དམངས་ཚིས་དོན་དངོས་ཕྲན་བུ་ལས། མཛེས་སྡུག་ལྡན་པའི་འཚོ་བ་བྱུང་།
2022.05.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

བྱ་བ་ཡོད་ཚད་ཀྱི་ཁྲོད་དམངས་ཚིས་གཙོར་འཛིན་པ་དང་མི་དམངས་གཙོར་འཛིན་དགོས།

སློབ་ལ་ཁྲིད་མཁན་ཡོད་པ་དང་། ངལ་རྩོལ་ལ་འགན་སྲུང་ཡོད་པ། ན་དུས་སྨན་བཅོས་བྱེད་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། དུས་ཡུན་རིང་པོ་ཞིག་ལ། མཚོ་སྔོན་ཞིང་ཆེན་གྱིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི“དོན་དག་ཆུང་ངུ”སེམས་སུ་འཇོག་པ་དང་། མི་དམངས་ཀྱི“བདེ་སྐྱིད་ཚོར་སེམས”ཕྲག་ཏུ་འཁུར་ནས། མཚོ་སྔོན་གྱི་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི“རྒྱུགས་ལེན”ལ་བལྟ་བ་དང་། དམངས་ཚིས་དོན་དངོས་རེ་རེ་བཞིན་མིག་མཐོང་ལག་ཟིན་ཐུབ་ལ། དམངས་ཕན་བྱ་ཐབས་རེ་རེ་བཞིན་བཏོན་ནས་རྒྱ་ཆེའི་མང་ཚོགས་ལ་བདེ་སྐྱིད་མཚོ་སྔོན་གྱི་དམངས་ཚིས་དྲོད་འཁོལ་མྱོང་ཐུབ་པར་བྱས།

ད་ལྟའི་མཚོ་སྔོན་དུ་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་གིས་འབད་འཐབ་བྱས་པ་བརྒྱུད། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་བ་དང་། ཡིད་ཆེས་ཀྱིས་ཁེངས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ནས། མང་ཚོགས་སྡོད་པར་འཚམ་པ་དང་ལས་ཀ་ལས་རྒྱུར་འཚམ་པ་བྱེད་དགོས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བར་སྐྱོད་སྐབས། ཡངས་ཤིང་རྒྱ་ཆེ་བའི་མེ་ཏོག་གི་རྒྱ་མཚོ་དང་། དྭངས་ཤིང་གཙང་བའི་རྨ་ཆུ། རི་དང་ཆུ་ལ་གཏད་པའི་ཁང་པ་སོགས།གང་སར་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་མངོན་ཡོད། ད་ལྟའི་བདེ་སྐྱིད་སྡེ་བ་ནི“བདེ་སྐྱིད”ཀྱིས་འགྲེལ་བཤད་བརྒྱབ་པའི་ནང་དོན་དང་འདྲ་བར་ཡུལ་ལྗོངས་ལྟ་ན་སྡུག་པ་དང་བདེ་སྐྱིད་ལྡན་པའི་སྡེ་བ་ཞིག་རེད།

བདེ་སྐྱིད་སྡེ་བ་ལྟ་བུའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ད་དུང་མང་པོ་ཡོད། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲའོ་པེ་བོད་རིགས་ཡུལ་ཚོ་སྤེན་མ་ལུང་སྡེ་བ་དང་། ཧོང་ཀྲུང་ཆུས་ལན་ལུང་ཁ་གྲོང་རྡལ་ཁ་དབྱང་སྡེ་བ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་ཚ་རྔ་འགག་སྡེ་བ་བཅས་ལ།ལོ་ལྔའི་རིང་དུ།རང་རང་གི་ཁྱད་ཆོས་ལྡན་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་མང་པོ་ཞིག་མཐོ་སྒང་གི་གང་སར་ཁྱབ་ཡོད་ཅིང་། ཡུལ་གཞན་དུ་གནས་སྤོ་བྱེད་པ་དང་མཛེས་སྡུག་ལྡན་པའི་མཁར་གྲོང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། དེ་མིན“ཡུལ་ཚོ་བརྒྱ་དང་སྡེ་བ་སྟོང”གི་དཔེ་སྟོན་བཟོ་སྐྲུན་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ཉེན་ཡོད་ས་ཁང་དང་བྲལ་ཏེ་རྒྱ་ཆེ་ལ་གྲལ་དག་པའི་སོ་ཕག་ཁང་པར་བསྡད་པ་དང་། འཚོ་བ་སྔར་ལས་སྟབས་བདེ་བ་དང་སྐྱིད་སྣང་ཞིག་ཤར་འདུག

དབུལ་ཐར་མཁྲེགས་གཏོར་ནས་གྲོང་གསེབ་དར་སྤེལ་བར་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་བྱས་ཡོད་པ་དང་། མཚོ་སྔོན་གྱི་གོམ་སྟབས་སྔར་ལས་བརྟན།

དེ་སྔོན་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་བློན་ཆེན་ཡུལ་ཚོ་བློན་ཆེན་སྡེ་བའི་གནད་འཁེལ་དབུལ་སྐྱོར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཀུན་བཟང་རྒྱལ་གྱིས་ཡུལ་གཞན་དུ་གནས་སྤོས་པ་དང་། སློབ་གསོའི་ཁ་གསབ། རྩལ་ནུས་གསོ་སྦྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་དབུལ་སྐྱོར་སྲིད་ཇུས་སྔ་རྗེས་སུ་ལོངས་སྤྱོད་བྱས་ནས2018ལོར་བདེ་བླག་ངང་དབུལ་ཐར་བྱས། གསོ་སྦྱོང་བྱས་པ་བརྒྱུད་རྩལ་ནུས་སྦྱངས་ནས་ཤེས་པ་དང་། ཕྱུགས་འཚོ་བའི་ཞོར་ལ་ཁོ་དང་སྡེ་བའི་ནང་གི་མི་གཉིས་ཀྱིས“རྨ་ལྷོ་མའེ་པའོ་ཀོ་ཆས་ཚད་ཡོད་ཀུང་སི”བཙུགས་པ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་ལྔ་ལེན་བཞིན་ཡོད་པས་ཡུལ་ཚོ་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར། གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི“བཟོ་སྐྲུན་གཙོ་བོ”དང“མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན”ཏུ་བརྩིས་ཡོད། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཚང་ཁྲི་བཞི་དང་སྟོང་བརྒྱད། མི་གྲངས་འབུམ་གཅིག་དང་ཁྲི་བརྒྱད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བྱ་བ་ཡོངས་འགྲུབ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ནས་ཐོབ་ཚོར་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།

ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་། འདས་ཟིན་པའི་ལོ་ལྔའི་ནང་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་ཕོངས་རྩ་བ་ནས་སེལ་ལ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད། ཏང་གི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཨུའི་ཧྲུའུ་ཅི་ལི་ཧན་ཅང་གིས་མྱོང་ཚོར་ཟབ་མོས་སྒོ་ནས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། དགའ་བདེ་རྫོང་གིས་རྫོང་དར་དམངས་ཕྱུག་གི་རྣམ་གྲངས་དང་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད། རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་། ཕྱུགས་ཟོག་གསོ་སྤེལ། གཟན་རྩྭ་དང་སྨན་རྩྭ་འདེབས་འཛུགས་སོགས་གཙོ་གནད་དུ་བཟུང་ནས། མུ་མཐུད་དུ་མ་དངུལ་དང་ལག་རྩལ་གྱི་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དགའ་བདེ་རྫོང་གི་དམངས་ཚིས་ཁྱབ་ཁོངས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོར་འདེགས་སུ་བཏང་ནས། དམངས་ཕན་རྣམ་གྲངས་སྔར་ལས་མང་བ་དགའ་བདེ་རུ་དོན་འཁྱོལ་དང་ཕན་འབྲས་ཐོན་ཐུབ་པ་བྱེད་རྒྱུ་ཡིན། ཁོས་མུ་མཐུད་དུ་བཤད་རྒྱུར། “རྗེས་ཕྱོགས་ཀྱི་ལོ་ལྔ་ནི‘མཚོ་སྔོན་གསར་བའི་དེང་རབས་ཅན་དྲུག’གི་འབད་འཐབ་དམིགས་འབེན་མགྱོགས་མྱུར་སྒོས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ‘མི་དམངས་གཙོ་བོ་ཡིན་པའི’འདུ་ཤེས་བརྟན་པོ་འཛུགས་པ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བ་གསར་པའི་རེ་སྒུག་གསར་པར་ཧུར་ཐག་གིས་ཁ་གཏད་འཇལ་ནས། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས”ཟེར།

སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བཏང་པས་མ་འོངས་པའི་མདུན་ལྗོངས་འོད་སྟོང་ལྡན།

སློབ་གསོ་ནི་མི་རབས་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད། དྲང་བདེན་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ནི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའི་ནང་དོན་གཙོ་བོ་ཞིག་ཡིན།

ཀྲང་ཞིག་དབྱིན་ལ་མཚོན་ནས་བཤད་ན། སྤྲོ་སྣང་ཆེས་ཆེ་བ་ནི་ཕྱིར་སློབ་གྲྭར་ལོག་པ་དེ་རེད། ཕ་མ་ས་ཆ་གཞན་དུ་ཞོར་ལས་སུ་སོང་ཡོད་པ་དང་། ཁྱིམ་དུ་ནད་མང་པོའི་རྨོ་བོ་དང་ལོ་ན་ཆུང་ལ་སློབ་གྲྭར་སྐྱོད་བཞིན་པའི་སྲིང་མོར་ལྟ་རྟོག་བྱེད་མཁན་མེད་པས། དེ་སྔོན་ན་གོར་མོ་གྲོང་ཁྱེར་གྱི་ཀའོ་ལི་མུ་ཏེ་གྲོང་རྡལ་ཏུང་ཚོན་དབྱི་ཧྥུ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་ཀྲང་ཞིག་དབྱིན་གྱིས་ལོ་རིམ་དྲུག་པ་བཏོན་རྗེས་སློབ་མཚམས་བཞག སློབ་གྲྭའི་དགེ་རྒན་གྱིས་ཁ་ཏ་བསླབ་བྱ་ཡང་ཡང་བྱས་པ་དང་། དེ་མིན་ས་གནས་དེ་གའི་སློབ་གསོ་ཅུའུ་ཡིས་སེམས་ཁྲལ་དང་དཀའ་ངལ་བསལ་རྗེས། ཀྲང་ཞིག་དབྱིན་སླར་ཡང་ཡུན་རིང་ཁ་བྲལ་བའི་སློབ་ཁང་དུ་ལོག་པ་དང་གདོང་ལ་འཛུམ་གྱིས་ཁེངས་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས“འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་གཅིག་ཀྱང་མི་ལུས་པ”བྱ་རྒྱུ་དམིགས་འབེན་དུ་བྱས་ནས། སློབ་གསོའི་གནད་འཁེལ་དབུལ་སྐྱོར་དང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མཉམ་འབྲེལ་ཚོད་འཛིན་དང་མཉམ་འབྲེལ་འགན་སྲུང་ལམ་སྲོལ་བཙུགས་ནས། ས་གནས་སོ་སོས་ཏང་སྲིད་འགོ་ཁྲིད་གཙོ་བོས་ཚན་ཁག་གཉིས་ཀྱི་ཚན་གཙོ་དང་། འབྲེལ་ཡོད་སྡེ་ཁག་ཟབ་ཞུགས་བྱེད་པའི་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི“ཐིག་གཉིས་ཀྱི་འགན་འཁྲིའི་ལམ་ལུགས”དོན་འཁྱོལ་བྱས་པ་དང་། རྫོང་དང་གྲོང་ཁྱེར21དུ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་གཙོ་གནད་རྫོང་གི་གྲས་སུ་བཅུག་ནས། “རྫོང་རེར་སྲིད་ཇུས་གཅིག”གི་བྱ་བའི་ཇུས་གཞི་བཟོས་ཏེ། གཙོ་གནད་རྗེས་འདེད་དང་གཙོ་གནད་སྐུལ་སྒྲུབ་བྱེད་པ་ལག་བསྟར་བྱས།

མཚོ་སྔོན་དུ་ཕྱིར་སློབ་གྲྭར་ལོག་རྒྱུ་ནི་གཙོ་གནད་ཡིན་པ་དང་། ལས་རིགས་སློབ་གསོའི་མ་ལག་བཟང་པོ་བཙུགས་ནས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རིམ་པ་སྔར་ལས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་རེད།

དེང་རབས་ལས་རིགས་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་ཆེད། མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ལས་རིམ་སྤར། གྲུབ་ཚུལ་ལེགས་སྒྲིག་སོགས་ལག་རྩལ་དང་ནུས་རྩལ་ལྡན་པའི་ཤེས་ལྡན་མི་སྣའི་དགོས་མཁོ་དང་བསྟུན་ནས། ས་ཁོངས་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་སློབ་གྲྭའི“མཐོ་གཉིས་འཆར་གཞི”དང་། ཞིང་ཆེན་རིམ་པའི་འབྲིང་རིམ་ལས་རིགས་སློབ་གསོའི“ལེགས་གཉིས་འཆར་གཞི”ལག་བསྟར་བྱས་ནས། ཐོན་ལས་འཕེལ་རྒྱས་ལ་དམ་པོར་འབྲེལ་བ། སློབ་གྲྭ་དང་ཁེ་ལས་དབར་གྱི་མཉམ་ལས། སྤྱི་ཚོགས་ཀྱི་ཁས་ལེན་བྱེད་ཚད་མཐོ་བ་བཅས་ཀྱི་ཆུ་ཚད་མཐོ་བའི་སློབ་གྲྭ་དང་ཆེད་ལས(ཚོགས་པ)བཙུགས་ནས། གཙོ་གནད་ཐོན་ལས་ཀྱི་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་པའི་གསོ་སྐྱོང་རྟེན་གཞི་བསྐྲུན་དགོས།

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། སློབ་གསོའི་བྱ་བར་རྨང་གཞི་འདིང་བ་དང་། རྒྱང་རིང་ལ་དམིགས་པ་དང་དྲང་གཞག་ཡོང་བར་བྱེད་པ། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཀྱང་རེད། མཚོ་སྔོན་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་བཟོས་ནས། ནུས་ཤུགས་ཡོད་དགུས་མཉམ་སྐྲུན་གྱི་ནུས་པ་དང་མཉམ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། དམངས་ཡོངས་ལ་ཕན་པ་ཐོབ་པའི་དྲང་བདེན་སློབ་གསོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་། མ་འོངས་པའི་ལོ་ལྔའི་ནང་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། སློབ་གསོ་དང་བདེ་ཐང་གི་ཆུ་ཚད་ཐད་མངོན་འགྱུར་གསར་པ་འབྱུང་དགོས་ཞེས་བཏོན་ཡོད། དེར་བརྟེན། ཏང་གི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་ཧྲིན་ཧུང་ཞིན་གྱིས་བཤད་རྒྱུར། “ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཁྲིད་སྟོན་འོག ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། ཞན་ཆ་ཁ་གསབ་དང་དྲང་གཞག་ལ་སྐུལ་འདེད། བཀོད་སྒྲིག་ལེགས་བསྒྱུར། སྤུས་ཚད་མཐོར་གཏོང་། གསོན་ཤུགས་འཕེལ་བ་བཅས་ལ་ཤུགས་སྣོན་བྱས་ནས། སློབ་སྔོན་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་དང་ཀུན་ལ་ཕན་འདོགས་རྒྱུར་སྐུལ་འདེད་གཏོང་བ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བ། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་ཆུ་ཚད་སྔར་ལས་ཇེ་བརྟན་དུ་གཏོང་བ། མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་བརྟན་པོའི་ངང་དོན་འཁྱོལ་བཅས་བྱེད་དགོས། དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མཐོ་རིམ་སློབ་གསོའི་ཐོན་ཁུངས་སྔར་ལས་རྒྱ་སྐྱེད་དུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས། དམངས་ཡོངས་ཀྱི་ཚེ་གང་གི་སློབ་སྦྱོང་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོ་དགོས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོའི་ཐད་གཞི་རྩའི་དགོས་མཁོ་སྐོང་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་བསྒྱུར་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སློབ་གསོའི་ལེགས་སྐྱེས་འབུལ་ཚད་སྔར་ལས་ཆེ་རུ་གཏོང་དགོས”ཟེར།

“འགན་སྲུང་བྱེད་དགོས་པ་ཚང་མ་འགན་སྲུང་བྱེད་དགོས།” ནད་ལ་སྟོན་པར་སྨན་བཅོས་འགན་སྲུང་ཡོད་པར་བྱ་དགོས།

ན་དུས་སྨན་བཅོས་འགན་སྲུང་ཡོད་པ་ནི་ཚེ་སྲོག་གི་ཆེས་བབ་ཆགས་པའི་དགོས་མཁོ་ཡིན་ཞིང་། བདེ་ཐང་སྲུང་འཛིན་བྱེད་ཐུབ་ཚེ་གཞི་ནས་མི་ཚེའི་མཛེས་སྡུག་གི་འཚོ་བ་ལོངས་སྤྱོད་བྱེད་ཐུབ།

ལོ72ལ་སླེབས་པའི་སྐུ་ཞབས་ཀྲང་གིས་དེ་སྔོན་མཚོ་སྔོན་དུ་བྱ་བ་སྒྲུབ་པ་དང་། ལས་འཁྱུར་ངལ་གསོ་བྱས་རྗེས་ཞི་ཨན་དུ་འཚོ་བ་རོལ་བཞིན་ཡོད། ད་ལོའི་ཟླ་གསུམ་པའི་ཟླ་འགོར། སྐུ་ཞབས་ཀྲང་གིས་ཞི་ཨན་གྲོང་ཁྱེར་མི་དམངས་སྨན་ཁང་དུ་རྐང་པ་གཤག་བཅོས་བྱས་པ་དང་། དྲག་སྐྱེད་བྱུང་རྗེས་སྨན་ཁང་དེའི་སྨན་བཅོས་འགན་སྲུང་རྩིས་རྒྱག་སྒེའུ་ཁུང་དུ་སྨན་ཁང་ནས་ཕྱིར་འབུད་པའི་ས་ཆ་གཞན་ནས་རྩིས་རྒྱག་པའི་འགྲོ་ལུགས་བདེ་བླག་ངང་སྒྲུབ། སྐུ་ཞབས་ཀྲང་གིས་བཤད་རྒྱུར། “ད་ལྟ་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་རིན་རྩིས་རྒྱག་རྒྱུ་དེ་ཧ་ཅང་སྟབས་བདེ་པོ་འདུག ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་ལ་རང་ཉིད་ཀྱིས་འགྲོ་གྲོན་ཡང་གཏོང་མི་དགོས”ཟེར།

2021ལོའི་ལོ་མཇུག་ཏུ། མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་གི་སྲིད་དོན་ཞབས་ཞུའི“ཞིང་ཆེན་བརྒལ་ནས་འགྲོ་ལུགས་སྒྲུབ་པའི”དམིགས་ཚད་དྲུག་རྒྱལ་ཁབ་ཀྱི་ཆ་འཕྲིན་ལས་སྟེགས་སུ་བདེ་བླག་ངང་སྦྲེལ་མཐུད་བྱས། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས44རུ་སྤྱིར་བཏང་གི་སྒོ་བསྟེན་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི74བཙུགས་པ་དང་། སྒོ་བསྟེན་གྱི་གཅོང་ནད་དང་འབྲེལ་བ་ཡོད་པའི་འགྲོ་གྲོན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་བསྡོམས་རྩིས་རྒྱག་པའི་ཚོད་ལྟའི་གནས་དེ་ཞིང་ཆེན་རིམ་པ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལག་བསྟར་བྱེད་བཞིན་ཡོད། རྒྱལ་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་སྲུང་གི་འབྲེལ་བ་གཞན་སྒྱུར་འབྲེལ་མཐུད་ཀྱི“ཞིང་ཆེན་བརྒལ་ནས་གཉེར་བའི”མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟའི་བྱ་བ་སྔ་ཙམ་ལེགས་སྒྲུབ་བྱས་པ་མ་ཟད་དྲ་ཐོག་ཏུ་ཞུགས་ནས་ནུས་པ་ཡག་པོ་ཐོན་པ་དང་། ལས་སྒོ་རེ་རེ་བཞིན་ར་སྤྲོད་ཐུབ་པ། “ཞིང་ཆེན་བརྒལ་ནས་གཉེར་བ”དང་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་བྱ་བ་དོན་འཁྱོལ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

དེ་ལས་གཞན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་མ་ལག་གིས་སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ནས། ནད་ཆེན་ཉེན་ཚབ་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཀྱི་ནད་ཆེན་ཉེན་ཚབ་ཀྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད80%ནས90%བར་མཐོ་རུ་གཏོང་རྒྱུ་རེད།

དབུལ་ཕོངས་མང་ཚོགས་ཀྱིས་སྨན་པ་སྟོན་པ་དང་འགྲོ་སོང་རྩིས་ཞུ་བྱེད་པར་སྟབས་བདེ་ཡོང་ཆེད། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་མ་ལག་གིས་དབུལ་ཕོངས་མི་གྲངས་ལ་ལོ་ཧྲིལ་པོར“གེགས་མེད་ལམ་ཡངས”ཤར་གཏོང་བྱས། འགན་སྲུང་ནང་ཞུགས་པ་དང་མ་དངུལ་གཏོང་སྤྲོད“དུས་ཐོག་ཏུ་བསྒྲུབ་པ”མངོན་འགྱུར་བྱས་ནས། འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་མཉམ་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་སྣར“སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་བསྡོམས་རྩིས་རྒྱག་པའི”ཞབས་ཞུའི་རྣམ་པ་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན30དང་མཉམ་དུ་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པའི་ལས་སྒོ་སྤེལ་ནས། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི1115རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པའི་ཆ་འཕྲིན་སྟེགས་བུའི་ནང་བཅུག་པ་རེད།

“ཀྲུང་ལུགས་གསོ་རིག་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ཉན་རྗེས། མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་དམིགས་འབེན་ཁ་གསལ་བ་དང་བཀོད་སྒྲིག་ལ་བློ་གྲོས་ཀྱིས་ཁེངས་ཡོད་པས། ང་ལ་སེམས་ཤུགས་འཕེལ་བ་དང་འགན་འཁྲི་ལྕི་བ། ལས་འགན་གཟི་བརྗིད་ལྡན་པ་བཅས་ཀྱི་ཚོར་སྣང་ཞིག་བྱུང་།” ཏང་གི་འཐུས་མི། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཅོན་རུའུ་ཡིས་བཤད་རྒྱུར། ཀྲུང་ལུགས་གསོ་རིག་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་མཆོག་ནོར་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་ཡར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ཧི་ཧོང་ཡན་ལག་སྨན་ཁང་འཛུགས་སྐྲུན་བྱེད་བཞིན་ཡོད། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་ནང་ལོག་གི་ཀྲུང་ལུགས་གསོ་རིག་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ནང་འདྲེན་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། མཚོ་སྔོན་གྱི་ཀྲུང་ལུགས་གསོ་རིག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཡོད། “མིག་སྔར། མང་ཚོགས་ཀྱི་སྨན་པ་སྟོན་པའི་དགོས་མཁོར་གཞིགས་ནས། ཀྲུང་ལུགས་གསོ་རིག་སྨན་ཁང་གིས་ཁྱད་ལྡན་ལེགས་ཆའི་ཆེད་ནད་སྒོ་བསྟེན་སྨན་ཁང་བཅུ་ལྷག་སྒོ་ཕྱེ་ནས་ཀྲུང་ལུགས་གསོ་རིག་གི་བྱིས་པའི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། སྨན་བཅོས་བརྒྱུད་རིམ་རྒྱུན་མཐུད་ངང་སྒྱུར་བཀོད་བྱེད་བཞིན་ཡོད། རྗེས་ཕྱོགས་ང་ཚོས་སྔོན་འགོག་དང་སྨན་བཅོས། ནད་གསོ། འཕྲོད་སྦྱོར་སོགས་ཐད་ཀྱི་ཀྲུང་ལུགས་གསོ་རིག་གི་ནུས་པ་གལ་ཆེན་སྤྱད་དེ། མང་ཚོགས་ལ་གཞི་གཅིག་ཅན་གྱི་བདེ་ཐང་དང་རྒན་གསོའི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པར་ཡིད་ཆེས་ཡོད”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།