བློ་སེམས་གཅིག་སྒྲིལ་གྱིས་སྐྱོད་ལམ་གསར་བ་འབྱེད། འབད་བརྩོན་ལྷོད་མེད་ཀྱིས་མ་འོངས་ཕྱོགས་སུ་བསྐྱོད།
2022.05.31 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 15

—ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་གྲོལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་དང་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་མཉམ་དུ་སྙན་ཞུ་ལ་ཉན་པ་དང་། སྙན་ཞུ་ལ་སློབ་སྦྱོང་། སྙན་ཞུའི་གོ་བ་ལོན་པ་བཅས་བྱས་པས་ཡིད་ཆེས་ཀྱིས་ཁེངས་འདུག ཚང་མས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ནས། ས་བོན་ཞིག་དང་འདྲ་བར་ལས་རྐང་དུ་གཞི་ཚུགས་པ་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བསྐྲུན་དགོས་པར་འདོད།

ཏང་གི་འཐུས་མི་ཚོགས་ཆེན་གྱི་ཚོགས་ར་ནས་ལས་གནས་ཐོག་ཕྱིར་ལོག་པའི་ཞིང་ཆེན་སློབ་གསོ་ཐིན་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཐིན་ཀྲང་ཧྲིན་ཧུང་ཞིན་གྱིས་བཤད་རྒྱུར། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་མ་འོངས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་པས་ཞིབ་ཚགས་ངང་བལྟས་ཚེ་མི་སེམས་ལ་སྐུལ་མ་ཐེབས་ཐུབ། མ་འོངས་པའི་ལོ་ལྔའི་ནང་། ཞིང་ཆེན་ཡོངས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་བཟོ་སྐྲུན་དང་། སློབ་གྲྭའི་རིག་གནས་འཛུགས་སྐྲུན། སློབ་སྔོན་སློབ་གསོ་ཁྱབ་གདལ་དང་ཀུན་ལ་ཕན་འདོགས་ཚད། འོས་འགན་སློབ་གསོ་མཐོར་གཏོང་བཟོ་སྐྲུན། ‘གཉིས་འཕྲིའི’བྱ་བ་གཏིང་ཟབ་དང་ཏན་ཏིག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་ལག་ལེན་ཧུར་ཐག་བྱས་ནས། མཚོ་སྔོན་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གིས་གཉེར་དགོས་ཟེར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་ལག་བསྟར་དངོས་འབེབ་བྱེད་རྒྱུར་ང་ཚོར་འགན་འཁྲི་ལྕི་མོ་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཝང་ཞང་ཀའོ་ཡིས་བཤད་རྒྱུར། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་བཅས་བྱས་ནས། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་གཞིའི་བཀོད་སྒྲིག་ཇུས་གཞིར》ཆོག་མཆན་ཞུ་བའི་བྱ་བ་ཡག་པོ་སྒྲུབ་པ་དང་། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཀྱི་ཞིབ་མཆན་འགོད་པའི་འཕེལ་རིམ་སོགས་དོ་དམ་བྱ་ཐབས13དོན་འཁྱོལ་བྱེད་པ། འབྲི་ཆུའི་འགོ་ཁུངས་དང་རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ཁུལ་གྱི་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གངས་རིའི་འཁྱགས་རོམ་དང་བརླན་ས་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཞན་འགྱུར་རྩྭ་ཐང་དང་བརླན་ས་སོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་གནོད་ཡོད་སྐྱེ་དངོས་འགོག་བཅོས་བྱ་བ་ཏན་ཏིག་གིས་སྤེལ་ནས། རྒྱལ་ཁབ་སྤྱི་གླིང་ནང་གི་གང་བྱུང་སྔོག་འདོན་བྱེད་པར་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གི་བདེ་འཇགས་མཐའ་ཚད་ནན་སྲུང་བྱེད་དགོས་ཟེར།

ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཞུས་ཧོང་ཝའེ་ཡིས་སྙན་ཞུ་ལ་ཞིབ་ཀློག་ཡང་ཡང་བྱས་ནས་རྟགས་རྒྱབ་ཡོད་པ་དང་། བརྡ་ཆད་གཙོ་བོའི་འགྲམ་དུ་རང་ཉིད་ཀྱི་མྱོང་ཚོར་བྲིས་ཡོད། ཁོས་བཤད་རྒྱུར། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འབེབས་བྱས་པའི་ཐབས་ཇུས་དང་བཀོད་སྒྲིག་སྟེང་གཅིག་གྱུར་དངོས་འབེབ་བྱ་དགོས། ཞིང་ལས་དང་ཞིང་སྡེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བསྐྲུན་པ་བཅས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་འགན་འཁྲི་འཁུར་མཁས་པོ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་གྲོང་གསེབ་དར་སྤེལ་གཏོང་བའི‘བྱ་སྤྱོད་ཆེན་པོ་བརྒྱད’ལག་བསྟར་ཡག་པོ་བྱས་ནས། ཞིང་ལས་དང་ཞིང་སྡེའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས་ཟེར།

ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་རོགས་སྐྱོར་མཐུན་སྦྱོར་དང་སྔོན་ཇུས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་། ཏང་ཀྲི་པུའུ་ཧྲུའུ་ཅི་ལི་བན་ཝའེ་ཡིས་སྙན་ཞུ་ལ་ཉན་པ་དང་། སྙན་ཞུ་ལ་སློབ་སྦྱོང་བྱས་ཏེ་བཤད་རྒྱུར། “ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས། རང་ཉིད་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་མ་ཟད། ད་དུང་ཀྲི་པུའུ་ཡི་ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་ཐུན་མོང་གིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དང་འཕྲལ་སྒྲུབ་སྔོན་ཇུས་མ་ལག འཕྲལ་སྒྲུབ་རོགས་སྐྱོར་དཔུང་ཁག་འཛུགས་སྐྲུན། འཕྲལ་སྒྲུབ་སྦྱོང་བརྡར་སོགས་ལྟེ་བའི་བྱ་བ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ཏེ། ཀྲི་པུའུ་ཡི་བྱ་བར་ཇུས་འགོད་ནན་ཏན་དང་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་འགོ་རྩོམ་ས་གསར་པའི་ཐོག་སྤེལ་བའི“སྐུལ་སློང་བཀའ་ཁྲིམས”དང་། བཀོད་སྒྲིག་བྱས་པའི་དམག་འཐབ། གཤམ་བསྒྲགས་བྱས་པའི་ལས་འགན་ཡི་གེ་བཅས་ལ་བརྩི་བཞིན་ཡོད། རྩྭ་ཐང་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་ཁའེ་ཡིས་བཤད་རྒྱུར། “ང་ཚོས་རང་ཞིང་གི་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་ཁག22སྔར་ལས་དམ་འཛིན་ནན་མོ་བྱས་ཏེ། རྩྭ་ཐང་གི་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རྩྭ་ཐང་དང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། རྩྭ་ཐང་གི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ། རྩྭ་ཐང་གི་རྨང་གཞིའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་གནོད་ཡོད་སྐྱེ་དངོས་ཡོངས་ཁྱབ་ཞིབ་བཤེར་སྒྲིག་འཛུགས་བྱེད་པ། རྩྭ་ཐང་སྲུང་སྐྱོབ་ཉམས་གསོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རྩྭ་ཐང་གྲངས་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཟེར།

“དམངས་ཀྱི་ཆེད་དུ་རྒྱུ་ནོར་བདག་གཉེར་གྱི་འགན་འཁྲི་ཁྱོན་ཡོངས་ནས་ཁུར་ཏེ་ཏང་གི་འཐུས་མི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་དགོས།” མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་སྔོན་རྩིས་ཁྲུའུ་ཡི་འགན་འཁུར་བ་ཁྲིན་ལེ་ཡིས་བཤད་རྒྱུར། ནོར་སྲིད་ཀྱིས་སྲིད་དོན་ལ་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་ལ་དངོས་གནས་ཤུགས་བསྣན་ཏེ། ཧུར་ཐག་གིས་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་མཐོ་རུ་གཏོང་བ་དང་། རང་ཞིང་གི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར། “མཐོ་ས”བསྐྲུན་པ། “གནས་བཞི”འཛུགས་སྐྲུན་སོགས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས། ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཟེར།

ཞིང་ཆེན་དམངས་སྲིད་ཐིན་རྒན་གསོ་ཞབས་ཞུ་ཁྲུའུ་ཡི་ལས་བྱེད་པ་ཝང་ལི་ལི་ཡིས་དུས་ཡུན་རིང་པོའི་ནང་རྒན་གསོའི་སྲིད་ཇུས་ཞིབ་འཇུག་ལ་གཞོལ་ཞིང་། ཁོ་མོས་མཐོ་སྒང་གི་རྒན་གསོའི་རྣམ་པར་སྐུལ་འདེད་གཏོང་བའི་ཐད་ད་དུང་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པར་འདོད། ཁོ་མོས་བཤད་རྒྱུར། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ང་ཚོས་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ལས་དོན་ལ་ལས་ཕྱོད་སྔར་ལས་ཆེ་བ་དང་། སྔར་ལས་དྲང་བདེན་ཡིན་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་སྟེ། ཧུར་ཐག་གིས་ལས་ཁུངས་སྡེ་ཁུལ་གྱི་ཁྱིམ་སྡོད་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་ཁམས་གསོ་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྒན་གསོའི་ཞབས་ཞུའི་མ་ལག་ཧུར་ཐག་གིས་བཙུགས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་མཚོ་སྔོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒན་པའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས་ཟེར།

ལས་ཞུགས་ནི་དམངས་ཚིས་རྩ་བ་ཡིན། ཞིང་ཆེན་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཅོན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབ་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་ཚིས་འགན་སྲུང་དང་ལས་ཞུགས་བརྟན་པོ་ཡོང་བའི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་གཙོ་གནད་རྣམ་གྲངས་དང་གཙོ་གནད་ཁེ་ལས་ཀྱིས་མི་བཀོལ་པའི་ཞབས་ཞུ་ཡག་པོ་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ཞོར་ལས་པའི་དབུལ་ཐར་གྱི་ངལ་རྩོལ་ནུས་ཤུགས་ལ་དམ་པོར་དམིགས་ནས་རང་འགུལ་ངང་ལས་ཞུགས་ཞབས་ཞུ་ཡག་པོ་བསྒྲུབས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ལས་བསྐྲུན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་བཟོ་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ཏེ། ལས་ཞུགས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་རྒྱུན་མཐུད་བརྟན་བརླིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཤེས་དར་སྤེལ་ཤུགས་ཆེན་བཏང་ནས། མཐོ་སྒང་དུ་ལུས་རྩལ་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་ཆེད་ལེགས་སྐྱེས་འབུལ་དགོས། ལུས་རྩལ་པར་མཚོན་ན། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་རྔུལ་ཆུ་བཏོན་ནས་མཚོ་སྔོན་ལ་གཟི་བརྗིད་བརྩོན་ལེན་བྱས་པ་ཞིག་རེད། མཚོ་སྔོན་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ལི་ཝའེ་ཏུང་གིས་བཤད་རྒྱུར། “དགུན་དུས་དོ་དམ་ལྟེ་གནས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས། དགུན་དུས་རྣམ་གྲངས་ཀྱི་སྐས་རིམ་ལྟ་བུའི་རུ་ཁག་ཡག་པོ་བཙུགས་ཏེ། དགུན་དུས་རྣམ་གྲངས་ཀྱི་རྩལ་འགྲན་ཆུ་ཚད་མཐོ་རུ་གཏོང་བ་དང་། དགུན་དུས་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཚད་བརྒལ་ཡོང་བ་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། སྟོབས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་ཀྱིས་མཚོ་སྔོན་གྱི་དགུན་དུས་རྣམ་གྲངས་ཀྱི་གཟེངས་བསྟོད་རྟགས་མ་དང་གྲུབ་འབྲས་གཉིས་ཚད་བརྒལ་ཡོང་བ་བྱ་རྒྱུ་ཡིན་ཟེར།

ཞིང་ཆེན་འཁྲབ་སྟོན་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་ལས་འཛིན་པ་ལུའུ་ཞའོ་དཔའ་ཡིས་བཤད་རྒྱུར། “ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་དོན་འཕེལ་རྒྱས་ལ་དམིགས་འབེན་གསལ་པོ་བཏོན་ཡོད། ང་ཚོས་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། རིག་རྩལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་དང་། རིག་གནས་ལ་བརྟེན་ནས་དམངས་ལ་ཕན་བདེ་བསྐྲུན་པ། རིག་རྩལ་ལ་བརྟེན་ནས་ལས་དོན་འཕེལ་རྒྱས་གཏོང་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ། སྒྱུ་རྩལ་གསར་རྩོམ་དང་ཐོན་སྐྱེད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཐབས་ལམ་མང་པོར་བརྟེན་ནས་འཁྲབ་སྟོན་ཁྲོམ་ར་རྒྱ་ཆེར་གཏོང་བ། ཕུལ་བྱུང་གི་སྒྱུ་རྩལ་བརྩམས་ཆོས་ལ་བརྟེན་ནས་བློ་རྩེ་གཅིག་སྒྲིམ་དང་བརྩེ་སེམས་ལ་བརྟེན་པ། མཚོ་སྔོན་གྱི་གཏམ་རྒྱུད་ནུས་ཤུགས་ཡོད་རྒུས་ལེགས་པར་བཤད་དགོས་ཟེར།

ཞིང་ཆེན་གནམ་གཤིས་ཅུའུ་ཏང་རྩ་འཛུགས་ཀྱི་ཁོངས་མི། ཅུས་ཀྲང་གཞོན་པ་ཞུས་ཝེ་ཡིས་བཤད་རྒྱུར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དེ2022ལོའི་གཙོ་གནད་བྱ་བའི་ལས་འགན་ལ་ཟུང་འབྲེལ་དམ་པོ་བྱེད་པར་སྐུལ་འདེད་བཏང་སྟེ། གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་འགོག་སྲུང་འཛིང་རགས་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་གནམ་གཤིས་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།