རྒྱུགས་སྤྲོད་ཀྱི་ལམ་བུ་གསར་བུའི་སྟེང་ཡག་པོར་བསྐྱོད་ནས།འབད་འབུངས་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།
2022.03.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

—སྐབས་དང་པོའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་ཟུར་བྲིས།

ཞིང་ཆེན་ཏང་གི་སློབ་གྲྭ་རུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་དཔྱིད་རླུང་མཉམ་དུ་འཕྱུར་ནས། སློབ་མ་ཚོའི་ལས་སྒྲུབ་ལས་སྐྲུན་ཐད་ལ་ངར་ཤུགས་ཆེན་པོ་བསླངས་ཡོད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་ལས་གཏིང་ཟབ་བྱ་ཆེད། ཞིང་ཆེན་ཏང་ཨུས་ཐེངས་བཞི་ལ་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་འཛུགས་རྒྱུ་ཐག་བཅད། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དེ་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་ལག་ལེན་དུ་འགྱུར་བར་བྱ་དགོས།

ཟླ2ཚེས25ཉིན་ཐེངས་དང་པོའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་དངོས་སུ་འཚོགས། ལས་རྐང་དུ་ཡོད་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཉིས་བརྒྱ་དོན་གཅིག་སྟེ། གྲོང་ཁྱེར(ཁུལ)ཏང་ཨུའི་ཧྲུའུ་ཅི་དང་རྩ་འཛུགས་པུའུ་ཀྲང་། དྲིལ་བསྒྲགས་པུའུ་ཀྲང་།  ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོའི་ཨུ་ཡོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ།  མི་དམངས་ཚོགས་པ་སོ་སོའི་ཏང་ཨུའི(ཏང་ཙུའུ་)འགན་འཁུར་བློ་མཐུན།  ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་ཨུ་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཏང་རྩ་འཛུགས(ཏང་ཨུ)ཀྱི་འགན་འཁུར་བློ་མཐུན། རྫོང་སོ་སོའི(གྲོང་ཁྱེར་དང་ཆུས)ཏང་ཨུའི་ཧྲུའུ་ཅི། རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”དང་ཟླ3ཚེས1ཉིན་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་མཁན་གྱི་ཞིང་ཆེན་ཏང་ཨུའི་དོ་དམ་ལས་བྱེད་པ་བཅས་ཡོད། ཏང་གི་སློབ་གྲྭའི་སློབ་ཁང་དུ་བསྐྱོད་པ་ན། ཟུར་ཁྲིད་ཀྱི་གཏམ་བཤད་ལ་ཉན་པ་དང་གློག་ཀླད་སྤྱད་ནས་སློབ་ཁྲིད་ཀྱི་པར་གཞི་ལ་ལྟ་བ། མ་རྩོམ་ཞིབ་ཀློག་བྱེད་པ། ཁག་བགོས་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་འབྲེལ་ཡོད་ནང་དོན་སློབ་སྦྱོང་བྱེད་བཞིན་མཆིས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ནི་གཏིང་ཟབ་པའི་ཏང་གི་ལོ་རྒྱུས་ཀྱི་སློབ་ཚན་ཆེན་མོ་ཞིག་དང་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཆེན་མོ། ཏང་གཤིས་ཀྱི་སློབ་ཚན་ཆེན་མོ་བཅས་ཡིན་ལ། དེང་བལྟས་སྔ་དྲན་གྱི་ཆབ་སྲིད་ཁྲིད་སྟོན་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བསྐྱར་དར་གྱི་སྐུལ་སློང་ཆེན་པོ། བླ་སྲོག་ལ་ཐུག་པའི་བསམ་པའི་སྦྱོང་བརྡར་བཅས་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་ལས་གཏིང་ཟབ་བྱས་ནས། ‘གཏན་འཁེལ་གཉིས’ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ།‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ་དང་།‘རང་རྟོན་བཞི’ཇེ་བརྟན་དུ་གཏོང་བ།‘སྲུང་སྐྱོབ་གཉིས’ལེགས་པོར་སྒྲུབ་པ་བཅས་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྔར་ལས་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ། གསར་འབྱེད་གསར་སྐྲུན་དང་འགན་འཁྲི་དངོས་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་ཧུར་ཐག་གིས་བསྐྲུན་དགོས།”

འཛིན་གྲྭའི་ཟུར་ཁྲིད་གཏམ་བཤད་ཁྲོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་རྒྱས་བཤད་ཟབ་མོ་གནང་བའི་གནད་དོན་ལྔ་ལ་དམིགས་ནས་གསལ་འགྲེལ་ཞིབ་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པར་ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པ། ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། ལོ་རྒྱུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིན་གྱིས་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ་འགོ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས།

ནན་ཏན་སྒོས་མ་ཡིག་ཞིབ་ཀློག་བྱེད་པ་དང་། སློབ་སྦྱོང་དང་བསམ་གཞིགས་ཞིབ་མོ་གཏོང་བ། གཏམ་བཤད་གྲ་སྒྲིག་ཞིབ་ཚགས་བྱེད་པ་བཅས་ཉིན་གསུམ་གྱི་རིང་ལ། སློབ་མ་ཡོངས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་གོ་བ་ལེན་སྐབས། “གཏན་འཁེལ་གཉིས”ལ་སྲུང་སྐྱོབ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཡང་བསྐྱར་སློབ་སྦྱོང་བྱས་པས། མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ན་གོར་མོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཧྲན་ཆོན་གྱིས་བཤད་རྒྱུར། “རྒྱལ་ཡོངས་ཀྱི‘ཚོགས་ཆེན་གཉིས’འཚོག་ལ་ཉེ་བ་དང་། གྲོང་ཁྱེར་དང་ཁུལ་རིམ་པའི‘ཚོགས་ཆེན་གཉིས’རིམ་བཞིན་གྲོལ་ཟིན་པ་དང་།ལོ་གསར་པའི་བྱ་བ་སྣ་ཚོགས་ལས་འགོ་ཚུགས་སྐབས། ཞིང་ཆེན་ཏང་ཨུས་ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེ་དུས་དང་འཁེལ་ལ་གལ་འགངས་ཤིན་ཏུ་ཆེ་བས། བསམ་བློ་སྔར་ལས་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་སྙིང་སྟོབས་འཕེལ་བ་དང་བྱ་བར་སྐུལ་འདེད་གཏོང་དགོས། ཉིན་གསུམ་གྱི་རིང་ལ་གཅིག་བསྡུས་ཀྱིས་སློབ་སྦྱོང་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་བརྒྱུད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གལ་ཆེན་དང་། ལྷག་པར་དུ་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་ཆོད》ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཡིན་པས། ངེས་པར་དུ་ཏང་ཡོངས་ལ་གཏན་འཁེལ་བྱས་པའི་དམིགས་ཚད་དོན་འཁྱོལ་བྱས་ནས་བློ་སྟོབས་ཆེར་བསྐྱེད་ཀྱིས་མ་འོངས་པའི་ཕྱོགས་སུ་བསྐྱོད་དགོས”ཟེར།

ཞིང་ཆེན་ཡིད་རྟོན་འགན་ལེན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་འགན་འཛིན་པ་ཙའོ་ཡུས་ལིན་གྱིས་བཤད་རྒྱུར།  “ད་ཐེངས་ཞིང་ཆེན་ཏང་ཨུས་ཉིན་གསུམ་གྱི་དུས་ཚོད་སྤྱད་ནས་ཚང་མ་གཅིག་བསྡུས་བྱས་ཏེ། སེམས་ལྷོད་ལ་བབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ཟུར་ཁྲིད་གཏམ་བཤད་དང་ཆེད་མཁས་པས་ཆེད་དོན་སློབ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། ང་ཚོས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། 《གྲོས་ཆོད》ཀྱི་དགོངས་དོན་དང་བླང་བྱར་སྔར་ལས་ཆ་ཚང་ཞིང་གཏིང་ཟབ་པའི་ཤེས་རྟོགས་བྱུང་བ་དང་།‘གཏན་འཁེལ་གཉིས’ཀྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ། ཚང་མས་སློབ་སྦྱོང་བྱེད་པར་བརྟེན་ནས་བསམ་བློའི་ངོས་འཛིན་སྔར་ལས་གཅིག་གྱུར་དང་། ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྔར་ལས་ལྷག་པའི་སྒོ་ནས་ཞིབ་ཕྲའི་བྱ་བའི་ཐོག་དོན་འཁྱོལ་བྱས་པས། བྱ་བའི་སྤྲོ་སེམས་དང་ཡར་བརྩོན་གྱི་སྙིང་སྟོབས་ལ་སྐུལ་སློང་བྱས་ཡོད། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་སྣེ་འདྲེན་ལས་ཁུངས་ཞིག་ཡིན་པའི་ངོས་ནས། ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས‘དངུལ་རྩའི་ཁྱབ་ཁོངས’སྔར་ལས་མང་བར་ཁྲིད་སྟོན་བྱས་ཏེ། སྐྱེ་ཁམས་ཞིང་ལས་དང་སྐྱེ་ཁམས་ཡུལ་སྐོར། ཚན་རྩལ་གསར་སྐྲུན། ཐོན་ལས་རིམ་སྤོར། ལྗང་མདོག་འཕེལ་རྒྱས་སོགས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱད་ལྡན་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུར་ཡིད་རྟོན་འགན་ལེན་གྱི་ལེགས་སྐྱེས་འབུལ་དགོས”ཟེར།

“ཐེངས་འདིའི་སློབ་སྦྱོང་བགྲོ་གླེང་ལས་ང་ཚོས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་སྔར་ལས་ནན་མོར་བྱེད་པ་དང་མྱོང་ཚོར་སྔར་ལས་ཟབ་མོར་གྱུར་བ། བྱ་བ་སྔར་ལས་ཞིབ་ཕྲར་འགྱུར་བར་མཛུབ་སྟོན་བྱས་ཡོད།” མཚོ་སྔོན་དགེ་ཐོན་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་མའོ་ཞའོ་རུང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སྔར་ལས་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱི་ཟུར་ཁྲིད་གཏམ་བཤད་ལ་སློབ་སྦྱོང་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་བསམ་བློ་ཆབ་སྲིད་སློབ་ཚན་ནང་བཅུག་ནས། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་བསམ་བློའི་ཆབ་སྲིད་སློབ་ཚན་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། བསམ་བློའི་ཆབ་སྲིད་སློབ་ཚན་གྱི་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་ཁང་གི་བསམ་བློའི་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་ཡག་པོ་བྱས་ཏེ། སློབ་མས་རང་གིས་རྩོམ་སྒྲིག་དང་རང་གིས་འཁྲབ་པའི་གཏམ་བརྗོད་ཟློས་གར《ནམ་ཡང་བརྗེད་པར་དཀའ་བའི་གླུ་དབྱངས》མུ་མཐུད་འཁྲབ་ནས། སློབ་ཆེན་སློབ་མར་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་ལས་དོན་མྱོང་ཚོར་བྱེད་ཐུབ་པར་ཁྲིད་སྟོན་བྱས་ཏེ། དུས་རབས་གསར་པའི་སློབ་ཆེན་སློབ་མའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་ཡིན་ཟེར།

བརྒྱ་ལོ་གསར་པའི་སྒོ་འཕར་ཕྱེ། རྒྱུགས་སྤྲོད་གྱི་ལམ་བུ་གསར་བར་ཞུགས།སློབ་སྦྱོང་ནན་ཏན་བྱས་པ་བརྒྱུད། སློབ་མ་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དངོས་གནས“གཏན་འཁེལ་གཉིས”དེ“སྲུང་སྐྱོབ་གཉིས”ཀྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་ནས། སློབ་སྦྱོང་གི་ཕན་འབྲས་དེ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ནས། ལྷོད་གཡེང་སྤུ་ཙམ་མེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པའི་ཐོག་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་། ཐོན་ལས་འཛུགས་སྐྲུན་གྱི“ས་ཁུལ་བཞིའི”གསོན་ཉམས་ལྡན་པའི་ལག་ལེན་ནང་ཧུར་ཐག་གིས་ཞུགས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།