རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་བློ་གྲོས་གཅིག་སྡུད་བྱེད་དགོས།
2022.03.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

 ཙུང་ལི་ལི་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ད་ལོར་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱས་ནས།  ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་ཤུགས་སྣོན་བྱེད་པ། འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས་  ཞེས་བསྟན་ཡོད།

མདོ་དབུས་མཐོ་སྒང་འདི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་ཇི་ལྟར་བསྐྲུན་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གྲོས་བསྡུར་བྱེད་པའི་གླེང་གཞིར་གྱུར་ཡོད།

འཐུས་མི་ཁུང་ཆིན་ཅུས་ཀྱིས་བཤད་རྒྱུར།   མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མདོ་དབུས་མཐོ་སྒང་འདི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་པའི”བླང་བྱ་གལ་ཆེན་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅངས་ནས། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་དང་བློ་གྲོས་གཅིག་ཏུ་བསྡུས་ཏེ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་བཀྲག་མདངས་འཚེར་བའི་མིང་བྱང་བཏོད་པར་མ་ཟད།  མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ལག་ལེན་གལ་ཆེན་སྤེལ་འགོ་བརྩམས་ཡོད། མཚོ་སྔོན་པོ་ནི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཞིག་དང་ཀྲུང་གོའི་སྐམ་སའི་ཚྭ་མཚེའུ་ཆེ་ཤོས་ཤིག་ཡིན་ལ། མིང་དོན་མཚུངས་པའི་མཐོ་སྒང་གི་མུ་ཏིག་དང་མཚོ་སྔོན་གྱི་མིང་བྱང་ལྟ་བུ་ཡིན།   ད་ལོར་རྒྱལ་ཁབ་དང་འབྲེལ་ཡོད་པུའུ་ཨུ་ཡིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ།  མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དཔེ་མཚོན་དང་། འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་དཔེ་མཚོན། ཚན་རིག་ཞིབ་འཇུག་གི་མཐོ་ས། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་དཔེ་སྟོན་རྟེན་གཞི། མི་དང་ས་ཆའི་བར་གྱི་འབྲེལ་བ་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་ནས།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ལག་ལེན་ཞིབ་ཕྲ་དང་སྔོ་ཞིང་དྭངས་བའི་རི་ཆུ་དེ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་ཅིག་ཏུ་འགྱུར་བར་བྱས་ཏེ།  མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་བུ་རབས་ཚ་རྒྱུད་ལ་ཕན་པར་བྱེད་དགོས་ཟེར།

ཨུ་ཡོན་ཀྲང་ཀྲོའུ་ཕེན་གྱིས་བཤད་རྒྱུར། མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་ས་བབ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན། ཕུན་སུམ་ཚོགས་པའི་གཏེར་ཁའི་ཐོན་ཁུངས་བཅས་ཡོད་པས། རང་རྒྱལ་དུ་དམིགས་བསལ་གྱི་གོ་གནས་གལ་ཆེན་བཟུང་ཡོད།  ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར།  སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ།  འགན་འཁྲི་ཆེ་ཤོས་ཏན་ཏིག་གིས་འཁུར་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། “དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར”བར་འགན་སྲུང་ལེགས་པོ་བཅས་བྱས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་དང་།  ཨེ་ཤ་ཡའི་ཆུའི་སྐྱེ་ཁམས་བདེ་འཇགས་དང་གོ་ལ་ཧྲིལ་པོའི་གནམ་གཤིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད།  གོམ་སྟབས་རྗེས་མར་རྩེ་རིམ་ཇུས་འགོད་ཐད་ནས་རྒྱལ་ཁབ་ཀྱི་ཆུ་བགོས་ཇུས་གཞི་བཅོས་སྒྱུར་བྱས་ཏེ། མཚོ་སྔོན་གྱི་ཆུ་འགོའི་ཁུལ་གྱི་ཆུ་བེད་སྤྱོད་བྱེད་པའི་དམིགས་ཚད་ཇེ་མང་དུ་གཏོང་བ། རྨ་ཆུའི་འབབ་རྒྱུད་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ས་ཆུ་ཤོར་བ་དང་། རྒྱལ་ཁོངས་ལྗང་བསྒྱུར་སོགས་ལས་གཞི་གལ་ཆེན་བཅོས་སྐྱོང་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་ནས།  རྒྱལ་ཁབ་ཀྱི《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་རྩ་གནད》ཀྱི་དགོངས་དོན་གཞིར་བཟུང་སྟེ།   མཚོ་སྔོན་རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་ཀྱི་སྐྱེ་ཁམས་ཁ་གསབ་ཚོད་ལྟའི་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པ་དང་།  སྐྱེ་ཁམས་སྲུང་སྐྱོབ་པ་དང་སྐྱེ་ཁམས་ཕན་འབྲས་ཐོབ་མཁན་བར་ལ་མཉམ་འགུལ་བཟང་པོ་ཡོང་བར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲང་གཞག་རང་བཞིན་མངོན་པར་བྱེད་དགོས་ཟེར།

ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར།  ང་ཚོས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“ཞིང་ཆེན་གྱི་དོན་ཆེན”ཡིན་ལ། ལྷག་པར་དུ“རྒྱལ་ཁབ་ཀྱི་དོན་ཆེན”ཡང་ཡིན་པ་བློ་ལ་བརྟན་པོར་ངེས་ནས། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་ལེན་དགོས། ཞིང་ཆེན་གྱིས་ཆེད་དུ་བྱ་སྤྱོད་ཇུས་གཞི་བཟོས་ཏེ།   རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་སྔོན་ལ་བསྐྲུན་དགོས་པ་གསལ་བོར་བཏོན་པ་དེ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་ལ་དམངས་ཚིས་འགན་འཁྲི་ཞིག་ཀྱང་ཡིན་པས།  ལས་འགན་སྣ་ཚོགས་ཏན་ཏིག་གིས་སྐུལ་སྤེལ་བྱེད་བཞིན་ཡོད། རྗེས་ཕྱོགས་ང་ཚོས་ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་དམིགས་ནས།  འདྲ་བཤུས་དང་ཁྱབ་བརྡལ་གཏོང་ཆོག་པའི་ཉམས་མྱོང་སྔར་ལས་མང་པོ་འཚོལ་ཞིབ་བྱེད་པ་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་བྱེད་པ་དམ་འཛིན་བྱས་ཏེ།  འགོ་ཁུངས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།  མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་ངོས་ཀྱི་མཚོ་སྔོན་ཡུལ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པ།  སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།  མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་མང་པོར་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། གོ་རིམ་ལྡན་པའི་ངང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། ཤུགས་ཆེན་པོས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཡོངས་སུ་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ཚུལ་ཁྲིམས་མཐར་ཕྱིན།