རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་འཕྱུར།
2022.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གསུམ་པ་ཚོགས་རྗེས་སུ།  ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའམ་རྐང་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཚ་རླབས་བསླང་དགོས་པའི་སྐོར་ཁྱབ་སྒྲོག་བྱས།

ཀྲུའུ་ཁྲིན་ཆིན་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཚོགས་རྗེས་སུ། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་བསླངས་པའི་ སྐོར་ནས་མཚམས་སྦྱོར་བྱས།

དང་པོ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་གཏིང་ཟབ་བྱེད་དགོས། འོམ་ཆུ་གྲོང་རྡལ་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིའི་མཚོ་སྔོན་དུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་གྲུབ་འབྲས་གཞན་སྒྱུར་ལ་རྟོག་ཞིབ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས། ཏང་ཡོན་ཚང་མར་ཁ་ཕྱོགས་ཏེ་རྣམ་པ་མང་བ་དང་རིམ་པ་དབྱེ་བ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། གྲོང་རྡལ་ཏང་ཨུ་དང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་སོགས་ཐུན་མོང་གིས་སློབ་སྦྱོང་བྱེད་པར་ཧུར་ཐག་གིས་རྩ་འཛུགས་བྱས་ནས།ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་།  སྣེ་ཁྲིད་དེ་བགྲོ་གླེང་བྱས་ནས་སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། ཏང་ཀྲི་པུའུ་སོ་སོས་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཆེད་དོན་ཞིབ་འཇུག་སློབ་སྦྱོང་དང་གཅིག་སྡུད་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་རྩ་འཛུགས་ཞིབ་མོ་བྱས། གྲོང་རྡལ་གྱི་ཁག་བགོས་མགོ་ཁྲིད་པ་དུས་སྐབས་དང་པོའི་ནང་འབྲེལ་གཏུག་སྡེ་བར་བསྐྱོད་དེ་ཚོགས་ཆེན་གྱི་གནས་ཚུལ་ཆེད་དོན་སྒྲོག་འགྲེལ་བྱས་ཏེ། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་ཡང་དག་བྱས་ནས་སློབ་སྦྱོང་དང་དྲིལ་སྒྲོག་བྱ་བའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་།

གཉིས་པ། གཞི་རིམ་གྱི་ལས་གནས་དང་པོར་ཁ་ཕྱོགས་པ་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བྱེད་པར་ཁྱོན་ཡོངས་ནས་སྐུལ་སློང་བྱས།  རོང་འབྲོག་པའི་ཏང་ཡོན་རྒན་པར་དམིགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་བྱ་བའི་རུ་ཁག་བཙུགས་ནས་བར་ཐག་མེད་པ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འགྱུར་ལྡོག་གླེང་པ་དང་མྱོང་ཚོར་བཤད་པ། མ་འོངས་པ་གླེང་པ་བཅས་བྱས་ནས་རོང་འབྲོག་པའི་ཏང་ཡོན་རྒན་པ་ཚོས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཤེས་རྟོགས་ཐུབ་པ་བྱས་ཏེ། ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ཕ་ཡུལ་འཛུགས་སྐྲུན་གྱི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རོང་འབྲོག་ཁུལ་གྱི་ན་གཞོན་ཏང་ཡོན་རྣམས་ལ་དམིགས་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཀྲི་པུའུ་ཡི་ཁོངས་མི་རྩ་འཛུགས་བྱས་ནས། དྲ་ཐོག་དང་དྲ་འོག་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་ནས་ཁྱོན་ཡོངས་དང་ཟུར་མང་པོའི་ཐོག་ནས་སྒྲོག་འགྲེལ་བྱེད་པ། རོང་འབྲོག་ཁུལ་གྱི་ན་གཞོན་ཏང་ཡོན་རྣམས་ལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུའི་ཁྲིད་སྟོན་བྱས་ནས་ཚོགས་འདུའི་དགོངས་དོན་དེ་ཀྲི་པུའུ་དང་ཏང་ཡོན་མི་རེར་བརྒྱུད་སྒྲོག་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་དུ་ཁྱབ་པར་བྱེད་དགོས། རོང་འབྲོག་མང་ཚོགས་ལ་དམིགས། དུས་རབས་གསར་པའི་དཔལ་ཡོན་གྱི་ལག་ལེན་ས་ཚུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་སྒྲོག་འགྲེལ་བྱེད་པ་སོགས་མང་ཚོགས་ཀྱིས་ཉན་སྤྲོ་བའི་རྣམ་པར་བརྟེན་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་རྩྭ་ཐང་དང་འབྲོག་ཁུལ་དུ་སྤེལ་ནས་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཏེ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་མཐུན་སྒྲིལ་ཡར་བརྩོན་གྱི་མཉམ་ཤུགས་ཆེན་པོ་ཞིག་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ཐུབ་པ་བྱེད་དགོས།

གསུམ་པ། གསར་སྐྲུན་གྱི་རྣམ་པ་དང་བྱེད་ཐབས་གསར་གཏོད་ཟུང་འབྲེལ་བྱས་ཏེ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་ཡོང་བར་སྐུལ་འདེད་ནུས་ལྡན་བྱེད་དགོས། འོམ་ཆུ་གྲོང་བརྡལ་དུ་གྲོང་བརྡལ་ཡོངས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཕེབས་མྱོང་བའི་ལམ་དུ་བསྐྱོད་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་སློབ་སྦྱོང་བྱེད་པ་ཞེས་པའི་ཏང་ཡོན་གསོ་སྦྱོང་གི་ལམ་ཕྱོགས་བརྒྱུད་དེ། དཀོན་ལོ་གོང་མ་སྡེ་བའི་ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་ས་ཚིགས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་ལ་ཕྱིར་དྲན་བྱས་ཏེ། སྙན་ཞུ་ཀློག་པ་དང་བསམ་ཚུལ་གླེང་བ་སོགས་ཀྱི་བྱེད་སྒོ་རྩ་འཛུགས་བྱས་ནས། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྙན་ཞུ་ཇི་མ་ཇི་བཞིན་དུ་བཀླགས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་བློ་སྟོབས་ཆེར་སྐྱེད་དང་བྱ་སྤྱོད་ལ་སྣེ་ཁྲིད་བྱེད་པ།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་དམངས་ཚིས་དོན་དངོས་ཉིན་ལྟར་བསྒྲུབ་དགོས་ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ། རང་འགུལ་གྱིས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ནས་མང་ཚོགས་འཕྲད་པའི་གནད་དོན་དང་མང་ཚོགས་ཀྱིས་རྒྱུན་དུ་སེམས་ཁུར་བྱེད་བཞིན་པའི་བྱ་བ་སྣ་ཚོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱེད་པ་པ་དང་། མྱུར་དུ་ཐག་གཅོད་བྱེད་མི་ཐུབ་པའི་རིགས་ཐོ་འགོད་བྱས་ཏེ་དུས་ཚོད་ངེས་ཅན་གྱི་ནང་དུ་ཐག་གཅོད་བྱེད་པ་བཅས་བྱས་ནས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དམངས་ཀྱི་དཀའ་གནད་སེལ་བ།  བྱ་བ་དངོས་ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ཀྱི་སེམས་བདེ་རུ་བཅུག་སྟེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྔར་ལས་དྲོ་སྐྱིད་ལྡན་པར་བྱས་ནས་རོང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས།

ཀྲུའུ་ཁྲིན་ཆིན་གྱིས་ཕྱིས་སུ་རྐང་ཚ་རྫོང་གིས་ཏང་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་བདེ་སྐྱིད། གྲོང་གསེབ་དར་རྒྱས། སྐྱེ་ཁམས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཐད་རྒྱུན་མཐུད་ངང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཡག་པོ་བྱས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས་ཟེར།

                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།