སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ལྟར་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད།
2022.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་ནས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

ཉེ་ལམ།གྲོལ་མ་ཐག་པའི་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་རྒྱང་སྐྱོད་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་སྟེང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཚོགས་ཚུན་དུ་བླངས་པའི་གྲུབ་འབྲས་གལ་ཆེན་དག་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་འདས་ཟིན་པའི་ལོ་ལྔའི་འཕེལ་རྒྱས་ཐད་བསགས་པའི་ཉམས་མྱོང་གལ་ཆེན་སྐོར་ཚད་མཐོན་པོས་སྙིང་བསྡུས་བྱས་ནས།ཕྱིན་ཆད་ཀྱི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན་གཙོ་བོ་གསལ་བོར་བཏོན་ནས།ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ངེས་པར་དུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས།སྙིང་སྟོབས་ཆེར་སྐྱེད་དང་རྣམ་པ་གསར་གཏོད།ཡང་འབད་བསྐྱར་འབད་དང་ལེགས་སྒྲུབ་ལེགས་འགྲུབ་བཅས་བྱས་ཏེ།སློབ་སྦྱོང་དང་ལག་བསྟར་བྱ་བ་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གཉིས་ལ་མཚོ་སྔོན་དུ་ཕེབས་ནས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་གནང་བ་དང་།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་བར་མ་ཟད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ།མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ནས་རླབས་ཆེན་གྱི་ཇུས་གཞི་རིས་སུ་བཀོད་དེ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་། གཟིགས་ཞིབ་མཛད་ཐེངས་རེ་རེ་དང་གྲོས་ཞིབ་གནང་ཐེངས་རེ་རེ་ཚང་མ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་གཅེས་སེམས་ཟབ་མོ་ཞིག་དང་སྐུལ་ལྕག་ཆེན་པོ་ཞིག་རེད། ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དྲིན་ཚོར་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་རྨང་གཞི་བརྟན་པོ་འདིང་བ་དང་ཡུན་རིང་ལ་དམིགས་པའི་དོན་དག་གལ་ཆེན་མང་པོ་ཞིག་བསྒྲུབས་པ་དང་།དམངས་ཚིས་ལ་ཕན་པ་དང་དམངས་སེམས་གཅིག་སྡུད་ཀྱི་བྱ་བ་སྣ་ཚོགས་ཡག་པོར་བསྒྲུབས་པས་གྲུབ་འབྲས་ཆེན་པོ་བླངས་ཤིང་། དུས་ལྟར་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པར་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་སྦས་ཤུགས་ཀྱིས་ཁེངས་ཡོད།

ཕུན་སུམ་ཚོགས་པའི་གྲུབ་འབྲས་ནི་ཐོག་མཐའ་བར་གསུམ་དུ་རླབས་ཆེན་གྱི་བསམ་བློའི་ཁྲིད་སྟོན་དང་ཁ་འབྲལ་ཐབས་མེད། ལོ་ལྔའི་རིང་།མཚོ་སྔོན་གྱི་བྱ་གཞག་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གཏིང་ཟབ་པའི་གཞི་རྩའི་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེའི་ཆེས་རྩ་བར་གྱུར་པའི་རྒྱུ་རྐྱེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པའི་ངོས་ནས་ཕྱོགས་སྟོན་དང་སྣེ་ཁྲིད་མཛད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པས་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་མཛུབ་སྟོན་ནི་ང་ཚོ་མདུན་སྐྱོད་ཀྱི་ལམ་བུའི་སྟེང་དཀའ་ངལ་དང་ཉེན་ཁ།འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་ཡིད་ཆེས་ས་དང་བློ་འཁེལ་ས་ཡིན།

ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ། གསར་གཏོད་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ།དཔལ་ཡོན་འཆམ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ།མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ།ཆབ་སྲིད་དྭངས་གསལ་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་ནི་ཕྱིན་ཆད་ཀྱི་ལོ་ལྔའི་རིང་གི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་གཙོ་བོ་དེ་ཡིན་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཡང་མཚོན་ཡོད། ཡིན་ནའང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་རྒྱུ་ནི་དེ་འདྲའི་ལམ་ལྷོངས་ཡོང་བ་ཞིག་དང་སྒྲུབ་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་པར་དངོས་ཡོད་ཀྱི་དཀའ་ངལ་དང་ཉེན་ཁ།འགྲན་སློང་མང་པོ་ཞིག་ནི་མདུན་སྐྱོད་ཀྱི་ལམ་བུའི་སྟེང་གི་བཀག་རྡོ་ལྟ་བུར་གྱུར་ཡོད་པ་གསལ་བོར་མཐོང་དགོས།ང་ཚོས་ཚོགས་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཐད་བཏོན་པའི་སྤྱིའི་བླང་བྱ་ལྟར།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས།ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་དང་།“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ལེགས་པོར་བསྒྲུབ་པ་བཅས་བྱས་ནས།ཆ་ཚང་ཞིང་ནོར་འཕྱུགས་མེད་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་འདོམས་ལ་གཅིག་གྱུར་གྱིས་འཆར་འགོད་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ།མ་ལག་འདུ་ཤེས་རྒྱུན་འཁྱོངས་དང་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཀྱིས་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས།ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ནན་མོ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཤུགས་སྣོན་བྱེད་པ། ཐོན་ལས་“ས་ཁུལ་བཞི”གཙོར་བྱས་པའི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་དཔལ་འབྱོར་མ་ལག་འཛུགས་པར་ཤུགས་སྣོན་པ། ཐུན་མོང་ཕྱུག་འགྱུར་གྱི་ལག་ལེན་ལམ་བུ་འཚོལ་ཞིབ་བྱེད་རྒྱུར་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་མདུན་གྲལ་དུ་བསྐྱོད་པར་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་།རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཐད་ཀྱི་ས་ཁུལ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ།སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བྱེད་པ་བཅས་བྱས་ནས།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་དགོས།

ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་དང་འཐབ་ཕྱོགས་སོ་སོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས།གོ་བ་ཟབ་མོ་ལེན་པ་དང་ནང་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ།ཕྱིན་ཆད་ཀྱི་ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བར་སྐུལ་འདེད་གཏོང་བ་དང་།བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ།བློ་བརྟན་འགྱུར་མེད་ཀྱིས་ཏང་འདི་ཉིད་སྔར་ལས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ཏེ་རྒྱུན་ཆད་མེད་པར་སྔར་ལས་ཆེ་བའི་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།

འཆར་འགོད་ཀྱིས་མི་རྣམས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བ་དང་དངོས་སྒྲུབ་ཀྱིས་མ་འོངས་གསར་གཏོད་བྱེད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་། དྲིན་ཚོར་ཡར་བརྩོན་དང་རང་འགུལ་ངང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ནན་མོ་དེ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་བརྗིད་ཆེའི་སྟོབས་ཤུགས་སུ་བསྒྱུར་པ་དང་།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རྒྱུན་ཆད་མེད་པར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ནས། གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་བ་དང་།ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱས་ཏེ།ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་བྲིས་ཏེ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བར་ཧུར་ཐག་འབད་འཐབ་བྱེད་དགོས།

                                                                              ཡིག་སྒྱུར་བ། གཡང་འབུམ་རྒྱལ།