ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་པར་བསྒྲུབ་རྒྱུ་དེ་ནི་མཚོ་སྔོན་གྱི་དོན་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་དོན་ཆེན་ཞིག་ཀྱང་ཡིན། དུས་རབས་གསར་པས་བསྩལ་བའི་འགན་འཁྲི་ལས་འགན་དངོས་གནས་ཕྲག་ཏུ་ལེན་པ་ནི་ཏང་ཀྲུང་དབྱང་གི་མངགས་བཅོལ་གལ་ཆེན་དང་དུས་རབས་གསར་པའི་བླང་བྱ། མི་དམངས་མང་ཚོགས་ཀྱི་རེ་ལྟོས་བཅས་ཡིན་པར་མ་ཟད། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཕྲག་ཏུ་འཁུར་བའི་གཟི་བརྗིད་ཀྱི་ལས་འགན་ཡང་ཡིན། འཐབ་ལམ་གསར་པར་ཆས་དུས། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་གཟི་བརྗིད་ཡིད་ལ་དམ་པོར་འཛིན་པ་དང་སྤོབས་པ་ཆེར་སྐྱེད་ཀྱིས་ལས་འགན་ཕྲག་ཏུ་བླངས་ཏེ། དུས་རབས་ཀྱི་འཕར་རྩ་དམ་པོར་གཞོལ་སྐབས་ནུས་པ་མཐོར་འདེགས་ཆེན་པོ་གཏོང་བ་དང། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བཤད་པ། མཚོ་སྔོན་གྱི་གནས་ཚུལ་སྒྲོག་སྤེལ་བཟང་པོ་བཅས་བྱེད་དགོས།
ནུས་པ་མཐོར་འདེགས་ཆེན་པོ་གཏོང་བར་དམིགས་ཏེ། ཆབ་སྲིད་ཀྱི་ནུས་པ་དངོས་གནས་མཐོར་འདེགས་གཏོང་དགོས། ཏང་གིས་དྲིལ་སྒྲོག་དང་སྨྱན་བྱད། འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་བླང་བྱ་དེ་དྲིལ་སྒྲོག་བསམ་བློ་བྱ་བའི་རིམ་པ་རེ་རེ་དང་གོ་རིམ་ཧྲིལ་པོར་འདྲེས་སུ་འཇུག་དགོས། “གཏན་འཁེལ་གཉིས”ཁོང་དུ་ཆུད་པར་བྱེད་པ་དང་། “སྲུང་སྐྱོབ་གཉིས”བློ་ཐག་རྦད་ཆོད་ཀྱིས་སྒྲུབ་ཐུབ་པར་བྱས་ཏེ། ཆབ་སྲིད་ཀྱི་ཤེས་ཚོར་རྣོན་པོ་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་ཕྱོགས། རིན་ཐང་འཚོལ་ཕྱོགས་སོགས་ཁོང་དུ་ཆུད་པ་བྱེད་དགོས། བྱ་འགུལ་ནུས་པ་དངོས་གནས་ཇེ་མཐོར་གཏོང་དགོས། ཆེད་ལས་ཀྱི་རྩལ་ནུས་དཔྱིས་ཕྱིན་པ་ཞིག་རྒྱུད་ལ་འབྱོར་རྒྱུ་ནི་དྲིལ་སྒྲོག་བསམ་བློའི་བྱ་བ་གཉེར་མཁན་ཚད་ལྡན་ཅན་ཞིག་བྱེད་པའི་རྨང་གཞི་རེད། སློབ་སྦྱོང་ལ་བརྩོན་པ་དང་བསམ་བློ་གཏོང་མཁས་པར་འབད་པ་བྱེད་པ་དང་། གཞུང་ལུགས་སྲིད་ཇུས་སློབ་སྦྱོང་དཔྱིས་ཕྱིན་པ་དང་དྲིལ་སྒྲོག་བྱ་འགུལ་ཞིབ་མོ་བློ་ཡིས་སྦྱངས་ཏེ། ཡོན་ཏན་མེད་པ་དང་ནུས་པ་མི་འདང་བའི་འཇིགས་སྣང་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། ལག་ལེན་བྱེད་ཕོད་པ་དང་བདེན་འཛིན་དངོས་གཉེར་ལ་འབད་པ་བྱེད་པ། ཆེད་ལས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བའི་གནད་འགག་དམ་འཛིན་བྱས་ཏེ། ནུས་པ་དང་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། གསར་གཏོད་ཀྱི་ནུས་པ་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། བདེན་སྲུང་གསར་གཏོད་བྱེད་པར་དམིགས་ཏེ། སྤྱི་ཚོགས་འཕེལ་རྒྱས་དང་ཆ་འཕྲིན་སྒྲོག་སྤེལ་བྱེད་པའི་ནང་གནས་ཆོས་ཉིད་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། ཤེས་ཚོར་ནུས་པ་དང་མཐིལ་རྟོགས་ནུས་པ་རྣོན་པོར་བརྟེན་ནས་བྱ་བའི་འཕྲོད་མཐུན་ནུས་པ་དང་ཁྲིད་སྟོན་ནུས་པ་ཇེ་དྲག་ཏུ་གཏོང་དགོས།
ནུས་པ་མཐོར་འདེགས་ཆེན་པོ་གཏོང་བར་དམིགས་ཏེ། འཐབ་ཇུས་ཀྱི་བསམ་གཞིག་ཇེ་དྲག་ཏུ་གཏོང་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”དང“ཞིང་ཆེན་གྱི་དོན་ཆེན”སེམས་སུ་ཉར་ཞིང་། “ཤེས་ཡོན”སྟེང་ཤུགས་འདོན་པ་དང“ལག་ལེན”སྟེང་ཕན་འབྲས་མངོན་པར་བྱེད་དགོས་ལ། ལྟེ་བའི་སྤྱི་ཡོངས་ལ་དམིགས་པ་དང་ཞིང་ཆེན་གྱི་གནས་ཚུལ་ལ་དངོས་གནས་དམ་པོར་གཞོལ་བ། “དུས་རབས་ཀྱི་འཕེལ་ཕྱོགས་ལ་གཞིགས་པ་དང་། སྤྱི་ཡོངས་ལ་དམིགས་པ། དངོས་འབེབས་ནན་འཛིན་བྱེད་པ”ཡི་ཆེད་དམིགས་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ་བ། བསམ་བློ་རྒྱ་སྐྱེད་པ་དང་བདེན་སྲུང་གསར་གཏོད། “གཅིག་གྱུར”དང“ཁག་བགོས།”ལས་སྒྲུབ་དང་ལེགས་འགྲུབ་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རང་སྡེ་ཁག་དང་རང་ལས་ཁུངས་ཀྱིས་འཁུར་དགོས་པའི་འགན་འཁྲི་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་བཅས་རིག་ལམ་གསར་པ་དང་བྱེད་ཐབས་གསར་པས་དྲིལ་སྒྲོག་བསམ་བློའི་བྱ་བ་སྐས་རིམ་གསར་པར་འཕར་དུ་འཇུག་དགོས། དཀའ་ངལ་སེལ་བར་འབད་བརྩོན་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱེད་པ་བཅས་ཀྱི་གནད་འགག་བྱ་བར་དམིགས་ཏེ། ལམ་ལུགས་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལས་གཞི་མཁྲེགས་གཏོར་ཚན་ཆུང་འཛུགས་པ། དགེ་མཚན་ལྡན་པའི་ཐོན་ཁུངས་གཅིག་བསྡུ་བྱེད་པ། ཤུགས་ཆེན་པོས་མཁྲེགས་གཏོར་དཀའ་གནད་སེལ་བ། གྲུབ་འབྲས་མང་དུ་ལེན་པ་བཅས་བྱས་ཏེ། གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་དེ་ནུས་པ་ཇེ་མཐོར་གཏོང་བའི་བརྒྱུད་རིམ་དུ་བསྒྱུར་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་དམིགས་ཏེ། བདེ་འཇགས་གསལ་འདེབས་སློབ་གསོར་ཤུགས་སྣོན་པ་དང་། རང་ས་ཁུལ་དང་རང་ཁྱབ་ཁོངས་སུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སེལ་ནས་ཞིབ་བཤེར་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་རེའུ་མིག་ཏུ་འགོད་པ་དང་། འགོག་བཅོས་དང་ཚོད་འཛིན་གྱི་ཇུས་གཞི་འགོད་པ། བྲེལ་བསྟུན་ཐག་གཅོད་ཀྱི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་ཚོད་འཛིན་བྱེད་པའི་ཤན་འབྱེད་ནུས་པ་དང་ཚོད་འཛིན་ནུས་པ་ཇེ་ཆེར་བཏང་སྟེ། ཆུ་མ་ཡོང་གོང་ལ་རགས་རྒྱག་དགོས། སྐོར་གཟིགས་སྐོར་ཞིབ་སོགས་ཀྱི་བྱ་བར་ཟུང་འབྲེལ་བྱེད་པ་དང་། འགན་འཁྲི་གསལ་པོ་དང་ལག་བསྟར་འགན་འཁྲི། ལྟ་སྐུལ་འགན་འཁྲི། དཔྱད་ཞིབ་འགན་འཁྲི། འདྲི་རྩད་འགན་འཁྲི་བཅས་ཀྱི“སྦྲེལ་ཐག”འཐུས་ཚང་དུ་གཏོང་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་ལས་འགན་དམ་འཛིན་དངོས་འཛིན་བྱེད་པ་བཅས་བྱས་ནས། འདུ་ཤེས་འཛིན་སྟངས་ཐད་ཀྱི་བདེ་འཇགས་ཚད་མཐའ་བློ་ཐག་རྦད་ཆོད་ཀྱིས་ལེགས་པོར་སྲུང་དགོས།
དཔའ་སྤོབས་ཆེན་པོས་སྐྱོད་ལམ་གསར་བར་ཞུགས།དུས་རབས་གསར་པར་བྱས་རྗེས་ཆེན་པོ་བསྐྲུན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་བླ་ན་མེད་པའི་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་ལག་བསྟར་བྱེད་པ་དང་། འཐབ་འཛིང་གི་རྣམ་པ་དང་འཐབ་མོ་བའི་ཐེག་ཁུར་གྱིས་དཔའ་ངར་ཆེར་སྐྱེད་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བར་རྣམ་པ་གསར་པ་སྐྲུན་ཅི་ཐུབ་བྱེད་དགོས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།