མཚོ་སྔོན་གྱི་གངས་འཁྱགས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ།
2022.02.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

ལོ་བཅུ་བདུན་ལ་སླེབས་པའི་ཀྲུང་གོའི་ལུས་རྩལ་པ་སུའུ་དབྱི་མིན་གྱིས་ཟླ་གཉིས་པའི་ཚེས་བདུན་ཉིན་ཀྲང་ཅཱ་ཁུག་ཡུན་ཏིང་གངས་ཤུད་སྤྱི་གླིང་དུ་མི་རྣམས་ཧང་སངས་སུ་བཅུག ཁོས་ཕུན་སུམ་ཚོགས་པའི་འཁོར་སྐྱོད་ཏུའུ་སྟོང་གཅིག་བརྒྱད་བརྒྱ་ཡི་ཀྲུང་གོའི་སྐྱེས་པའི་གངས་ཤུད་ཐུར་ངོས་གེགས་རྩལ་རྣམ་གྲངས་ཀྱི་ལོ་རྒྱུས་བསྐྲུན་པ་རེད། སུའུ་དབྱི་མིན་མཇུག་མཐར་བརྟན་པོའི་ངང་སར་འབབ་སྐབས། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་ཚོས་དར་ཆ་འཕྱར་ནས་ཁོ་ལ་ཐལ་མོ་རྡེབ་པ་དང་། ཀྲུང་གོའི་གསར་འགོད་པ་ཁ་ཤས་ལ་སེམས་འགུལ་ཚད་མེད་ཐེབས་ཞོར་ཐལ་མོའི་རྡེབ་སྒྲ་ཡང་ཡང་བསྒྲོན་པ་དང་། “མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད”ཅེས་བརྗོད་ཀྱིན་ཡོད།

ཉིན་དེར་ཡུན་ཏིང་སྟེང་དུ་བ་མོ་ཆགས་ཡོད་མོད། འོན་ཀྱང་ཕྱི་རོལ་གྱི་རྐུབ་སྟེགས་སྟེང་དུ་ལྟད་མོ་བའི་བཀང་ནས་བསྡད་ཡོད། ཚང་མས་ལག་ཏུ་བཟུང་བའི་དར་ཆུང་གཡུགས་ཏེ། འཛམ་གླིང་རྒྱལ་ཁབ་སོ་སོ་ནས་ཐོན་པའི་ལུས་རྩལ་པར་ཀི་བཏབ་ནས་ངར་ཤུགས་སློང་བཞིན་ཡོད། དགའ་སྤྲོའི་དགོད་སྒྲས་སྤྲོ་སེམས་མངོན་པས། ཡུན་ཏིང་སྟེང་གི་གྲང་ངར་ཡང་གློ་བུར་དུ་ཇེ་ལྷོད་དུ་གྱུར་བ་ལྟ་བུར་སྣང་། ཀྲང་ཅ་ཁུག་གི་གྲོང་མི་ཡའོ་གཡོད་ཀྱིས་བུ་ཁྲིད་དེ་སྔ་མོ་ནས་འགྲན་བསྡུར་ས་ཁུལ་དུ་ཡོང་ཞིང་། དེའི་དམིགས་ཡུལ་ནི་འགྲན་བསྡུར་ལ་བལྟ་སའི་གནས་ཡག་པོ་ཞིག་འཚོལ་རྒྱུ་དེ་རེད། སྐབས་དེ་དུས་ཁོ་གཉིས་འགྲན་བསྡུར་ལ་ངར་ཤུགས་སློང་མཁན་དུ་གྱུར་ཡོད། ཡའོ་གཡོད་ཀྱིས་གསར་འགོད་པར་བཤད་རྒྱུར། “སུའུ་དབྱི་མིན་ལ་དམིགས་ནས་ཡོང་བ་ཡིན།” ཡའོ་གཡོད་ཀྱིས་བཤད་རྒྱུར། དེ་སྔོན་གངས་ཤུད་ར་བ་འདི་འདྲའི་མཛེས་པོ་ཞིག་མཐོང་ག་ལ་ཐུབ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོན་པ་ནས་བཟུང་། བཟའ་མི་ཚང་མའི་ལུས་སྦྱོང་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད་ཅེས་བཤད།

དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་ཡའོ་གཡོད་ལ་སྤྲད་པའི་འགྱུར་ལྡོག་དེ་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཧ་ལམ་གཅིག་མཚུངས་རེད། སྔོན་ཆད་གངས་འཁྱགས་ལུས་རྩལ་དེ་ཧྲན་ཧའེ་འགག་སྒོ་ནས་ཕྱིར་ཐོན་ཐུབ་ཀྱིན་མེད། ད་ལྟ། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཤིག་སྤེལ་བ་བརྒྱུད། གངས་འཁྱགས་ལུས་རྩལ་ཐད“བྱང་དར་ལྷོ་འགྲེམས་ནུབ་སྐྱོད་ཤར་བགྲོད”ཀྱི་འཐབ་ཇུས་ཁྲོད། མཚོ་སྔོན་གྱི་གངས་འཁྱགས་ལས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གོ་སྐབས་ལ་བརྟེན་ནས་ཡུན་རིང་གནས་པའི“སྒུལ་ནུས”ཤིག་མངོན་ཡོད་པ་རེད།

དགུན་ཁ་ནས་དཔྱིད་འགོའི་བར། མཚོ་སྔོན་གྱི་ས་གནས་སོ་སོའི་གངས་ཤུད་ར་བའི་ཚོང་ཧ་ཅང་བྲིན་པོ་རེད། གངས་ཁྲོད་ཀྱི་འཕྲུལ་རྟ་དང་དགའ་སྤྲོའི་གངས་འཁོར་སོགས་འགྲན་བསྡུར་རང་བཞིན་གྱི་བྱ་འགུལ་སྣ་ཚོགས་ལས་མི་སྔར་ལས་མང་བ་གངས་ཤུད་སར་ཞུགས་ནས་གངས་འཁྱགས་ལ་དགའ་བཞིན་ཡོད། ན་ནིང་གི་ཟླ་བཅུ་གཉིས་པར། སྐབས་བརྒྱད་པའི་རྒྱལ་ཡོངས་མང་ཚོགས་ཀྱི་གངས་འཁྱགས་དུས་ཚིགས་སུ། པེ་ཅིན་གྱི་དགུན་དུས་ཨོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས་དང་སྦྲེལ་བའི་རྒྱལ་ཡོངས་མང་ཚོགས་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་གྱི་ཚོང་རྟགས་གྲགས་ཅན་མཚོ་སྔོན་གྱིས་བྱ་འགུལ་གྱི་ཡན་ལག་ཚོགས་ར་བཙུགས་ཏེ། རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ངང་གནས་ཚུལ་དངོས་དང་མི་ཚོགས་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས། མང་ཚོགས་ཀྱི་ཉེ་འགྲམ་དང་མང་ཚོགས་ལྟ་འདོད་ལ་ཉན་སྤྲོ་བའི་གངས་འཁྱགས་འགྲན་བསྡུར་བྱ་འགུལ་རྒྱ་ཁྱབ་ངང་སྤེལ། དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བའི་རེ་ཞུ་ལེགས་འགྲུབ་བྱུང་བ་ནས་བཟུང་། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་མ་ཟད། “མཚོ་སྔོན་གྱི་སྟོབས་ཤུགས”ལ་བརྟེན་ནས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རོགས་བྱས།

དེ་དང་ཆབས་ཅིག སློབ་གྲྭ་དང་ཁེ་ལས་སོགས་ཀྱིས་གཉེར་བའི་གངས་འཁྱགས་ཀྱི་བྱ་འགུལ་སྣ་ཚོགས་མེ་སྟག་ལྟར་འཆར་ནས། མཚོ་སྔོན་གྱི་གངས་འཁྱགས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། པིན་ཧོ་རྒྱལ་སྤྱིའི་རྩེར་སོན་འགྲན་བསྡུར་དེ་མདོ་བ་རྒྱལ་ཁབ་མཐོ་སྒང་སྦྱོང་བརྡར་རྟེན་གཞི་རུ་ལོ་ལྔ་ཡི་རིང་ལག་བསྟར་བྱས་རྗེས། ན་ནིང་ཟླ་བཅུ་གཉིས་པར། མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གི་པིན་ཧོ་འགྲན་བསྡུར་སྐབས་དང་པོ་སྤེལ་བ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྩལ་འགྲན་རིམ་པའི་གཞོན་ནུ་ལོ་ཆུང་གི་པིན་ཧོ་འགྲན་བསྡུར་ཐོག་མ་དེ་ཡིན་པ་དང་། ཕོ་མོ་སོ་སོར་རུ་ཁག་དྲུག་འགྲན་བསྡུར་ལ་ཞུགས། ལོ་ལྔ་ཡི་རིང་ལ། མཚོ་སྔོན་གྱི་པིན་ཧོ་མེད་པ་ནས་ཡོད་པ་དང་། ཆེད་ལས་ལུས་རྩལ་རུ་ཁག་ཕུད་པའི“པིན་ཧོ་ལུས་རྩལ་སློབ་རར་བསྐྱོད་པའི”བྱ་འགུལ་དེ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་བཅུ་གཅིག་ལྷག་ཏུ་སྤེལ།

“མི་གྲངས་དུང་ཕྱུར་གསུམ་གངས་འཁྱག་ཁྲོད་སྐྱོད་རྒྱུར་སྐུལ་ཁྲིད་བྱེད་པའི”འབོད་སྐུལ་འོག མཚོ་སྔོན་གྱི་གངས་འཁྱགས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་། ད་ལྟ་མཚོ་སྔོན་གྱི་གངས་འཁྱགས་ལ་དགའ་མཁན་ཚོས་ཞིང་ཆེན་གཞན་གྱི་ཆེད་ལས་གངས་འཁྱག་ར་བ་དང་ཁ་བར་ཡིད་སྨོན་བྱེད་དགོས་ཀྱིན་མེད། རྒྱུ་མཚན་ནི་རང་ཉིད་ལ་ཡོད་པས་ཡིན། མཚོ་སྔོན་གྱི་གངས་འཁྱགས་ལ་དགའ་མཁན་ཚོས་ཀྱང་རི་ཀླུང་ནས་གངས་ཤུད་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། རྒྱུ་མཚན་ནི། ཞིང་ཆེན་ཡོངས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི“མྱུར་བགྲོད་རླངས་འཁོར”ནང་ཞུགས་ནས་ཚད་གཞི་ལྡན་པའི་གངས་ཤུད་ར་བ་བསྐྲུན་ཡོད་པས་རེད།

མང་ཚོགས་ལ་གངས་ཤུད་ཀྱི་ཚོར་བ་སྔར་ལས་ལེགས་པོ་མྱོང་དུ་འཇུག་ཆེད། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་སྡེ་ཁག་གིས་གངས་འཁྱགས་ཀྱི་ཤེས་ལྡན་པ་དང་དེ་མིན་སྤྱི་ཚོགས་མཛུབ་ཁྲིད་པ་གསོ་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། གངས་ཤུད་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་གསོ་སྦྱོང་ཧུར་ཐག་བྱས་ལ། མང་ཚོགས་ལ་གངས་ཤུད་ཀྱི་ཉམས་ལེན་གསོ་སྦྱོང་ཤུགས་ཆེན་བྱས། མི་སྔར་ལས་མང་བ་ཞིག་གི་འཚོ་བའི་ནང་རྒྱུན་མི་ཆད་པར་གངས་འཁྱགས་ཀྱི་ལུས་རྩལ་བྱ་འགུལ་སྤེལ་བས། མང་ཚོགས་ཚོ་གང་དུ་གངས་ཤུད་བྱེད་པ་དང་སུའི་ཁྲིད་པའི་དོན་དངོས་གནད་དོན་ཐག་གཅོད་བྱས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།