཡག་པོ་བྱེད་པ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དཔུང་ཁག་གསོ་སྐྱོང་སྒྲིག་འཛུགས་བྱེད་པ། མི་སྣ་ཡོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་བྱ་བའི་ཇུས་གཞི་དང་བཀོལ་སྤྱོད་ཕྱོགས་སྟོན་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་འཕྲལ་སྒྲུབ་ཐག་གཅོད་ནུས་པ་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་ཡོངས་བསྒྲགས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། རིགས་སོ་སོའི་སྨྱན་བྱད་སྟེགས་བུ་རུ་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་དང་སྲིད་ཇུས་བྱ་ཐབས། དམངས་ཕན་ཞབས་ཞུའི་ཆ་འཕྲིན་བཅས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་ཐང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་མང་ཚོགས་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས། དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ། མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱེད་པ་དང་། སྲ་ཞིང་བརྟན་པའི་བདེ་ཐང་ལ་འགན་སྲུང་བྱེད་དགོས་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡང་མུའུ་ཧྥེ་ཡིས་བཤད་རྒྱུར།
སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
2021ལོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟེ་བར་དམིགས་ནས་དོ་ཁུར་ལ་ལན་བཏབ་པ་དང་། ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ། གསར་སྐྲུན་ནན་མོ་བྱས་པ། ཁྲིམས་སྲོལ་བཅུ་གསུམ་ལ་བཟོ་བཅོས་བརྒྱབ་པ། གྲོང་ཁྱེར་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་ཁྲིམས་སྲོལ་སྲོལ་ཡིག་བཅུ་དགུ་ལ་ཞིབ་བཤེར་ཆོག་མཆན་བཀོད་པ་བཅས་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
2021ལོའི་ཁྲིམས་འཛུགས་བྱ་བར་གལ་ཆེའི་ཁྱད་ཆོས་གསུམ་ཡོད་སྟེ། གཅིག་ནི“རྒྱལ་ཁབ་ཀྱི་དོན་ཆེན”ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་འཁེལ་དང“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་སྲོལ་ཡིག་དང་འཁོར་སྐྱོད་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གཏན་འཁེལ་བྱས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་ཐེངས་གསུམ་ལ་གྲོས་ཞིབ་བྱས་པ་དང་། བརླན་ས་སྲུང་སྐྱོབ་བྱེད་པའི་སྐོར་གྱི་སྲོལ་ཡིག་དང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར་གྱི་སྲོལ་ཡིག་སོགས་ཁྲིམས་སྲོལ་དང་སྲོལ་ཡིག་བཅུ་ལྷག་ལ་བཟོ་བཅོས་བྱས་པ་དང་སྐོར་ཞིག་མེད་པར་བཟོས། གཉིས་ནི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དཔལ་འབྱོར་སྤྱི་ཚོགས་དང་དམངས་ཚིས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་། ཚོང་གཉེར་ཁོར་ཡུག་གི་གཉེར་སྐྱོང་སྲོལ་ཡིག་དང་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག རྒྱལ་ཁབ་ལ་དབང་བའི་ས་ཆའི་སྟེང་གི་ཁང་པ་བསྡུ་ལེན་དང་སྐྱིན་ཚབ་བྱ་རྒྱུའི་སྲོལ་ཡིག སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག དུག་འགོག་སྲོལ་ཡིག མེ་གསོད་སྲོལ་ཡིག གཟུགས་འདས་རིག་གནས་ཤུལ་བཞག་གི་སྲོལ་ཡིག་སོགས་ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་གཏན་འབེབས་བྱས། རྒྱལ་ཡོངས་ཀྱི་རྨ་ཆུའི་རིག་གནས་སྲུང་སྐྱོབ་སྐོར་གྱི་ཁྲིམས་འཛུགས་ཐོག་མ《མཚོ་ཤར་གྲོང་ཁྱེར་རྨ་ཙོང་རིག་གནས་སྲུང་སྐྱོབ་སྲོལ་ཡིག》འཚོལ་ཞིབ་དང་གཏན་འབེབས་བྱས་ཡོད། གསུམ་ནས་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོར་དམིགས་ཏེ་བཅོས་སྒྱུར་གྱི་ཐབས་ཇུས་དང་ཁྲིམས་འཛུགས་ཀྱི་ཐབས་ཇུས་ཟུང་འབྲེལ་སྔར་ལས་ལེགས་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྲིམས་འཛུགས་ཡོངས་བསྒྲགས་དང་དམངས་གཙོ་དར་སྤེལ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཁྲིམས་འཛུགས་དཔྱད་འཇོག་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་ཁྲིམས་འཛུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་མི་ཆད་པར་གསར་གཏོད་དང་འཐུས་ཚང་དུ་བཏང་ཡོད།
དེ་དང་ཆབས་ཅིག ཁྲིམས་འཛུགས་བྱ་བ་ཡག་པོ་སྒྲུབ་པར་ཏང་གི་འགོ་ཁྲིད་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གཙོ་ཁྲིད་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྱད་ཆོས་འབུར་དུ་ཐོན་པ། ཁྲིམས་སྐྱོང་གཅིག་གྱུར་བཅས་རྒྱུན་འཁྱོངས་བྱ་རྒྱུར་སྣང་ཆེན་བྱེད་དགོས།
2022ལོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་དམིགས་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འཕེལ་རྒྱས་ལག་ལེན་དུ་བསྟར་བ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་། ནུས་ཤུགས་ཡོད་དགུས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་བ། ཁྲིམས་བཟང་ལ་བརྟེན་ནས་བཅོས་སྐྱོང་ལ་འགན་སྲུང་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཀྲིག་བུའུ་ཡིས་བཤད་རྒྱུར།
རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ།
2021ལོའི་ཟླ་གསུམ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མཚོ་སྔོན་གྱི་ནུས་ཁུངས་བྱ་བར་ཁ་ཕྱོགས་གཏན་འཁེལ་དང་རེ་བ་ཆེན་པོ་བཅོལ་ཡོད་ལ། “རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི”འཐབ་ཇུས་བཀོད་སྒྲིག་གལ་ཆེན་གནང་ནས། མཚོ་སྔོན་གྱི་ནུས་ཁུངས་འཕེལ་རྒྱས་ལ་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ་དང་མཚོ་སྔོན་གྱི་ནུས་ཁུངས་འཕེལ་རྒྱས་ཀྱིས་དུས་རབས་གསར་པའི་སྒོ་མོ་ཕྱེ་ཡོད།
ལོ་གཅིག་གི་རིང་ལ། ང་ཚོས་དོན་ཆེན་གསུམ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཡོད། གཅིག་ནས་ལག་བསྟར་གྱི་ཐབས་ལམ་གནད་ལ་འཁེལ་བའི་སྒོ་ནས་འཆར་འགོད་བྱས་པ། ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས《མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་བྱ་སྤྱོད་ཇུས་གཞི(2021ལོ་ནས་2030ལོ་བར)》ཞིབ་འཇུག་གཏན་འབེབ་བྱས་པ་དང་། “ཐོན་ལས་ས་ཁུལ་བཞིའི”ཁྲོད་ཐོག་མར་པར་འགྲེམས་དང་ལག་བསྟར་བྱས་པ་རེད། གཉིས་ནི་མཉམ་སྐྲུན་ལམ་སྲོལ་ཧུར་ཐག་གིས་བཙུགས་པ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་སྲིད་གཞུང་དང་མཉམ་དུ་ནུས་པ་ལྡན་པའི་མཉམ་སྐྲུན་ལམ་སྲོལ་བཙུགས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། གསུམ་ནི་འཆར་འགོད་བཀོད་སྒྲིག་གཏིང་ཟབ་བྱེད་དགོས། 《“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ནུས་ཁུངས་འཕེལ་རྒྱས་འཆར་འགོད》དང་སླར་སྐྱེས་ནུས་ཁུངས། གློག་ཤུགས། གསོག་འཇོག་སོགས་ཆེད་དོན་འཆར་འགོད་བདུན་ཞིབ་འཇུག་དང་གཏན་འབེབས་ནན་མོ་བྱས་པ་མ་ཟད། གྲོང་ཁྱེར་དང་ཁུལ་གྱི་ནུས་ཁུངས་འཆར་འགོད་དང་མཉམ་དུ་འཆར་འགོད་མ་ལག་མང་པོ་བཙུགས་ཡོད།
ལོ་གཅིག་གི་རིང་ལ། ང་ཚོས་དོན་ཆེན་གལ་ཆེན་དམ་འཛིན་བྱེད་པ་དང་མཉམ་དུ། ནུས་ཁུངས་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བས། ལས་གཞི་གལ་ཆེན་ཐད་ཐོལ་བརྒལ་གསར་བ་བྱུང་ཡོད། དྲ་སྒྲོམ་གྱི་གྲུབ་ཚུལ་ལེགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གློག་དྲ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་། ནུས་ཤུགས་ཡོད་དགུས་སྔོན་ལ་གསོག་འཇོག་དང་སྔོན་ལ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་བཏང་བས། སྣ་མང་གསོག་འཇོག་དང་ནུས་ཁུངས་མ་ལག་ཐད་གོམ་སྟབས་གསར་པ་སྤོས། དཔལ་འབྱོར་སྤྱི་ཚོགས་ཀྱི་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནུས་ཁུངས་གཙང་མ་བེད་སྤྱོད་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ནུས་ཁུངས་ཁྱབ་ཁོངས་ཀྱི་བསམ་བློ་བརྗེ་རེས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཉམ་ལས་མ་ལག་བསྐྲུན་པའི་རྣམ་པ་གསར་པ་ཆགས་པར་བྱེད་དགོས།
འཚོགས་མ་ཐག་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་སྟེང་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་དང་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་ཁྱོན་ཡོངས་ཀྱི་གནས་བབ་ཆེན་པོར་དམིགས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”ལ་ཞབས་འདེགས་ཞུ་བ། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས་ཟེར།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་ཏང་ཨུའི་ཨུ་ཡོན། སྤྱིའི་རྩིས་གཉེར་པ་ཡུས་ཞའོ་ཞོན་གྱིས་བཤད་རྒྱུར།
ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་ནས། ཁྲལ་འཇལ་མཁན་ལ་བྱ་བ་དངོས་བསྒྲུབས་དགོས།
2021ལོར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་བ་ནན་ཏན་སྒོས་སྒྲུབ་པ་དང་། ཁྲལ་འཇལ་མཁན་གྱི་འགག་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། ཁྲལ་གཉེར་གྲོན་འཇལ་སྟབས་བདེ་ཅན་གྱི་བཅོས་སྒྱུར་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་ཡོད།
སྔར་ལས་བློ་ཡིད་ཚིམ་པོ་བྱ་རྒྱུ་དེ་འབད་བརྩོན་བྱེད་ཕྱོགས་སུ་བརྩིས་ནས། དམངས་ལ་ཞབས་འདེགས་ཞུ་བའི་རྩ་འཛུགས་ཀྱི་སྟོབས་ཤུགས་དང་། ཁྲལ་བསྡུའི་སྲིད་ཇུས་དྲིལ་བསྒྲགས་ཟུར་ཁྲིད་བྱེད་པ། མང་ཚོགས་ཀྱི་དོ་ཁུར་བྱེད་སར་དོ་ཁུར་བྱེད་པ། གྲོན་དངུལ་འཇལ་བའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཁྲལ་བསྡུའི་རྙོག་འཛིང་བྱ་བ་ཧུར་ཐག་གིས་ཐག་གཅོད་བྱེད་པ། ཁྲལ་འཇལ་བའི་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ་སོགས་ལ་དམིགས་ནས། བྱ་ཐབས་ཁག་བརྒྱ་ཏན་ཏིག་གིས་བསྒྲུབས་ཏེ“བློ་ནུས་གང་ཡོད་འདོན་པའི”ཐོག་ནས་ཁྲལ་འཇལ་བའི་སེམས་བདེ་བར་བྱས། སྔར་ལས་སྟབས་བདེ་ཡོང་བར་བྱ་རྒྱུ་ཞབས་ཞུའི་བླང་བྱར་བརྩིས་ནས། ཁྲལ་གྲོན་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་བསྡུ་ལེན་དོ་དམ་གྱི་རྨང་གཞིའི་བྱ་བ་དང་རེ་ཞུའི་རྣམ་གྲངས་ནང་ཁུལ་གྱི་ལས་སྒྲུབ་གོ་རིམ་ལྡན་པའི་ངང་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་དུ་སྤོས་པ་བརྒྱུད། “ལས་རོགས་བྱ་བའི་ཚོགས་པ”བཙུགས་ནས“འདྲི་སྒྲུབ་ཟུང་འབྲེལ་ཞབས་ཞུ”ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་བ་དང་། 12366དང12345ཐད་སྦྲེལ་ཁ་པར་སོགས་ཀྱི་བྱ་ཐབས་ལ་སྐུལ་འདེད་བཏང་ནས། དྲ་ཐོག་ཞབས་ཞུ་དང་ཡུལ་དངོས་ཞབས་ཞུ་དུས་དང་རྣམ་པ་ཀུན་དུ་ཟུང་འབྲེལ་བྱས་ཏེ། ཁྲལ་འབྲེལ་བློ་འདྲིའི་ཐབས་ལམ་བཅས་ལག་བསྟར་བྱས་པས། བྱ་བ་མང་པོ་སྒྲུབ་པ་ལ་བརྟེན་ནས་ཁྲལ་འཇལ་མཁན་གྱི་ཆུ་ཚོད་དམ་འཛིན་བྱས་ཡོད། སྔར་ལས་མགྱོགས་མྱུར་ཡིན་པ་དེ་བྱ་བའི་ཁྲིད་ཕྱོགས་སུ་འཛིན་པ་དང་། སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་པ། ཁྲལ་བསྡུའི་སྲིད་ཇུས་གནད་འཁེལ་སྐྱེལ་འདྲེན་སྦྲེལ་ལམ་འཛུགས་པའི་བྱ་བ་ཡོངས་འགྲུབ་བྱས། གནད་འཁེལ་གྱི་གཟིགས་སྐྱོང་སྲིད་ཇུས་མངོན་འགྱུར་བྱས་ཏེ། ཕྱིར་གཏོང་ཁྲལ་སློག་དོན་འཁྱོལ་བྱས་ནས་ཕྱི་ཕྱོགས་ཉོ་འཚོང་བརྟན་པོ་ཡོང་བར་བྱེད་པ། ཕྱིར་གཏོང་ཁྲལ་སློག་གི་དཔྱད་ཡིག་སྐྱེལ་སྤྲོད་དང་འགྲོ་ལུགས་ཀྱི་རིམ་པ་སྔར་ལས་སྟབས་བདེར་གཏོང་བ། ཁྲལ་སློག་གིས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་དོན་འཁྱོལ་བྱས་ནས་ཁྲལ་སློག་རེ་ཞུ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་རྗེས་འདེད་ཞབས་ཞུ་མངོན་འགྱུར་ཡོང་བ་བྱེད་པ་དང་། རྡོ་སོལ་དང་གློག་གི་མཁོ་སྤྲོད་འགན་ལེན་དང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཁྲལ་རིན(གྲོན་དངུལ)འགོར་འགྱངས་སུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་བྱེད་པ་དང་། “དངུལ་ཁྲལ་མཉམ་འགུལ”ལ་བརྟེན་ནས་དྲ་ཐོག་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུ་མུ་མཐུད་རྒྱ་ཆེར་གཏོང་བ་དང་། “མྱུར་སྒྲུབ”ལ་བརྟེན་ནས་ཁྲལ་འཇལ་མཁན་གྱི་དཀའ་ལས་ཇེ་ཉུང་དུ་གཏོང་དགོས།
2022ལོར། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་འོག ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་ཁག་སྔར་ལས་དོན་འཁྱོལ་ཡག་པོ་བྱས་ནས། ཁྲོམ་རའི་གཙོ་ཁྲིད་ཁེ་སྤོགས་རྒྱུན་མཐུད་ངང་བགོ་བ་དང་། ཁྲལ་བསྡུའི་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས“ས་ཁུལ་བཞི”དང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཏེ། ཁྲལ་དོན་པས་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀང་ཧྥུ་ཡིས་བཤད་རྒྱུར།
“རི་གཉིས”ཀྱི་འདུ་ཤེས་ལག་བསྟར་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བ་དང་འབྲེལ་མཐུད་ལེགས་པོ་བྱས།
ཉེ་བའི་ལོ་འགའི་རིང་ལ། ཧི་ནན་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བཟང་བོ་བྱས་ཏེ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་བ། སྔོ་ལྗང་གི་རི་ཆུ་བརྟན་སྲུང་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་པ། རྫོང་རིམ་པའི་ལས་བྱེད་པའི་རྩྭ་སའི་སྐྱེ་ཁམས་བཅོས་སྐྱོང་གི་འགན་འཁྲི་གསར་གཏོད་བྱེད་པ། ཞིང་ཆེན་ཡོངས་སུ་སྔོན་ལ“འགྱིག་ཁུག་བཀག་སྡོམ་གི་བཀའ་རྒྱ”ལག་བསྟར་བྱེད་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་བཅས་བྱས་པ་རེད། རྐྱེན་སྲོལ་གསར་སྐྲུན་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་ཚོང་ར་རྒྱ་བསྐྱེད་པ། སྐྱེ་ཁམས་ཀྱི་ལས་ཞུགས་ཐབས་ལམ་ཇེ་མང་དུ་གཏོང་བ་སོགས་དམ་འཛིན་བྱས་ནས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་ཡོངས་སུ་ཧི་ནན་རྫོང་གི《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》དང《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་ལག་བསྟར་ཞིབ་སྲོལ》སྔོན་ལ་བཟོས་ནས་ལག་བསྟར་བྱས་པར་མ་ཟད། སྔ་རྗེས་སུ་ཧི་ནན་རྫོང་གི《རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་དོ་དམ་བྱེད་ཐབས》དང《རང་བྱུང་རྩྭ་སའི་ཕྱུགས་ཤོང་ཚད་ཞིབ་བཤེར་གཏན་འབེབས》སོགས་ལམ་ལུགས་བཏོན་པ་རེད། གཞན་སྒྱུར་གྱི་ཐབས་ལམ་རྒྱ་བསྐྱེད་ནས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། གྲངས་ཀ་འཕར་སྣོན་དང་ སྤུས་ཚད་མཐོར་འདེགས། སྦྲེལ་ཐག་ཁ་གསབ། སྐྱེལ་འདྲེན་ཐབས་ལམ་རྒྱ་བསྐྱེད་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱས་ནས། ཐོན་ལས་སྦྲེལ་ཐག་ལམ་ལུགས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྐྱེ་ཁམས་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་ལས་རིགས། སྐྱེ་ཁམས་ཆུའི་ཐོན་ལས། སོག་བོད་སྨན་རྫས་ལས་རིགས། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཀྱི་རྣམ་པ་བཟང་བོ་ཆགས་པར་བྱས་ནས་སྤུས་ཚད་མཐོན་པོས་རི་གཉིས་ཀྱི་འདུ་ཤེས་ལག་བསྟར་བྱས་ཡོད།
མཉམ་དུ་ཕྱུག་པོར་འགྱུར་བར་དམ་པོར་དམིགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གསར་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་འབྲེལ་མཐུད་ལེགས་པོ་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བྱས། གཞི་རིམ་རྩ་འཛུགས་ཀྱི་བཙན་རྫོང་ནུས་པ་འདོན་སྤེལ་དང་། ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་རྨང་གཞིའི་ཐོག དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་དང་བརྟན་བརླིང་ཡོང་བ་དང་། ཐོན་ལས་རོགས་སྐྱོར་དང་ལས་གནས་བརྟན་ལ་ལས་ཞུགས་ཐུབ་པ། མ་དངུལ་དང་ལས་གཞི་འཛུགས་སྐྲུན་བཅས་དམ་འཛིན་ཡག་པོ་བྱས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། བར་བརྒལ་དུས་སྐབས་ནང་གི་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་པ། བྱ་བའི་ཇུས་གཞི་བདུན་གཏན་འབེབས་དང་གྲོང་གསེབ་དར་སྤེལ་གཏོང་བའི་རྐྱེན་སྲོལ་འཛུགས་པ་བཅས་བྱས་ཏེ། བྱ་བ་སྣ་ཚོགས་སྦྲེལ་མཐུད་དམ་ཟབ་ཡོང་བར་འགན་ལེན་ཏན་ཏིག་བྱས་པ་རེད།
གོ་རིམ་རྗེས་མར་ཧི་ནན་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བརྩི་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། ཐོན་ལས་ས་ཁུལ་བཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བཅས་བྱེད་པ་དང་། མཐོ་ས་གསར་བ་བརྒྱད་གསར་སྐྲུན་བྱེད་པ་ནང་དོན་གཙོ་བོར་བཞག་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས་ཟེར།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།