དགའ་བདེ་རྫོང་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཏང་འཛུགས་བྱ་བར་སྐུལ་འདེད་བཏང་།
2022.05.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་ཁུལ་ཨུའི་ཏང་འཛུགས་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་ཀྱི“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་རྐྱེན་སྲོལ་མཛུབ་སྟོན་དུ་བཟུང་ཞིང་།  རྫོང་ཏང་ཨུའི“155ཏང་འཛུགས་འབྲེལ་ཐག”ལ་ཤུགས་བསྣན་པ། “རྫོང་གཅིག་ལ་རྟེན་གཞི་གཅིག་དང་། རྫོང་གཅིག་ལ་ཁྱད་ཆོས་གཅིག”གིས་གཞི་རྟེན་བྱས་ཏེ། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཏང་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྫོང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པར་ཁག་ཐེག་བྱས་ནས་ཏང་ཡོན་གྱི་སློབ་གསོའི་ལས་དོན་ལ་སྐུལ་འདེད་ཆེན་པོ་བཏང་།

ཉེ་བའི་ལོ་འགའི་རིང་ལ། དགའ་བདེ་རྫོང་གིས“རྫོང་གཅིག་ལ་རྟེན་གཞི་གཅིག་དང་། རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་ཡོན་སློབ་གསོ་གསོ་སྦྱོང་གི་གཅིག་སྡུད་རྟེན་གཞི་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི“སྐོར་སྐྱོད་ཏང་གི་སློབ་གྲྭའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ལྟ་སྦྱོང་སྒྲིག་འཛུགས་དང་སློབ་སྦྱོང་ཁྱིམ་དུ་སླེབས་པ་སོགས་ཀྱི་རྣམ་པར་བརྟེན་ནས“ཚོགས་གསུམ་ཁྲིད་གཅིག”དང་། “རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ།” “ཏང་ཡོན་ལ་དམངས་གཙོས་དཔྱད་བསྡུར་བྱེད་པ”དང“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”སོགས་ཏང་ནང་གི་ཆབ་སྲིད་འཚོ་བ་ཧུར་ཐག་ངང་དར་སྤེལ་བཏང་ཞིང་། བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། སྡེ་བ་རིམ་པའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ནས། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོབ་གཉིས”ལེགས་པར་སྒྲུབ་པ་དང་། གཞི་རིམ་གྱི་ཏང་འཛུགས་ཚད་གཞི་ཅན་དུ་བསྐྲུན་རྒྱུ་གཏིང་ཟབ་ཏུ་བཏང་ནས། ཏང་ཡོན་དོ་དམ་ཞིབ་ཕྲ་ཅན་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

“རྫོང་གཅིག་ལ་རྟེན་གཞི་གཅིག་དང་། རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་ཡོན་སློབ་གསོ་གསོ་སྦྱོང་གི་གཅིག་སྡུད་རྟེན་གཞིར་བརྟེན་པ་དང་། ཏང་གཤིས་སློབ་གསོའི་རྟེན་གཞི“ཚོགས་ཁང་ཆུང་བ”བེད་སྤྱོད་གང་ལེགས་བྱས་ཏེ། དུས་ཐོག་ཏུ་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་འཁུར་པ་གཙོ་བོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། རྫོང་ཡོངས་ཀྱི་སྡེ་བ་སོ་བརྒྱད་ཀྱི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི་གསོ་སྦྱོང་ནང་ཞུགས་ཤིང་། ཧྲུའུ་ཅི་དང་པོ་དང་སྡེ་བའི་བཅའ་སྡོད་ལས་དོན་རུ་མིའི་གསོ་སྦྱོང་འཛིན་གྲྭ་དང་ཏང་དོན་ལས་སྒྲུབ་པའི་གསོ་སྦྱོང་འཛིན་གྲྭ་སོགས་ཐེངས20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བསྒྲུབས།

དུས་མཚུངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། རྫོང་ཡོངས་ཀྱི་ཀྲི་པུའུ་སོ་སོས“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”དང“རྩ་འཛུགས་འཚོ་བའི་ཚོགས་འདུ།” “ཚོགས་གསུམ་ཁྲིད་གཅིག”བཅས་ཀྱི་བྱ་འགུལ་སྤེལ་སྐབས“རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག”བཅས་ཀྱི་ཏང་ཡོན་སློབ་གསོ་གསོ་སྦྱོང་གི་གཅིག་སྡུད་རྟེན་གཞི་བེད་སྤྱོད་གང་ལེགས་བྱས་ཏེ། བྱེད་ཐབས་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས། དགའ་བདེ་རྫོང་གི་ཏང་ཡོན་སློབ་གསོའི་རྟེན་གཞི་བཀོལ་སྤྱོད་ལ་སྔར་ལས་སྐུལ་འདེད་བཏང་ཞིང་། ཚོགས་ཁང་ཆུང་བའི་ནང་གི་སྲིད་བཙུགས་ལོ་རྒྱུས་དང་། བཅོས་སྒྱུར་སྒོ་འབྱེད་ལོ་རྒྱུས། དངོས་རྙིང་འགྲེམ་སྟོན། ཐོག་མའི་ཚོགས་རའི་འགྲེམ་སྟོན། སྔོན་ཐོན་མི་སྣའི་དཔེ་མཚོན་བཅས་བརྒྱུད་ནས། ཏང་ཞུགས་ཧུར་བརྩོན་ཅན་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཏང་གི་རྨང་གཞིའི་ཤེས་བྱ། དགའ་བདེ་རྫོང་གི་ལོ་རྒྱུས་འཕེལ་རྒྱས་བཅས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱུང་བར་མ་ཟད། ད་དུང་ཡུལ་དངོས་ཀྱི་ལྟ་སྦྱོང་སློབ་སྦྱོང་བྱེད་མཁན་རྣམས་ལ་ལོ་རྒྱུས་ཀྱི་ཤུགས་རྐྱེན་བཟང་པོ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། མདུན་སྐྱོད་སྟོབས་ཤུགས་བཅས་བསྡུ་ལེན་བྱས་ཏེ་རྒྱ་ཆེའི་ཏང་ཡོན་གྱི་ཏང་གཤིས་མཐོར་འདེགས་སུ་བཏང་།

མིག་སྔར། ཏང་ཡོན་སློབ་གསོའི་རྟེན་གཞིར་བརྟེན་ནས་བྱ་འགུལ་སྣ་ཚོགས་ཐེངས300ལྷག་སྤེལ་བ་དང་། གཞི་རིམ་ཀྲི་པུའུ98ལ་ཁེབས་ཡོད་པ་དང་ཏང་ཡོན་མི་གྲངས་མི་ཐེངས1000ལྷག་ཙམ་ཟིན་ཡོད། 2021ལོའི་ཟླ12པར་དགའ་བདེ་རྫོང་གི་ཏང་གཤིས་སློབ་གསོའི་རྟེན་གཞི“ཚོགས་ཁང་ཆུང་བ”དེ་ཞིང་ཆེན་རིམ་པའི་སྐོར་ཁག་གཉིས་པའི“ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་མཉམ་སྤྱོད་གཡུལ་ས”ཡི་མིང་ཐོའི་ཁྲོད་ཚུད་བྱུང་།

དགའ་བདེ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་བརྟེན་རེས། མཉམ་འདྲེས་ནུས་ལྡན་དང་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་གསབ་རེས་བཅས་བྱས་ནས། ཐུན་མོང་ངང་དགའ་བདེའི་ཏང་འཛུགས་ཀྱི་རྐྱེན་སྲོལ་གསར་པ་བསྐྲུན་ཏེ། རྫོང་ཡོངས་ཀྱི་གོང་འོག་སེམས་པ་གཅིག་མཐུན་དང་། ཁ་ཕྱོགས་གཅིག་མཐུན། མཉམ་དུ་སྐྱོད་པ། སྤྱོད་ཚུལ་ལེགས་སྒྱུར་དང་ལག་བསྟར་ཤུགས་ཆེན། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གོང་བུར་འགྲིལ་ཤུགས་ཆེན་པོ་དང་བློ་ཁ་ཕྱོགས་པའི་ནུས་ཤུགས་གྲུབ་སྟེ། རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་ལས་དོན་མཐོ་ཚད་གསར་པ་ཞིག་ཏུ་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།