མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་དང་ལས་བྱེད་པས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་འགོ་རྩོམ་པའི་མཛད་སྒོའི་ཐད་གཏོང་གནས་ཚུལ་ལ་བལྟས་པར་མ་ཟད་མྱོང་ཚོར་ལྷུག་པོར་བརྗོད།
2022.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5ཚེས23ཉིན། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་བརྙན་འཕྲིན་དང་། རླུང་འཕྲིན། དྲ་སྦྲེལ་སོགས་ཀྱི་ལས་སྟེགས་བརྒྱུད་ནས།  ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འགོ་རྩོམ་མཛད་སྒོའི་ཐད་གཏོང་ གནས་ཚུལ་ལ་བལྟས་པ་དང་ཉན་པར་མ་ཟད། ཚོགས་འདུ་གྲོལ་རྗེས་རང་ངོས་ཀྱི་ལས་ཀ་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་ལྷུག་པོར་བརྗོད་པ་རེད།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སྲིད་ཇུས་ཁྲིམས་སྲོལ་དང་གཟེངས་བསྟོད་བྱ་དགའ་ཁྲུའུ་ཡི་ན་གཞོན་ལས་བྱེད་པ་ཧན་ཞུའེ་ཀྲི་ཡིས་བཤད་རྒྱུར།  ཚོགས་ཆེན་ཐོག་ན་གཞོན་ལས་བྱེད་པ་འཚར་ལོངས་དང་འབད་འཐབ་བྱེད་པའི་ཐད་བླང་བྱ་ནན་མོ་བཏོན་ཡོད་པས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།  སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ན་གཞོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ངས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས།  རང་རྟོགས་ངང་མི་སྒེར་གྱི་འབད་འཐབ་དེ་མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་མཉམ་འདྲེས་བྱས་ཏེ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་བའི་ཐོག་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྟ་ལོ་ཡིས་བཤད་རྒྱུར།   ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས།   མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ།  དུས་རབས་ཀྱི་འབོད་སྒྲ་མཚོན་པ་དང་། མི་དམངས་ཀྱི་འབད་འཐབ་སྙིང་སྟོབས་མཚོན་པ། མི་རིགས་ཀྱི་སྙིང་སྟོབས་འཕེལ་བ།  སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་པ། བླ་ན་མེད་པའི་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་པ་བཅས་ཀྱི་ཕུལ་བྱུང་པར་ལེན་བརྩམས་ཆོས་སྔར་ལས་མང་བོ་བཏོན་ནས།   རབ་མཛེས་མཚོ་སྔོན་གྱི་མིང་བྱང་དེར་སྔར་བས་བཀྲག་མདངས་འཚེར་བར་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་ཧྲིན་གོ་པེན་གྱིས་བཤད་རྒྱུར།  ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།  དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་དང་།  གྲོང་ཁྱེར་ཏང་ཨུ།  ས་ཁུལ་ཏང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས།   བྱ་བའི་འགན་ནུས་ལ་གཞི་ཚུགས་པ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་སེམས་ཁུར་བྱེད་པ། བྱ་བའི་བསམ་ཕྱོགས་གསལ་བོར་བཟོ་བ།  སླད་ཕྱིན་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་གྱི་ཤུགས་འདོན་ས་གསལ་བོར་བྱེད་པ་བཅས་བྱས་ཏེ།   ཏང་གི་འཐུས་མིའི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པར་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་ཡིན་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་བྲག་སྐྱ་རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་ས་ཚིགས་ཀྱི་གནས་སྐབས་ཏང་ཀྲི་པུའུ་ཡི་ཁོངས་མིས་བཤད་རྒྱུར།  བྱས་རྗེས་རང་ལ་འཇོག་མི་དགོས་པ་དང་གྲུབ་འབྲས་རང་ལ་ཐོབ་ངེས་ཡིན་པ་ལྟར། ཚང་མས་ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་དང་བློ་གཅིག་སེམས་གཅིག་གིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ནས།  ལས་དོན་སྣ་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྐྱོན་བྲལ་ཞིང་དེང་རབས་དང་བདེ་སྐྱིད་བཅས་ཀྱི་ཆུ་དམར་ལེབ་ཀྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

སྨར་ཁོག་ནགས་ལས་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཚོས་བཤད་རྒྱུར།  རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་ཡག་པོ་བྱེད་པ་དང་།  ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཅངས་ནས། བྱ་བ་དངོས་སྒྲུབ་པ་དང་། མདུན་གྲལ་དུ་སྐྱོད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་སྨར་ཁོག་ནགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།   ནུས་ཤུགས་ཡོད་རྒུས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་  སྲུང་སྐྱོབ་ཀྱི་མཐོ་ས་བསྐྲུན་ནས།  རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྨར་ཁོག་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་ལིས་ཧའེ་ཡན་གྱིས་བཤད་རྒྱུར།  གཞི་རིམ་གྱི་ཁྲལ་དོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་མིག་སྔར་སྤེལ་བའི་ཁྲལ་འཕྲི་དངུལ་གཅོག་ལས་དོན་གྱི་དོན་དངོས་ཁྲོད་དོན་འཁྱོལ་བྱེད་པ་དང་། ཁྲལ་འཇལ་མཁན་ལ་ཞབས་ཞུ་བྱེད་པའི་ལག་ལེན་ཁྲོད་དངོས་འབེབས་བྱས་ཏེ།   རྟག་ཏུ་ངར་ཤུགས་དང་སེམས་ཤུགས་བརྟན་པོར་བརྟེན་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་དུ་ཁྲལ་དོན་མི་སྣའི་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་ཐུང་ཕུའུ་གྲོང་རྡལ་ཚ་ཧན་ཧོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟོབས་ལྡན་གྱིས་བཤད་རྒྱུར། གོམ་སྟབས་རྗེས་མར་གྲོང་གསེབ་དར་སྤེལ་གཏོང་བའི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག སྡེ་བ་ཡོངས་ཀྱིས་ཚ་ཧན་ཧོ་སྡེ་བའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་།  ཏང་ཀྲི་པུའུ་དང་མཉམ་ལས་ཁང་། འབྲོག་པ་ཁྱིམ་ཚང་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་།  ལྗོངས་རྒྱུ་ཡུལ་སྐོར་དང་། འབྲོག་པའི་སྤྲོ་ཁྱིམ་གླིང་གཉེར་བ།  སྐྱེ་ཁམས་སྲུང་སྐྱོབ་བཅས་གཞི་གཅིག་ཅན་གྱི་རྣམ་པའི་ཐོག་ནས་ཐོན་ལས་སྦྲེལ་ཐག་རིང་དུ་བསྲིངས་སྟེ།སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ཁོང་ནད་ཚན་ཁག་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞུས་ན་ཡིས་བཤད་རྒྱུར། རིམས་ནད་ཀྱིས་སྤྱིར་བཏང་གི་སྨན་བཅོས་ལས་གནས་དེ“དམག་འཁྲུག་གི་གཡུལ་ས”ལྟ་བུར་གྱུར་ནས་སྨན་བཅོས་མི་སྣས་རང་འགུལ་གྱིས་འགན་འཁྲི་འཁུར་བ་དང་། ནུས་ཤུགས་ཡོད་རྒུས་སྨན་བཅོས་དང་ནད་སྐྱོང་བྱ་བ་བཟང་པོར་སྒྲུབ་ཏེ། ཏང་གི་དར་ཆ་འཐབ་ཕྱོགས་དང་པོར་ལྷབ་ལྷུབ་ངང་བསྐྱོད་དེ་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས་ཟེར།

མཚོ་ཤར་གྲོང་ཁྱེར་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཏང་ཡོན་ལས་བྱེད་པས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྒུལ་ཤུགས་སུ་བརྩིས་ནས་མཚོ་ཤར་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། རང་གི་ལས་གནས་སུ་རྐང་ཚུགས་པ། བློ་བརྟན་འགྱུར་མེད་ཀྱིས་སྲ་བརྟན་དང་དར་སྤེལ་གཏོང་དགོས། ཁྱོན་ཡོངས་ནས་ཡང་བསྐྱར་དབུལ་བོར་འགྱུར་པ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱ་བ་བཟང་པོར་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གཏོང་བའི་ཚོད་ལྟའི་སྡེ་བ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བ་བཅས་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་རྒྱུ་ཡིན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་འགོ་གཙོ་ཤེས་རབ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཡུལ་ཚོ་ཏང་ཨུ་དང་། ཡུལ་ཚོ་སྲིད་གཞུང་གིས་ཡུལ་ཚོ་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། ལྷག་བསམ་ཟོལ་མེད་ཀྱིས་མི་དམངས་ཀྱི་རེ་སྒུག་ལ་ལན་སྤྲོད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ནས་སྐྱོད་ལམ་གསར་བའི་སྟེང་རྐྱང་ཆད་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་རྒྱུ་ཡིན་ཟེར།

ཏང་གི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་སྐུལ་མ་ཆེན་པོ་ཐེབས་ཞེས་མཚོ་ཤར་གྲོང་ཁྱེར་ཞོང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཡུལ་ཚོ་ཏ་ཀྲུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཅན་ཀྲུང་གིས་དེ་ལྟར་བཤད་པ་དང་། ཉེ་བའི་ལོ་འགའི་རིང་ལ་ཏ་ཀྲུང་སྡེ་བའི་རྣམ་པ་གསར་བར་གྱུར་ཅིང་། གཞུང་ལམ་སྲ་བསྒྱུར་དང་། སྡེ་བའི་རྣམ་པ་ལྗང་བསྒྱུར། བཙོག་ཆུའི་སྦུག་ལམ་དྲ་བ། ཁྱད་ལྡན་ཐོན་ལས་ལས་གཞི་སོགས་དམངས་ཕན་བཟོ་སྐྲུན་སོ་སོ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་དང་། སྡེ་མི་རྣམས་ཀྱི་སྡོད་གནས་ཁོར་ཡུག་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། བདེ་སྐྱིད་འཚོ་བའི་ཚད་ཇེ་མཐོ་ནས་ཇེ་མཐོར་སོང་ཡོད། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་མཐོ་དང་།  “གཟེར་འདེབས”སྙིང་སྟོབས་དྲིལ་སྒྲོག་བཟང་པོ། ཏང་གི་དམངས་ཕན་སྲིད་ཇུས་དངོས་འབེབ་ལེགས་པོ་བྱས་ནས་ཏ་ཀྲུང་སྡེ་བའི་གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་ཕུལ་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཆུ་ཁོལ་ཡུལ་ཚོ་གསེར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་བཤད་རྒྱུར། ཏང་ཡོན་ཡོངས་དང་མང་ཚོགས་ཚང་མས་ཆུ་ཁོལ་ཡུལ་ཚོའི་འགྱུར་ལྡོག་ཆེན་པོ་ཉམས་སུ་མྱངས་ཡོད་པ་དང་། སྡེ་བའི་ལམ་བུ་ཡངས་ཤིང་རྒྱ་ཆེ་ལ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། རྗེས་ཕྱོགས་སྡེ་བའི་ཏང་ཀྲི་པུའུ་ཡིས་ལས་གནས་ལ་རྐང་ཚུགས་པ་དང་། བྱས་རྗེས་མང་པོ་བཞག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནུས་པ་མཐོར་འདེགས་བཏང་སྟེ། དམངས་ཀྱི་འདོད་བློ་དང་། དམངས་ཀྱི་རེ་སྒུག དམངས་ཀྱི་དགོས་མཁོ་དེ་བྱ་བའི་འགོ་ཚུགས་ས་དང་རྐང་ཚུགས་ས་བྱས་ཏེ། མི་དམངས་མང་ཚོགས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་འཚོ་བའི་ཐོབ་སྣང་དང་སྐྱིད་སྣང་ཡོད་པར་གྱུར་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།