ཞི་ཅིན་ཕིང་གིས་ན་གཞོན་མཁའ་འགྲུལ་པ་རྣམས་ལ་སྐུལ་ལྕག་གནང་།
2022.05.05 ཁུངས། ཀློག་གྲངས། 19

“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་མཁའ་འགྲུལ་སྙིང་སྟོབས་དར་སྤེལ་བཏང་སྟེ། མཁའ་འགྲུལ་ཚན་རྩལ་ཐད་ཆུ་ཚད་མཐོ་ཞིང་རང་སྟོབས་རང་སྤེལ་གྱི་བྱས་རྗེས་གསར་པ་འཇོག་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོ་མཁའ་འགྲུལ་ཚན་རྩལ་ཚོགས་སྒྲིལ་བར་སྟོང་ས་ཚིགས་ཀྱི་ན་གཞོན་བཟོ་སྐྲུན་ཚོགས་པར་སྤྲིངས་པའི་འཕྲིན་ལན།

ཀྲུང་གོ་མཁའ་འགྲུལ་ཚན་རྩལ་ཚོགས་སྒྲིལ་བར་སྟོང་ས་ཚིགས་ཀྱི་ན་གཞོན་བཟོ་སྐྲུན་ཚོགས་པའི་བློ་མཐུན་རྣམ་པ།

ཁྱེད་ཚོ་བདེ་མོ་ཡིན་ནམ། འཕྲིན་ཡིག་བཀླགས་རྗེས། ངས་ལོ་ངོ་དགུ་ཡི་སྔོན་ལ་གནས་དེ་རུ་ན་གཞོན་ཚན་རིག་ཞིབ་འཇུག་པ་རྣམས་དང་གླེང་མོལ་བྱས་པའི་རྣམ་པ་དེ་དྲན་བྱུང་། ལོ་ངོ9ཡི་རིང་ལ། ནམ་མཁའི་ཕོ་བྲང་ནས་བྱང་སྐར་དང་ཟླ་བའི་ལྷ་མོ་ནས་ཐེན་ཧའོ། ཐེན་ཝུན། ཞི་ཧའོ་སོགས། ཀྲུང་གོ་མཁའ་འགྲུལ་གྱིས་རྒྱུན་ཆད་མེད་པར་ལོ་རྒྱུས་གསར་པ་རེ་རེ་བཞིན་སྐྲུན་ཞིང་། མཁའ་འགྲུལ་ན་གཞོན་སྐོར་ཞིག་གིས་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ཀྱི་འབད་བརྩོན་ཧུར་ཐག་བྱེད་པའི་བསམ་བློའི་སྙིང་སྟོབས་མངོན་ཅི་ཐུབ་བྱས་ཡོད།

མཁའ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ན་མི་རབས་རེ་རེའི་རྒྱུན་མཐུད་འབད་བརྩོན་ལ་བརྟེན་དགོས། རེ་བ་ཡིན་ན་ན་གཞོན་མཁའ་འགྲུལ་པ་རྣམས་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་མཁའ་འགྲུལ་སྙིང་སྟོབས་དར་སྤེལ་བཏང་ནས། གསར་སྐྲུན་ཐོལ་བརྒལ་བྱེད་ཕོད་ཅིང་། མཁའ་དབྱིངས་ཀྱི་ཕུགས་མདུན་འཚོལ་བའི་ལམ་ནས་མིག་དབང་འཕྲོག་པའི་ལང་ཚོའི་འོད་མདངས་མངོན་པ་དང་། རང་རྒྱལ་གྱི་མཁའ་འགྲུལ་ཚན་རྩལ་ཐད་ཆུ་ཚད་མཐོ་ཞིང་རང་སྟོབས་རང་སྤེལ་གྱིས་བྱས་རྗེས་གསར་པ་འཇོག་དགོས།

ལྔ་བཞི་ན་གཞོན་དུས་ཆེན་གྱི་སྐབས་འདིར། ངས་ཁྱེད་ཚོ་དང་མཁའ་འགྲུལ་འཐབ་ཕྱོགས་ཀྱི་ན་གཞོན་བློ་མཐུན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་ཡིན།

ཞི་ཅིན་ཕིང་།

2022ལོའི་ཟླ5པའི་ཚེས2ཉིན།

ལྔ་བཞི་ན་གཞོན་དུས་ཆེན་གྱི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས2ཉིན། ཀྲུང་གོ་མཁའ་འགྲུལ་ཚན་རྩལ་ཚོགས་སྒྲིལ་བར་སྟོང་ས་ཚིགས་ཀྱི་ན་གཞོན་བཟོ་སྐྲུན་རུ་ཁག་ལ་འཕྲིན་ལན་སྤྲིངས་ཏེ། མཁའ་འགྲུལ་འཐབ་ཕྱོགས་ཀྱི་ན་གཞོན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་ཚོར་ཧུར་བརྩོན་གྱི་རེ་བ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། འཕྲིན་ཡིག་བཀླགས་རྗེས། ངས་ལོ་ངོ་དགུ་ཡི་སྔོན་ལ་གནས་དེ་རུ་ན་གཞོན་ཚན་རིག་ཞིབ་འཇུག་པ་རྣམས་དང་གླེང་མོལ་བྱས་པའི་རྣམ་པ་དེ་དྲན་བྱུང་། ལོ་ངོ9ཡི་རིང་ལ། ནམ་མཁའི་ཕོ་བྲང་ནས་བྱང་སྐར་དང་ཟླ་བའི་ལྷ་མོ་ནས་ཐེན་ཧའོ། ཐེན་ཝུན། ཞི་ཧའོ་སོགས་ཀྲུང་གོ་མཁའ་འགྲུལ་གྱིས་རྒྱུན་ཆད་མེད་པར་ལོ་རྒྱུས་གསར་པ་རེ་རེ་བཞིན་སྐྲུན་ཞིང་། མཁའ་འགྲུལ་ན་གཞོན་སྐོར་ཞིག་གིས་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོ་ན་གཞོན་རྣམས་ཀྱི་འབད་བརྩོན་ཧུར་ཐག་བྱེད་པའི་བསམ་བློའི་སྙིང་སྟོབས་མངོན་ཅི་ཐུབ་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཁའ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ན་མི་རབས་རེ་རེའི་རྒྱུན་མཐུད་འབད་བརྩོན་ལ་བརྟེན་དགོས། རེ་བ་ཡིན་ན་ན་གཞོན་མཁའ་འགྲུལ་པ་རྣམས་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་མཁའ་འགྲུལ་སྙིང་སྟོབས་དར་སྤེལ་བཏང་ནས། གསར་སྐྲུན་ཐོལ་བརྒལ་བྱེད་ཕོད་ཅིང་། མཁའ་དབྱིངས་ཀྱི་ཕུགས་མདུན་འཚོལ་བའི་ལམ་ནས་མིག་དབང་འཕྲོག་པའི་ལང་ཚོའི་འོད་མདངས་མངོན་པ་དང་། རང་རྒྱལ་གྱི་མཁའ་འགྲུལ་ཚན་རྩལ་ཐད་ཆུ་ཚད་མཐོ་ཞིང་རང་སྟོབས་རང་སྤེལ་གྱི་བྱས་རྗེས་གསར་པ་འཇོག་དགོས།

2013ལོའི་ཟླ5པའི་ཚེས4ཉིན། ཞི་ཅིན་ཕིང་ཀྲུང་གོ་མཁའ་འགྲུལ་ཚོགས་སྒྲིལ་ཀུང་སི་བར་སྟོང་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ནས། “ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ཏེ། ལང་ཚོའི་འགན་འཁྲི་ཕྲག་ཏུ་ལེན་དགོས”ཞེས་པ་བརྗོད་དོན་ཡིན་པའི་ཚོགས་པའི་ཉིན་མོའི་བྱ་འགུལ་ལ་ཞུགས་ཤིང་། ལས་རིགས་ཁག་གི་ཕུལ་བྱུང་ན་གཞོན་འཐུས་མི་རྣམས་དང་གླེང་མོལ་མཛད། ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པ་བཙུགས་ནས་ལོ་ངོ100འཁོར་ལ་ཉེ་བའི་སྐབས་འདིར། ཀྲུང་གོ་མཁའ་འགྲུལ་ཚན་རྩལ་ཚོགས་སྒྲིལ་བར་སྟོང་ས་ཚིགས་ཀྱི་ན་གཞོན་བཟོ་སྐྲུན་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཚོགས་སྒྲིལ་དེའི་ན་གཞོན་ཁྲི་བརྒྱད་ཀྱི་ཚབ་བྱས་ཏེ་ལོ་ངོ9ཡི་རིང་ལ་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ནས། མཁའ་འགྲུལ་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། མཁའ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ལག་གདང་སྦྲེལ་ཏེ་འབད་བརྩོན་བྱེད་རྒྱུ་ཡིན་པའི་ཆོད་སེམས་བརྟན་པོ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།