མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་གིས་མངོན་འགྱུར་བཞི་ཡིས་རྩ་འཛུགས་བྱ་བའི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2022.04.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཐུན་ཏེ་རྫོང་ཡོངས་ཀྱི་ཏང་འཛུགས་སྐྲུན་དང་རྩ་འཛུགས་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བསུས་ནས་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་དམ་པོར་དམིགས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་ཀྱི་རྩ་འཛུགས་པུའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་དང་གཞི་རིམ་ལ་རྨང་གཞི་འདིང་བ། དཔུང་སྡེ་འཛུགས་སྐྲུན། འཇོན་མི་བསྡུ་བ་བཅས་ཀྱིས་ལས་ཆོད་དང་། ཕན་ནུས། ཕན་འབྲས་བཅས་ཆེ་རུ་གཏོང་བ་བཅས་བྱས་ནས།  རྫོང་ཡོངས་ཀྱི་རྩ་འཛུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

གཞི་རིམ་ཏང་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།    རྫོང་ཡོངས་ཀྱི་རིམ་པ་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་དང་རོང་འབྲོག་ཏང་ཡོན་གྱི་དགུན་དཔྱིད་གསོ་སྦྱོང་གི་བྱེད་སྒོ་གོ་སྐབས་སུ་བཟུང་ནས། སྒྲོག་འགྲེལ་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གསོ་སྦྱོང་མ་ལག་འཐུས་ཚང་ཏུ་གཏོང་བ།  བྱེད་སྒོའི་གཞི་རྟེན་གསར་བསྐྲུན་བཅས་བྱས་ཏེ།  རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་ལ་དྲག་ཆས་སྤྲས་ཏེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཁྱོན་ཡོངས་ནས་རོང་འབྲོག་པའི་ཏང་ཡོན་གྱི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་བྱེད་པ། ཏང་ཡོན་དཔུང་སྡེའི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་རིམ་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས།  རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཕེལ་རྒྱས་འགྲོ་བར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་མཁོ་འདོན་བྱས་ཡོད།

ཏང་འཛུགས་སྐྲུན་གྱི་ལས་དོན་སྤེལ་སྟངས་དང་བྱེད་ཐབས་འཚོལ་ཞིབ་ལེགས་པོ་བྱས་ནས། ཏང་འཛུགས་སྐྲུན་གྱི་སྤུས་རྟགས་གསར་གཏོད་བྱས་ཏེ་དཔེ་སྟོན་དམ་འཛིན་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བྱ་བའི་བསམ་ཕྱོགས་ཀྱིས་སྔ་རྗེས་སུ་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། མང་ཚོགས་ཀྱི་རྨང་གཞི་ཁྱབ་ཆེ་བ། འབོད་སྐུལ་གྱི་ཤུགས་ཚད་དྲག་པ་བཅས་ཀྱི་ཏང་འཛུགས་སྐྲུན་གྱི་ཞབས་ཞུའི་སྤུས་རྟགས་ཁག་ཅིག་བསྐྲུན་ཏེ། རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

ལས་བྱེད་པའི་དཔུང་སྡེ་དོ་དམ་ནན་མོ་དང་ཚད་ལྡན་དུ་བཏང་ནས་རིམ་པ་ཇེ་མཐོར་གཏོང་བ་མངོན་འགྱུར་བྱས། ལས་བྱེད་པའི་དོ་དམ་དཀའ་གནད་ལ་དམིགས་ནས་མི་སྣ་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་ལག་བསྟར་བྱས་ཏེ། 《ཐུན་ཏེ་རྫོང་གི་ལས་བྱེད་པ་བརྗེ་རེས་དོ་དམ་བྱེད་ཐབས》བཟོས་ནས།  ལས་བྱེད་པ་བརྗེ་རེས་ཀྱི་ལོ་ཚད་དང་ཆ་རྐྱེན་ཐད་གཏན་འབེབས་གསལ་བོ་བྱས་བ་དང་།  ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དཀའ་བ་དང་ཤེས་ལྡན་མི་སྣ་ཉར་དཀའ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱས།   ལས་དོན་མི་སྣ་དང་གཞུང་ཞབས་པའི་ལས་གནས་དོ་དམ་ཁྱོན་ཡོངས་ནས་ལེགས་སྒྲིག་དང་དོ་དམ་ཚད་ལྡན་ཡོང་བར་བྱས་པ་དང་ཆབས་ཅིག ཁོའོ་རིམ་པའི་ལས་བྱེད་པའི་དམིགས་བྱའི་འོས་མི་ཡོངས་ཁྱབ་ཏུ་འོས་སྦྱོར་བྱེད་པའི་ལམ་ལུགས་འཚོལ་ཞིབ་གསར་འཛུགས་དང་། ལས་བྱེད་པའི་དོ་དམ་ལྟ་སྐུལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ལས་བྱེད་པའི་དྲན་འཆར་དང་།  དམངས་གཙོས་འོས་སྦྱོར།  གོ་གནས་མ་འཁུར་གོང་གི་རྟོག་ཞིབ། བརྒྱུད་རིམ་ཧྲིལ་པོའི་གནས་ཚུལ་ངོ་མ་ཐོ་འགོད་སོགས་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ།  ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་བྱེད་པའི་འགག་སྒོ་བཞི་དམ་འཛིན་བྱེད་པ། ལས་བྱེད་པ་འདེམ་བསྐོའི་བྱ་བ་ཚད་ལྡན་ཅན་དང་གནད་འཁེལ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

གྲོང་གསེབ་དར་སྤེལ་གྱི་འཇོན་མིའི་འདེགས་སྐྱོར་ལ་ཤུགས་སྣོན་བྱས་ནས་རིག་ནུས་གཅིག་སྒྲིལ་གྱིས་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་གཞི་སྤེལ་ཏེ། རྒྱུན་ཆད་མེད་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཇེ་དྲག་ཏུ་བཏང་།  ཐོག་མཐའ་བར་གསུམ་དུ་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ནང་དུ་འདྲེན་པ་དང་ཕྱི་རུ་སྐྱོད་པ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ལག་བསྟར་དང་།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བཟང་བོ་བྱས་ནས།  “རིག་འདུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ·མཚོ་སྔོན་གསར་བ་མཉམ་དུ་བསྐྲུན”ཞེས་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་ངོ་འཕྲད་གྲོས་མོལ་ཚོགས་འདུ་གོ་སྐབས་སུ་བཟུང་ནས་འཕྲོད་བསྟེན་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣའི་དཔུང་སྡེ་རྒྱུན་མཐུད་ངང་ནང་འདྲེན་བྱས་ཏེ། རྫོང་ཡོངས་ཀྱི་སློབ་གསོ་འཕྲོད་བསྟེན་སོགས་ཆེད་ལས་ཤེས་ལྡན་མི་སྣར་གསོན་ཤུགས་གསར་བ་བསྐྲུན་ཡོད། འབྲེལ་ཡོད་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་ཅང་སུའུ་རུ་སློབ་སྦྱོང་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། གཞི་རིམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་དང་། དཀའ་གནད་སེལ་བ་བཅས་བྱས་ཡོད།  རྫོང་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྟོབས་དང་ལྡན་པའི་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་ཆབས་ཅིག  ཡུལ་དེའི་ལག་ཤེས་མི་སྣ་གསོ་སྐྱོང་གི་མ་འོངས་པའི་འཕེལ་རྒྱས་འཆར་གཞི་བཟོས་ནས་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། གྲོང་གསེབ་ཀྱི་ལག་ཤེས་བཟོ་བའི་དཔྱད་བསྡུར་དང་། སློབ་ཁྲིད་རྩལ་ནུས་ཀྱི་འགྲན་བསྡུར། དམངས་ཁྲོད་སྒྱུ་རྩལ་པ་སོགས་གསར་གཏོད་ལས་སྐྲུན་གྱི་འགྲན་བསྡུར་ཆེན་པོ་དང་རྩལ་ནུས་ཀྱི་འགྲན་བསྡུར་སྣ་ཚོགས་བསྒྲུབ་ནས།  ཡུལ་དེའི་ཤེས་ལྡན་མི་སྣ་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་ཤུགས་དམག་ཏུ་འགྱུར་བ་དང་རོང་འབྲོག་མང་ཚོགས་སྔར་ལས་མང་བ་དངོས་སྤྱོད་ཤེས་ལྡན་མི་སྣར་འགྱུར་བར་དཔེ་སྟོན་སྣེ་ཁྲིད་བྱས་ཡོད་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།