​ང་ཏང་ཡོན་ཡིན་པས། ང་སྔོན་ལ་སླེབས་དགོས།
2022.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཅང་ཁྲུན་ཧོས་ཡིས་སྡོད་དམངས་ཀྱི་ཨང་རིས་གཉིས་ལ་ཞིབ་བཤེར་བྱེད་བཞིན་པ།

ཡུས་ཆོན་ཆོན་གྱིས་སྡེ་ཁུལ་ནས་དུག་སེལ་བྱེད་བཞིན་པ།

ཀྲིན་ཁྲོང་དང་བླངས་ཞབས་ཞུ་བྱ་བའི་ཁྲོད་ཞུགས་པ།

འགན་འཁྲི་ཞིག་ལ་ཆེས་མདུན་སར་མཆོངས་པ་ཟེར་བ་དང་། འགན་ཁུར་ཞིག་ལ་ཡོད་ཚད་འབུལ་བ་ཟེར་ཞིང་། ལས་འགན་ཞིག་ལ་བདེན་དོན་གྱི་ཆེད་དུ་ཕྱིར་བཀོལ་མི་བྱེད་པ་ཟེར་ཞིང་། སྟོབས་ཤུགས་ཤིག་ལ་ང་ནི་ཏང་ཡོན་ཡིན་པས། ང་སྔོན་ལ་སླེབས་དགོས་ཟེར། ཟླ་ལྔ་བའི་ཚེས་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དུ་འཇགས་རྣམ་དོ་དམ་བྱེད་པ་དང་ཉིང་སྐྱུར་བརྟག་དཔྱད་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་རིམས་ནད་འགོག་སྲུང་མི་སྣའི་གནོན་ཤུགས་ཇེ་ཡང་དུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་། མཁར་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཁར་ནུབ་ཁུལ་གྱི་ཁྱིམ་དུ་བསྡད་ཡོད་པའི་ཞིང་ཆེན་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་། ཁེ་ལས། ལས་དོན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པར་གྲོས་འགོ་བཏོན་སྟེ། རང་འགུལ་གྱི་ངང་ནས་སྡོད་ཁུལ་གྱི་ཏང་རྩ་འཛུགས་ལ་མིང་ཐོ་འགོད་པ་དང་། སྡོད་ཁུལ་ཏང་རྩ་འཛུགས་ཀྱིས་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བར་རོགས་འདེགས་བྱེད་པ། རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོ་རུ་ཐོབ་ཐང་གསལ་བར་བྱེད་པ། སྔོན་ལ་བསྐྱོད་པ་དང་། དཔེ་སྟོན་བྱེད་དགོས་པར་བཤད།

གྲོས་འདོན་ཡི་གེ་དེ་མྱུར་དུ་བརྒྱུད་སྒྲོག་བྱས་པ་དང་། ཏང་ཡོན་སུམ་སྟོང་ལྷག་དཀའ་ཁག་གི་མདུན་དུ་ཡར་ལངས་ནས་མྱུར་མོར་མིང་ཐོ་བཀོད་ཅིང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས། ཁོ་ཚོ་ཆར་རླུང་གང་གིས་ཀྱང་བཀག་འགོག་བྱེད་མ་ཐུབ་པར་མགྱོགས་པོར་ལས་རྐང་དུ་ཐོན་པ་དང་། ཁོ་ཚོ་དང་བླངས་ཞབས་ཞུའི་ཁྲོད་ཞུགས་ནས་སེམས་ལ་འབབ་པའི་བྱ་བ་སྒྲུབ།  ཁོ་ཚོའི་གཟུགས་བརྙན་མཐོང་བ་ན་རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་སེམས་བདེ་ལ་བབས་ཡོད།

ཁས་ལེན་ཞིག་ལ་ང་ཏང་ཡོན་ཡིན་པས་ངས་སྔོན་ལ་མིང་ཐོ་འགོད་དགོས་ཟེར།

ཆར་རླུང་གི་ཁྲོད་དུ་ང་ཁྱོད་དང་མཉམ་དུ་ཡོད། ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཆར་བ་སམ་སིམ་འབབ་བཞིན་ཡོད་པ་དང་། ཧའེ་ཧུའུ་སྡོད་ཁུལ་གསར་བའི་ཡུས་ལིན་ཅཱ་ཡོན་སྡེ་ཁུལ་གྱི་ནུབ་སྒོའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ། ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་ཡི་ལས་བྱེད་པའམ་མཁར་ནུབ་ཁུལ་གྱི་དང་བླངས་པ་ཅང་ཁྲུན་ཧོས་ཡིས་སྒྲ་སྐྱེད་ཆས་ལག་ཏུ་ཐོགས་ནས་ཕྱོགས་གཅིག་ནས་སྡོད་དམངས་ལ་གསལ་འདེབས་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་འཛིན་བྱེད་པར་རོགས་རམ་བྱེད་བཞིན་འདུག ཁོས“ཚང་མས་ཨང་རིས་གཉིས་བཤེར་ཏེ། རང་ཉིད་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་པར་ཁག་ཐེག་བྱེད་དགོས”ཞེས་ཟེར་བཞིན་འདུག

ཟླ་ལྔ་བའི་ཚེས་བདུན་ཉིན་གྱི་དགོང་མོར། ཐའོ་ལིས་ལམ་སྡོད་ཁུལ་གྱི་ལས་འཁུར་ཏང་ཡོན་སྐད་འཕྲིན་ཚོགས་པའི་ནང་གྲོས་འདོན་ཡི་གེ་མཐོང་རྗེས། ཅང་ཁྲུན་ཧོས་ཡིས་རང་འགུལ་གྱིས་སྡོད་ཁུལ་ལ་མིང་ཐོ་བཀོད། ཅང་ཁྲུན་ཧོས་ཡིས་བཤད་རྒྱུར། ཏང་ནང་དུ་ཞུགས་པའི་དམ་ཚིག་ནི་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུ་དེ་ཡིན། ཐོག་མའི་སེམས་འདུན་གཙོ་བོ་ཡིན་པ་དང་། དམ་ཚིག་ད་དུང་རྣ་ལམ་དུ་གསལ་བོར་འཆར་བཞིན་ཡོད། ང་ནི་ཏང་ཡོན་ཞིག་ཡིན་པས། ངེས་པར་དུ་སྔོན་ལ་མཆོངས་དགོས་ཟེར།

ཏིང་ཏིང་ཏིང་ཞེས་པའི་སྒྲ་གྲགས་པ་དང་བསྟུན་ནས་ཉིན་དེའི་དགོང་མོའི་དུས་ཚོད་བདུན་པར་སླེབས་བྱུང་། ཞིན་ཧྲིན་སྲང་ལམ་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཉིག་ཆེན་ཅིན་གྱི་ཁ་པར་གྱི་སྒྲ་བར་མཚམས་མེད་པར་གྲགས་བཞིན་འདུག ཏག་ཏག་ཁོངས་གཏོགས་ཁུལ་གྱི་ཐོག་ཁང་ར་སྐོར་ནས་ཕྱིར་སྡོད་ཁུལ་དུ་སླེབས་པའི་ཁོ་མོས་ཁ་པར་ལག་ཏུ་བླངས་ནས་ལྟོས་པ་ན། ཞིན་ཧྲིན་སྲང་ལམ་སྡོད་ཁུལ་གྱི་ལས་འཁུར་ཏང་ཡོན་སྐད་འཕྲིན་ཚོགས་པའི་ནང་དུ་བརྡ་འཕྲིན་མང་པོ་ཞིག་བསྐུར་ཡོད་པ་དང་། བརྡ་འཕྲིན་ཚང་མའི་ནང་དུ་སྐད་ཆ་རིགས་འདྲ་ཏག་ཏག་བཤད་ཡོད་པ་ནི། དགེ་རྒན་ཁྱེད་བདེ་མོ་ཡིན་ནམ། ང་ནི་སྡོད་ཁུལ་རང་གི་ལས་འཁུར་ཏང་ཡོན་ཞིག་ཡིན་པ་དང་། ད་ལྟ་སྡོད་ཁུལ་ལ་རིམས་འགོག་ལས་འགན་སྒྲུབ་རྒྱུའི་ཕྱོགས་ནས་དགོས་མཁོ་ཡོད་ཚེ། ང་ལ་འབྲེལ་གཏུག་བྱས་ཆོག་པའི་ཐོ་འགོད་བྱས་པ་ཡིན།  ང་ཕིན་ཡན་ཡིན་ཟེར་བ་མང་པོ་མཐོང་བྱུང་།

ཉིག་ཆེན་ཅིན་གྱིས་བཤད་རྒྱུར། བརྡ་འཕྲིན་མང་པོ་ཞིག་གཅིག་རྗེས་གཉིས་བྱས་ནས་ཐོན་ཏེ། ངས་ཐོ་འགོད་བྱས་པ་ཡིན་ཟེར། སྙན་ཞིང་འཇེབས་ལ་ཤུགས་དང་ལྡན་པའི“ང་ལ་འབྲེལ་བ་བྱེད་རོགས”ཞེས་པའི་སྐད་ཆ་རེ་རེས་མི་ལ་སེམས་འགུལ་ཐེབས་སུ་འཇུག་པ་དང་། ཏང་ཡོན་བློ་མཐུན་ཚོའི་འགན་འཁྲི་དང་འགན་ཁུར་ཡིས་ང་ལ་སེམས་འགུལ་ཐེབས་སུ་བཅུག་ཟེར།

མི་རེ་རེར“བརྡ་འཕྲིན་འབྱོར་བྱུང་”ཞེས་ཕྱིར་ལན་སློག་རྗེས། ཉིག་ཆེན་ཅིན་གྱིས་ཤོག་བུ་དང་སྨྱུ་གུ་བླངས་ནས་ཚང་མའི་བརྡ་འཕྲིན་དེབ་ཞིག་གི་ཐོག་ཏུ་ཐོ་འགོད་བྱས་པ་དང་། མི་རེ་རེ་སྡོད་སའི་གནས་གཏན་འཁེལ་ལྟར། ཚོགས་པའི་ནང་རིམ་པ་བཞིན་ལས་འགན་བཀོད་སྒྲིག་བྱས།

ཉིན་དེའི་དགོང་མོར་གྲོས་འདོན་ཡི་གེ་སྤེལ་རྗེས། མཁར་ནུབ་ཁུལ་གྱི་སྡོད་ཁུལ་སོ་གཅིག་དང་སྡེ་བ་བཅུ་གཉིས་ཀྱི་ལས་འཁུར་ཏང་ཡོན་གྱི་སྐད་འཕྲིན་ཚོགས་པའི་ནང་དུ། ལས་འཁུར་ཏང་ཡོན་རྣམས་ཀྱིས་སྡོད་ཁུལ་དུ་མིང་ཐོ་བཀོད་པ་དང་། དེའི་འཕྲོར་སྡོད་ཁུལ་གྱིས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱི་ཡུལ་དངོས་སྒྲིག་ལམ་སྲུང་འཛིན་དང་། སྡེ་ཁུལ་གྱི་སྒོ་ཁ་ནས་ལས་རེས་བྱེད་པ། སྡོད་དམངས་རྣམས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པའི་བྱ་བ་སོགས་བཟང་པོར་སྒྲུབ་པ་དང་། དོན་དངོས་ཀྱི་བྱ་སྤྱོད་སྟེང་ནས་རིམས་ནད་གང་དུ་བྱུང་ན་ཏང་ཡོན་ལས་བྱེད་པས་གནས་དེ་རུ་འཐབ་འཛིང་བྱེད་ཐུབ་པ་བྱས།

སྟོབས་ཤུགས་ཤིག་ལ་ང་ཏང་ཡོན་ཡིན་པས་ང་སྔོན་ལ་སླེབས་དགོས་ཟེར།

ཐུང་ཧའེ་ལམ་སྲང་ལམ་དོན་སྒྲུབ་ཁང་ཐའོ་ལིས་ལམ་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡུས་ཆོན་ཆོན་གྱིས་དུས་ཚོད་དང་པོའི་ནང་གྲོས་འདོན་ཡི་གེའི་ནང་དོན་ལག་བསྟར་བྱས་ཏེ། སྔ་མོ་ནས་དགོང་མོའི་བར་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་སའི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱས་པ་དང་། རང་གི་ཡོད་ཚད་ཕུལ་བ་ལས་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་དང་འགན་ཁུར་ལག་བསྟར་བྱས་ཡོད།

ཡུས་ཆོན་ཆོན་གྱིས་བཤད་རྒྱུར། མིག་སྔར་ཐའོ་ལིས་ལམ་སྡོད་ཁུལ་དུ་ལས་ཁུར་ཏང་ཡོན་བརྒྱད་ཅུ་ལྷག་གིས་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སོ་སོ་རུ་འབད་འཐབ་བྱེད་བཞིན་ཡོད། མཁར་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབོད་སྐུལ་ཧུར་ཐག་གིས་དང་དུ་བླངས་ཏེ། ཏང་ཡོན་བརྒྱ་དང་སུམ་ཅུ་ལྷག་གི་ཁོ་མོར་རེ་ཞུ་ཡི་གེ་སྤྲད་ཡོད་པ་དང་། དང་བླངས་ཞབས་ཞུའི་ནང་ཞུགས་ཡོད་པའི་ཏང་ཡོན་རྣམས་ལས་རྐང་དུ་ཞུགས་ནས“ཆ་འཕྲིན་བསྡུ་ལེན་མཁན”དང་། “སྒྲིག་ལམ་སྲུང་སྐྱྱོབ་མཁན”“མ་དཔེ་སྐྱེལ་འདྲེན་མཁན”སོགས་བྱས་ཡོད་པ་དང་། ཁོ་ཚོ་དཀའ་ངལ་གྱི་མདུན་དུ་ཀྲོང་ངེར་ལངས་ནས་ཐོབ་ཐང་གསལ་བར་བྱས་ཏེ། སྡོད་ཁུལ་གྱི་དང་བླངས་ཞབས་ཞུའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། དཀའ་ཚེགས་ཀྱི་མདུན་དུ་རང་ཉིད་ཀྱི་འགན་འཁུར་མངོན་པར་བྱས་ཟེར།

“ཉིན་འདི་གཉིས་ཀྱི་རིང་ལ། ངས་ལས་གྲོགས་མང་པོའི་ལུས་སྟེང་ནས་བློ་གྲོས་གཅིག་བསྡུས་དང་སེམས་པ་གཅིག་མཐུན་ཡིན་པ་མཐོང་བྱུང་། ཚང་མས་མཉམ་དུ་སྒྲིག་ལམ་སྲུང་འཛིན་བྱེད་པ་དང་། མ་དཔེ་སྐྱེལ་བ། སྡོད་དམངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱ་བ་སོགས་བཟང་པོར་སྒྲུབ་བཞིན་འདུག སྡོད་དམངས་ཀྱིས་ཀྱང་མཉམ་འབྲེལ་བྱས་པ་བཟང་པས། ང་ཚོའི་བྱ་བ་བདེ་བླག་གིས་ཡོངས་འགྲུབ་བྱུང་བ་དང་། ང་རང་སེམས་འགུལ་ཐེབས”ཞེས་ཡུས་ཆོན་ཆོན་གྱིས་དེ་ལྟར་བཤད།

ཏིན་ཕའེ་ཞན་གྱིས་འགོག་སྲུང་གི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱེད་བཞིན་པ།

མེའོ་མེ་ཞང་གིས་སྡེ་ཁུལ་སྒོ་ཁ་ནས་ལས་རེས་བྱེད་བཞིན་པ།

ཡུས་ལིན་ཅཱ་ཡོན་སྡེ་ཁུལ་ནི་ཐའོ་ལིས་ལམ་ཁོངས་གཏོགས་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ས་ཞིག་རེད། “སྡོད་དམངས་ཚང་མས་མུས་གཉིས་ཀྱི་བར་ཐག་འཇོག་དགོས་པ་དང་། ད་དུང་ཉིང་སྐྱུར་བརྟག་དཔྱད་མ་བྱས་པའི་སྡོད་དམངས་རྣམས་ཉིང་སྐྱུར་བརྟག་དུ་ཡོང་དགོས།”ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་། ལས་ཁུར་ཏང་ཡོན་དང་བླངས་པ་ཀྲིན་ཁྲོང་གིས་བཤད་དུང་ཞིག་ལག་ཏུ་བཟུང་ནས་སྡེ་ཁུལ་བྱང་སྒོ་ནས་སྒྲིག་ལམ་སྲུང་འཛིན་བྱས།

ད་ལོ་ལོ་ན་སོ་བརྒྱད་ལ་སོན་པའི་ཀྲིན་ཁྲོང་ནི་ལོ་ཉེར་གཅིག་གི་སྟེང་ཏང་ནང་དུ་ཞུགས། “ཁ་སང་མཁར་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་གྲོས་འདོན་ཡི་གེ་མཐོང་བ་ན། ངས་མྱུར་དུ་སྡོད་ཁུལ་གྱི་ཀྲུའུ་རིན་ལ་འབྲེལ་གཏུགས་བྱས་པ་དང་། སྐབས་དེར་གཞན་ཅི་ཡང་མ་བསམ་པར་མཁར་ནུབ་ཁུལ་གྱི་སྡོད་དམངས་ལ་བྱ་བ་ཞིག་སྒྲུབ་བསམ་པ་ཡིན”ཞེས་ཀྲིན་ཁྲོང་གིས་དེ་ལྟར་བཤད་པ་དང་། “ང་ནི་ཏང་ཡོན་ཞིག་ཡིན་པས། གནད་འགག་གི་སྐབས་སུ་འགན་ཁུར་ཡོད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་ཞུ་བའི་གོ་རྟོགས་ཡོད་དགོས”ཞེས་བཤད།

ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ཅང་ཁྲུན་ཧོས་ཡིས་ཀྱང་ཡུས་ལིན་ཅཱ་ཡོན་སྡེ་ཁུལ་ནུབ་སྒོ་རུ་འབད་འཐབ་བྱེད་བཞིན་ཡོད། ཁོ2008ལོར་ཏང་ནང་དུ་ཞུགས་པ་དང་། ཏང་ནང་དུ་ཞུགས་སྐབས་ཀྱི་དམ་ཚིག་ནམ་ཡང་སེམས་ལ་བརྟན་པོར་བཟུང་ཡོད། ཁོས་བཤད་རྒྱུར། ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཅི་ལྟར་གནད་འགག་གི་སྐབས་སུ་ཐོན་ན་དེ་ལྟར་སྣེ་བཟང་པོ་ཁྲིད་དེ། སྔོན་ལ་རྒྱུགས་དགོས་པ་དང་། སྔོན་ལ་ལས་དགོས་ཟེར།

“ང་ནི་ཏང་ཡོན་ཞིག་ཡིན་པས། སྔོན་ལ་རྒྱུགས་རྒྱུ་དེ་ནི་ལྡོག་མེད་ཀྱི་འགན་འཁྲི་ཡིན། ངའི་ཁྱིམ་མིས་ཀྱང་ང་ལ་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་ངའི་བྱིས་པ་ལོ་བདུན་ཡིན་ལ་། སྔོན་ཏག་ཏག་ལ་སྡོད་ཁུལ་གྱིས་རྩ་འཛུགས་བྱས་པའི་སྤྱི་ཕན་བྱ་འགུལ་མང་པོར་ཞུགས་མྱོང་བས། ཐེངས་འདིར་ང་རང་དང་བླངས་པ་བྱས་པར་ཁོས་ཡང་རོགས་རམ་བྱེད་འདོད་ཟེར།”བྱིས་པ་གླེང་སྐབས། ཅང་ཁྲུན་ཧོས་ཡི་གདོང་ལ་ང་རྒྱལ་གྱི་འཛུམ་མདངས་ཞིག་མངོན་འདུག

འགན་འཁྲི་ཞིག་ལ་ང་ནི་ཏང་ཡོན་ཡིན་པ་དང་ངས་སྣེ་ཁྲིད་དགོས་ཟེར།

“ང་ནི་ཏང་ཡོན་ཞིག་ཡིན་ལ། དར་ཆ་ཞིག་ཀྱང་ཡིན་ཞིང་། ཏང་རྩ་འཛུགས་ནི་འཐབ་འཛིང་བཙན་རྫོང་ཞིག་ཀྱང་ཡིན།”འདི་ནི་ཁ་གཡང་ཞིག་མ་ཡིན་པར་ཏང་ཡོན་ལས་བྱེད་པ་བགྲང་ལས་འདས་པས་རང་འགུལ་གྱིས་འཁུར་བའི་འགན་འཁྲི་ཞིག་ཡིན་པ་རེད།

ད་ལོ་ལོ་ན་ང་གསུམ་ཡིན་པའི་མེའོ་མེ་ཞང་ནི་ཟི་ལིང་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་རྩིས་གཉེར་མངགས་གཏོང་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཡིན་པ་དང་། ལས་འཁུར་ཏང་ཡོན་ཞིག་ཡིན་པའི་ངོས་ནས་མཁར་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་གྲོས་འདོན་ཡི་གེ་མཐོང་རྗེས། མེའོ་མེ་ཞང་གིས་རང་འགུལ་གྱི་སྒོ་ནས་སྡོད་ཁུལ་ལ་འབྲེལ་གཏུགས་བྱས་པར་མ་ཟད། དུས་ཚོད་དང་པོའི་ནང་མིང་ཐོ་བཀོད།

ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་ཀྱི་སྟེང་། མེའོ་མེ་ཞང་རྣམ་རྒྱལ་ལམ་གྱི་སྒོ་རྟགས་ཨང་40པའི་ར་སྐོར་ནང་ཐོན། ཁོ་མོས་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་འཛིན་བྱས་པ་དང་། སྡོད་དམངས་རྣམས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱས་ཚར་རྗེས་སྐོར་ཁག་བྱས་ནས་འདུག་པ་དང་གང་སར་ཉུལ་ནས་མི་འདུག་པའི་གསལ་འདེབས་བྱས། ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཡུལ་དངོས་ཀྱི་ཞབས་ཞུ་བྱ་བ་མཇུག་སྒྲིལ་བའི་མེའོ་མེ་ཞང་གིས་ད་དུང་ར་སྐོར་སྒོ་ཁ་ནས་ལས་རེས་བྱས་པ་དང་། སྡེ་ཁུལ་གྱི་ཕྱིར་འགྲོ་ནང་འོང་གི་མི་སྣས་ཨང་རིས་གཉིས་བཤེར་ཡོད་མེད་ལ་རྟོག་ཞིབ་བྱས།

རང་འགུལ་གྱི་སྒོ་ནས་དང་བླངས་བྱ་བའི་ཁྲོད་ཞུགས་པའི་དོན་དག་གླེང་སྐབས། ཁོ་མོས་བཤད་རྒྱུར། འདི་ནི་ང་ཚོ་ཏང་ཡོན་རྣམས་ཀྱིས་ངེས་པར་དུ་སྒྲུབ་འོས་པ་ཞིག་རེད། ཅི་ལྟར་གནད་འགག་གི་སྐབས་སུ་ཐོན་ན། དེ་ལྟར་རང་ཉིད་ཀྱི་ཐོབ་ཐང་གསལ་བར་བྱས་ནས་སྔོན་ལ་རྒྱུགས་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། ང་རང་སྡོད་སའི་སྡེ་ཁུལ་དུ་ད་དུང་ལོ་ན་རེ་ལྔ་ཅན་གྱི་ཏང་ཡོན་རྒན་པ་ཞིག་ཡོད་པ་དང་། ཁོ་རང་ཡང་དང་བླངས་པ་རེད། འཐབ་ཕྱོགས་དང་པོའི་འཐབ་ར་རུ་ངས་ཁོ་རང་མིག་དཔེ་བྱེད་དགོས་ཟེར།

ཞིན་ཧའེ་ལམ་གྱི་ར་སྐོར10པའི་ནང་དུ། ཞྭ་མོ་དམར་པོ་གྱོན་པ་དང་། ལུས་ལ་ཕུ་ཐུང་མེད་པའི་སྟོད་ལྭ་དམར་པོ་གྱོན་པ། དཔུང་རྟགས་དམར་པོ་བཏགས་ཡོད་པའི་དང་བླངས་པ་ཏེང་ཕའེ་ཞན་ནི་ད་ལོ་ལོ་ན་དོན་གཅིག་ཡིན་པ་རེད། སྡོད་ཁུལ་དུ་རིམས་ནད་འགོག་སྲུང་གི་མི་སྣ་འདང་ཀིན་མེད་པའི་གནས་ཚུལ་མཐོང་སྐབས། རྒན་པོས་རང་འགུལ་གྱིས་གྲོས་འདོན་ཡི་གེའི་ནང་དོན་བཞིན་དུ་སྡོད་ཁུལ་དུ་མིང་ཐོ་བཀོད།

ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་དྲུག་གི་སྟེང་། ཏེང་ཕའེ་ཞན་མལ་ལས་ལངས་ཏེ་ཐོག་ཁང་ནས་མར་བབས་པ་དང་། ཉིང་སྐྱུར་བརྟག་དཔྱད་བྱེད་ས་རུ་སྒྲིག་ལམ་སྲུང་འཛིན་བྱེད་པར་གྲ་སྒྲིག་བྱས། སྔ་དྲོའི་དུས་ཚོད་བརྒྱད་ཀྱི་སྟེང་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་མགོ་བརྩམས་པ་དང་། དུས་ཚོད་བཅུ་གཅིག་ལ་མ་ཐོན་བར་དུ་ར་སྐོར10པའི་སྡོད་དམངས་ཚང་མས་ཉིང་སྐྱུར་བརྟག་དཔྱད་བྱས་ཚར་ནས་ཁྱིམ་དུ་ལོག “ནམ་རྒྱུན་ཚང་མ་ཁྱིམ་མཚེས་ཡིན་པ་དང་། རིམས་ནད་བྱུང་རྗེས། རྒན་པོ་ཏེང་ལགས་ཀྱིས་ང་ཚོའི་སྡེ་ཁུལ་ལ་རང་གི་ནུས་ཚོད་ཀྱིས་ཞབས་ཞུ་སྒྲུབ་པ་དང་། རྩ་འཛུགས་ནུས་པ་ཆེན་པོ་ལྡན་པ་རེད”ཅེས་སྡེ་ཁུལ་སྡོད་དམངས་ཀྱིས་ཏེང་ཕའེ་ཞན་ལ་བསྟོད་པའི་མཐེ་བོང་བསྒྲེངས་བྱུང་།

“ཏང་ཡོན་སྔོན་ལ་རྒྱུགས་ནས་གུང་ཁྲན་ཏང་ཡོན་གྱི་ནུས་པ་འདོན་དགོས། ལོ་ན་ཆེ་རུང་། རང་གི་ཅི་ཞིག་སྒྲུབ་ཐུབ་ན་དེ་སྒྲུབ་དགོས”ཞེས་ཏེང་ཕའེ་ཞན་གྱིས་དེ་ལྟར་བཤད།

གཟི་བརྗིད་ཞིག་ལ་ང་ནི་གུང་ཁྲན་ཏང་ཡོན་ཡིན་ཟེར།

“ཚེས་བདུན་ཉིན་གྱི་ཕྱི་དྲོར། གྲོས་འདོན་ཡི་གེ་མ་སྤེལ་གོང་། ང་ཚོས་ད་དུང་ཏང་ཡོན་ཅི་ཙམ་གྱིས་ཕྱིར་ལན་སྟེར་བར་སེམས་ཁུར་བྱས། ཡིན་ཡང་། མིང་ཐོ་འགོད་མཁན་གྱི་མི་གྲངས་ཇེ་མང་དུ་སོང་བས། ང་ཚོ་སེམས་འགུལ་ཐེབས་བྱུང་”ཞེས་མཁར་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཐང་ཧའེ་ཡུན་གྱིས་གདོང་ལ་འཛུམ་ཞིག་ལངས་ནས་དེ་ལྟར་བཤད།

“དེ་རིང་མཁར་ནུབ་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ས་བརྒྱ་དང་སོ་བརྒྱད་ནས་རིམས་ནད་འགོག་སྲུང་གི་སྟོབས་ཤུགས་སྔར་ལས་བཟང་བ་མངོན་སུམ་གྱིས་ཚོར་ཐུབ།”ཐང་ཧའེ་ཡུན་གྱིས་མཚམས་སྦྱོར་བྱེད་རྒྱུར། ཟླ་ལྔ་བའི་ཚེས་བདུན་ཉིན་གྱི་ཞོགས་པ་ནས་བཟུང་། མཁར་ནུབ་ཁུལ་གྱི་ལས་བྱེད་པ་དང་ལས་བཟོ་བ་དགུ་བརྒྱ་ལྷག་གིས་རང་འགུལ་གྱིས་མྱུར་མོར་བྱ་སྤྱོད་སྤེལ་ཏེ། སྡོད་ཁུལ་དང་འཚོ་བའི་དངོས་རྫས་འགན་སྲུང་དང་། སྨན་བཅོས་དངོས་རྫས་འགན་སྲུང་། འཁོར་རྒྱུག་འཁོར་བསྐྱོད་སོགས་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་སོ་སོའི་ལས་གནས་སྟེང་བསྐྱོད་ཡང་། ད་དུང་སྡོད་ཁུལ་ཁ་ཤས་སུ་མི་སྣ་མི་འདང་བའི་གནས་ཚུལ་བྱུང་ཡོད་པ་རེད།

ཡིན་ནའང་རང་འགུལ་གྱིས“འཐབ་རར”ཞུགས་པའི་ཏང་ཡོན་དང་བླངས་པ་ཚོས་མཁར་ནུབ་ཁུལ་གྱི་ལས་བྱེད་པ་དང་ལས་བཟོ་བ་ཚོ་དང་མཉམ་དུ་དུ་ཞགས་མེད་པའི་དམག་འཐབ་དེའི་ཁྲོད་ཧུར་ཐག་གིས་ཞུགས། “ང་ཚོ་ཏང་ཡོན་དང་བླངས་པ་དག་གིས་མཁར་ནུབ་ཁུལ་གྱི་རིམས་ནད་འགོག་སྲུང་གི་གནད་འགག་གི་སྐབས་སུ་རང་ཉིད་ཀྱི་ཐོབ་ཐང་གསལ་བར་བྱས་ནས་འཐབ་ཕྱོགས་དང་པོར་རྒྱུགས”ཞེས་ཆི་ཞང་སྲང་ལམ་ལྷོ་མ་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ལིས་ནཱ་ཡིས་དེ་ལྟར་བཤད།

“ང་རང་ཐེངས་འདིའི་དང་བླངས་ཞབས་ཞུའི་ཁྲོད་ཞུགས་ཐུབ་པ་བྱུང་བ་ང་རྒྱལ་དང་གཟི་བརྗིད་ཡིན་པར་འདོད”ཞེས་མཁར་ནུབ་ཁུལ་གྱི་ཁེ་ལས་ཞིག་གི་ལས་འཁུར་ཏང་ཡོན་ཀྲུའུ་ཡིས་དེ་ལྟར་བཤད།

“ང་ནི་ཏང་ཡོན་ཡིན། ངས་མིང་ཐོ་བཀོད་པ་ཡིན།”“ང་ནི་ཏང་ཡོན་ཡིན། ང་སྔོན་ལ་རྒྱུགས།”རིམས་ནད་ཀྱི་མདུན་དུ་ཏང་ཡོན་རྣམས་ཀྱིས་བཀའ་ལ་ཉན་ནས་དངོས་ཡོད་འགུལ་སྐྱོད་ཀྱིས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱས་པ་དང་། ཏང་གི་དར་ཆ་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོ་རུ་ལྷབ་ལྷུབ་བསྐྱོད་དུ་བཅུག་པ་དང་། ཏང་རྟགས་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོ་རུ་འོད་དུ་འཚེར།

ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་བཅུ་གཉིས་སྟེང་། མཁར་ནུབ་ཁུལ་གྱིས་ཏང་ཡོན་སྔོན་ཐོན་རུ་ཁག་བདུན་ཅུ་དོན་བདུན་བཙུགས་པ་དང་། ཏང་ཡོན་སྔོན་ཐོན་ལས་རྐང་བརྒྱ་དང་བཅུ་དང་། ལས་ཁུངས་དང་ལས་དོན་ལས་ཁུངས་དང་། གྲོང་རྡལ་སྲང་ལམ། སྡེ་བ། སྤྱི་བདེ་མི་དམངས་ཉེན་རྟོག་པ་སོགས་ལས་བྱེད་པ་དང་ལས་བཟོ་བ་སྟོང་གཅིག་དང་ལྔ་བརྒྱ་ལྷག་དང་། ཏང་ཡོན་དང་བླངས་མཁན་སྟོང་གཅིག་དང་དྲུག་བརྒྱ། དངོས་ལས་ཀུང་ཟི་བརྒྱ་དང་ང་བཞིའི་ལས་བཟོ་པ་ལྔ་བརྒྱ་དང་བཞི་བཅུ་ལྷག་རིམས་ནད་འགོག་རྒོལ་གྱི་འཐབ་ཕྱོགས་དང་པོར་ཞུགས།

མིག་སྔར། མཁར་ནུབ་གྱིས་ཐེངས་འདིའི་གྲོས་འདོན་ཡི་གེའི་ནང་དོན་ལྟར་ཏང་ཡོན་གྱི་མི་གྲངས་མུ་མཐུད་དུ་འཕར་སྣོན་བྱུང་བ་དང་། མཁར་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཀྱང་གྲོས་འདོན་ཡི་གེ་སྤེལ་བའི་རྨང་གཞིའི་སྟེང་། མུ་མཐུད་དུ་མཁར་ནུབ་ཁུལ་གྱི་ཁྱིམ་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་རིམས་ནད་འགོག་སྲུང་གི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།