《བདེན་འཚོལ》དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ།《“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ནུས་པར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ།
2022.04.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

ཟླ4པའི་ཚེས1ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་སྟེང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི《“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ནུས་པར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ། ཞིང་ལས་དང་ཞིང་སྡེ་མགྱོགས་མྱུར་སྒོས་དེང་རབས་ཅན་དུ་བསྒྱུར་བ་བཅས་ནི། ཏང་ཡོངས་ཀྱིས་ཚད་མཐོན་པོས་མཐོང་ཆེན་བྱེད་དགོས་པའི་ཆེ་ཕྱོགས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར“ཞིང་གསུམ”བྱ་བའི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། “ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ནུས་པར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ལ། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བ་དང་། གྲོང་གསེབ་ཏུ་སྡོད་པ་དང་ལས་རིགས་གཉེར་བར་འཚམ་པ། ཞིང་པ་འབྱོར་ཕྱུག་ལྡན་པར་འགྱུར་བ་བཅས་ལ་སྐུལ་སྤེལ་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། བདེན་འཛིན་དངོས་སྒྲུབ་ཀྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་བལྟས་ན། མི་རིགས་བསྐྱར་དར་ཡོང་དགོས་ན། གྲོང་གསེབ་ངེས་པར་དུ་དར་སྤེལ་བྱེད་དགོས། “ཞིང་གསུམ”གནད་དོན་ལ་གོ་བ་ཟབ་མོ་བླངས་པའི་ཚེ་ན། ད་གཟོད་ང་ཚོའི་ཏང་འདི་དང་རྒྱལ་ཁབ་འདི། མི་རིགས་འདི་ལ་ཤེས་རྟོགས་ལེགས་པོ་བྱེད་ཐུབ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན། ཆེས་དཀའ་ཞིང་ཆེས་ལྕི་བའི་འགན་འཁུར་སྔར་བཞིན་ཞིང་སྡེ་རུ་ཡོད་ལ། ཆེས་ཁྱབ་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་རྨང་གཞིའང་སྔར་བཞིན་ཞིང་སྡེ་རུ་ཡོད། འཛམ་གླིང་གི་ལོ་ངོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོར་བལྟས་ཡོང་ན། ཞིང་ལས་ཀྱི་རྨང་གཞིའི་རྩིས་གཞོང་བརྟན་པར་བྱེད་པ་དང“ཞིང་གསུམ”རྨང་གཞི་ལེགས་པོར་སྲུང་བ་ནི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་མགོ་གསར་པ་རྩོམ་པའི“གྲུ་གནོན་རྡོ”ལྟ་བུ་རེད། “ཞིང་གསུམ”ཇེ་ལེགས་སུ་འགྲོ་དགོས་ན། སྤྱི་ཡོངས་ཀྱིས་རང་རྟོགས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ་ནི“ཞིང་གསུམ”བྱ་བའི་གཙོ་གནད་ཀྱི་ལོ་རྒྱུས་རང་བཞིན་གྱི་སྤོ་བསྒྱུར་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་སྒོས་སྦྲེལ་མཐུད་ལེགས་པོ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འོས་འགན་ལེགས་འགྲུབ་བྱུང་རྗེས། དབུལ་ཕོངས་ལས་ཐར་བའི་རྫོང་ལ། དབུལ་ཐར་བྱུང་བའི་ཉིན་མོ་ནས་བཟུང་ལོ་ལྔའི་རིང་གི་བར་བརྒལ་དུས་སྐབས་འཛུགས་དགོས། བར་བརྒལ་དུས་སྐབས་སུ་གཙོ་བོ་དབུལ་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་སྲུང་འཛིན་བྱེད་དགོས།

རྩོམ་ཡིག་ནང་སྟན་དོན། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས། འབྲུ་རིགས་མང་ཉུང་གང་ཡིན་ཡང་དེ་ནི་འཐབ་རྩལ་གྱི་གནད་དོན་ཡིན་ལ། འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་གནད་དོན་རེད། འབྲུ་རིགས་ཐོན་སྐྱེད་ལོ་རེ་བཞིན་དམ་འཛིན་བྱེད་དགོས་ཏེ། རྒྱ་ཁྱོན་དང་ཐོན་ཚད་མར་ལྷུང་མི་རུང་ཞིང་། མཁོ་འདོན་དང་ཁྲོམ་རར་གནད་དོན་འབྱུང་མི་རུང་། ཞིང་འདེབས་པ་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་གི་རྩ་བ་ཡིན་པས། མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་རྨོ་ཞིང་གི་དམར་ཐིག་འགོག་སྲུང་ནན་མོ་བྱེད་དགོས་ལ། “སོ་སྐྱེ་བ”ཡི་བྱེད་ཐབས་མཁྲེགས་པོ་བཀོལ་ཏེ། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱེད་དགོས། ཞིང་ལས་ཚན་རྩལ་རང་སྟོབས་རང་སྤེལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཀྱི་གནད་འགག་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་དགོས། ཞིང་པས་འབྲུ་རིགས་འདེབས་པའི་སྤྲོ་སེམས་རང་བཞིན་ལ་སྐུལ་སྤེལ་བྱེད་ན། གནད་འགག་ནི་ཞིང་པ་རྣམས་ལ་འབྲུ་རིགས་བཏབ་ན་སྒོར་མོ་བཙལ་རྒྱུ་ཡོད་པར་འཇུག་རྒྱུ་དེ་རེད། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཐེག་དགོས་ལ། འབྲུ་རིགས་བདེ་འཇགས་ལ་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཡིན་པ་ལག་བསྟར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས་ཏེ་ཕན་འབྲས་ཐོབ་པར་བྱེད་དགོས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཟབ་ཚད་དང་ཡངས་ཚད། དཀའ་ཚད་ཚང་མ་དབུལ་ཐར་མཁྲེགས་གཏོར་ལས་མི་དམའ་ན། ངེས་པར་དུ་རྩེ་རིམ་ཇུས་འགོད་ལ་ཤུགས་རྒྱག་དགོས་ཏེ། སྔར་ལས་ནུས་བ་ལྡན་པའི་བྱེད་ཐབས་དང་སྔར་ལས་ཆེ་བའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་སྐུལ་སྤེལ་བྱེད་དགོས། དང་པོ། གྲོང་གསེབ་ཐོན་ལས་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་དགོས། གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། གསུམ་པ། ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། བཞི་པ། ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ལྔ་པ། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་དགོས། དྲུག་པ། མཁར་གྲོང་དང་གྲོང་གསེབ་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས། བདུན་པ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཏང་གིས“ཞིང་གསུམ”བྱ་བའི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་དངོས་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པར་ཤུགས་སྣོན་དགོས། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་སྣ་ཚོགས་ནི། མཐར་མར་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ལ་བརྟེན་ནས་དངོས་འབེབས་བྱེད་དགོས། གྲོང་གསེབ་དར་སྤེལ་བྱེད་ན་གནད་འགག་ནི་མིའི་སྟེང་ན་ཡོད་པ་དང་། གནད་འགག་ནི་བྱ་བ་བཟང་པོར་སྒྲུབ་པའི་སྟེང་ཡོད། ངེས་པར་དུ་ཆབ་སྲིད་ཀྱི་རྨང་མཐུག་ཅིང་འཇོན་ནུས་ཆེར་ལྡན་པ། སྤྱོད་ཚུལ་ལེགས་པའི་གྲོང་གསེབ་དར་སྤེལ་གྱི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་དགོས། རྒྱ་ཆེའི་ཞིང་བ་མང་ཚོགས་ལ་བརྟེན་པ་དང་། ཞིང་པར་སློབ་གསོ་དང་སྣེ་ཁྲིད། ཞིང་པར་རྩ་འཛུགས་དང་སྐུལ་ཁྲིད་བྱེད་དགོས་ན། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱེད་དགོས་པ་དང་། གྲོང་གསེབ་དར་སྤེལ་ནང་དངོས་སུ་ཞུགས་ཏེ། མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།