འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་བཏང་ནས་མཛེས་སྡུག་ལྡན་པའི་འཆར་འགོད་ལ་འབད་བརྩོན་བྱེད་པར་སྐུལ་འདེད་བྱས།
2022.05.31 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 18

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་གྲོལ་རྗེས།  ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།  ཉིན་ཤས་རིང་བསྟུད་མར་ཚང་མས་སློབ་སྦྱོང་ནན་ཏན་དང་གོ་བ་ཞིབ་མོ་བླངས།  ཚང་མས་ལོ་ལྔའི་རིང་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་མཛེས་སྡུག་ལྡན་པའི་འཆར་འགོད་ལ་འབད་བརྩོན་བྱེད་པར་སྐུལ་འདེད་བྱས། སྐབས་གསར་པའི་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ནས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་འབད་བརྩོན་ཆེན་པོས་འབྲི་དགོས་པར་བསྟན།

གྲུབ་འབྲས་གསར་པས་མི་སེམས་སྐུལ།

དུས་ལྟར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་པ།བྱ་བ་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་འདས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ཡོད་པས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་རེད།

འདས་ཟིན་པའི་ལོ་ལྔའི་ནང་ང་ཚོ་ཧྲི་ན་ཁུལ་གསར་དུ་གནས་སྤོས་པ་དང་། སྒོ་ཕྱིར་འགྲོ་སྐབས་སློབ་གྲྭ་དང་སྒོ་རྩིས་ཚོང་ཁང་ཡོད་པས་སྡེ་མིའི་འཚོ་བ་སྔར་ལས་ཇེ་ལེགས་སུ་སོང་ནས་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲོན་ཁི་གྲོང་རྡལ་ཧྲི་ན་གྲོང་སྡེ་བའི་ཏང་ཡོན་ཝང་ཡུའུ་ཧྥེ་ཡིས་དགའ་སྤྲོའི་ངང་བཤད། ཁོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་ཚོགས་པར་བརྟེན། མི་དམངས་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་མདུན་ལམ་ལ་སྔར་ལས་རེ་སྒུག་བྱེད་བཞིན་ཡོད་པ་དང་རྗེས་ཕྱོགས་ཀྱི་འཚོ་བ་དེ་བས་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་ཆེན་པོ་ཡོད་ཟེར།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ།  མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་བྱ་བའི་ཐད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཞིང་གནམ་གཤིས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ནས།  མི་དམངས་མང་ཚོགས་ཀྱི་ཡིད་རྟོན་ནུས་པ་མཐོར་འདེགས་ཆེན་པོ་བྱུང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཅུའུ་ཀྲང་ལིས་ཧྥུན་ཞ་ཡིས་རེ་བ་སྔར་ལས་མཐོ་བ་དང་ཚད་གཞི་སྔར་ལས་མཐོ་བའི་སྟེང་ནས། གནམ་གཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་དང་ཞིབ་ཕྲའི་བྱེད་ཐབས་ཇུས་འགོད་ལ་སྐུལ་འདེད་ནན་མོ་བྱས་ནས།  དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་གནམ་གཤིས་ལས་རིགས་ཀྱི་ལེགས་སྐྱེས་འབུལ་དགོས་ཟེར།

ལོ་ལྔའི་རིང་གི་འགྱུར་ལྡོག་ནི་ཚང་མས་མིག་མཐོང་ལག་ཟིན་ཞིག་རེད།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ལས་ང་ཚོས་འདས་ཟིན་པའི་ལོ་ལྔའི་རིང་གི་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཕན་འབྲས་ཉམས་སུ་མྱོང་ཐུབ་པར་མ་ཟད།དེ་དང་མཉམ་དུ་ང་ཚོར་ཡིད་དབང་འཕྲོག་ལ་གཟི་བརྗིད་ལྡན་པའི་འཆར་གཞི་ཞིག་བཟོས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་ཀྱི་ཆབ་སྲིད་རྩ་དོན་མཐོ་ཤོས་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་ནུས་ལ་དམིགས་དམིགས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཡིན་ཞེས་ཞིང་ཆེན་དམངས་ཆེན་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དྲ་སྦྲེལ་ལྟ་སྐུལ་ཁྲུའུ་རིམ་པ་དང་པོའི་ཀྲུའུ་རིན་མཱ་ཧེ་ཡན་གྱིས་བཤད།

མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་རུ་ཁག་གི་ཁོངས་མི་དང་ཟི་ལིང་གྲོང་ཁྱེར་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཏི་ཡིས་བཤད་རྒྱུར།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ།  མཚོ་སྔོན་འཛུགས་སྐྲུན་གྱི་འབད་འཐབ་ལོ་རྒྱུས་དང་མི་སེམས་འགུལ་བའི་བྱས་རྗེས་སྔོག་འདོན་དང་ལེགས་སྒྲིག  དྲིལ་སྒྲོག་བྱེད་པ་དང་།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་མཚོ་སྔོན་གྱི་འགྱུར་ལྡོག་ཆེན་པོ་གླེང་ནས།  རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ལ་མི་སྒེར་གྱི་ཕུགས་འདུན་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་ནས་སློབ་གསོའི་ཁྲིད་སྟོན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བཅངས་པའི་བརྩེ་སེམས་ཀྱི་ངོས་ཟིན་དང་རིན་ཐང་གི་ངོས་ཟིན་ཇེ་ཟབ་ཏུ་གཏོང་དགོས་ཟེར།

འཆར་འགོད་གསར་པས་མི་རྣམས་མདུན་དུ་བསྐྱོད་པར་སྐུལ།

ཉེ་ལམ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཚོགས་པའི་གཏམ་བཟང་དེ་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་འགྲིམ་འགྲུལ་ལས་གཞི་སྟེ། ཟི་ལིང་ནས་ཧུའུ་ཀྲུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲ་ཐང་ཁྲོན་ཟམ་ཆེན་འཛུགས་སྐྲུན་ཡུལ་དངོས་སུ་ཁྱབ། ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་ལས་གཞི་གཉིས་པའི་ཟམ་ཆེན་གྱི་འཛུགས་སྐྲུན་གཙོ་བོ་དང་ལམ་གཞིའི་གཙོ་ཐིག་ཚང་མ་ལེགས་འགྲུབ་བྱས་ཡོད་པ་དང་།  ལས་བྱེད་པ་དང་ལས་བཟོ་པ་རྣམས་ཀྱིས་ཡུལ་དངོས་སུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱེད་བཞིན་འདུག  ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་མ་འོངས་པའི་ལོ་ལྔའི་རིང་མཚོ་སྔོན་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས། ང་ཚོས་བྱ་སྤྱོད་དངོས་ཀྱི་སྟེང་ནས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བ། ལས་ཕྱོད་མཐོ་བ་བཅས་ཀྱི་སྒོ་ནས་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རླངས་འཁོར་ཤར་གཏོང་བྱེད་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་ཏེ། འབད་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་དགོས་ཞེས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་ཟིའི་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་ལས་གཞིའི་གཞུང་ལས་ཁང་གི་ཀྲུའུ་རིན་ལིས་གོ་ཆོན་གྱིས་བཤད།

ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་བཏོན་པའི་བླང་བྱ་གསར་པ་དང་བྱེད་ཐབས་གསར་པ། བསམ་ཕྱོགས་གསར་པ། དམིགས་འབེན་གསར་པ་བཅས་རབ་དང་རིམ་པས་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཆན་ཡུན་གྱིས་བཤད།  ཁོས་མུ་མཐུད་དུ་ང་ཚོས་རྒྱལ་ཁབ་དང་ཞིང་ཆེན་གྱི་དོན་ཆེན་ཡིད་ལ་དམ་པོར་ངེས་པར་བྱས་ནས། ཏང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་སྟེང་ནུས་པ་ཆེན་པོ་བཏོན་ཏེ་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ། གཞུང་སྒྲུབ་ཐིན་གྱི་བྱ་བ་སྣ་ཚོགས་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུ་སློབ་སྦྱོང་ནན་ཏན་བྱས་རྗེས། ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་ཁྱབ་ལས་འཛིན་པ་མཱ་ཡུའུ་ཁྲིན་གྱིས་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཀུང་ཟིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཞིར་བཟུང་སྟེ། མུ་མཐུད་དུ་ཁེ་ལས་ལ་བཅོས་སྒྱུར་ཟབ་མོ་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས ཧུར་བརྩོན་ཆེན་པོས་མཚོ་བོད་མཐོ་སྒང་གི་ངར་ལྕགས་སྐྱེ་ཁམས་ཀྱི་ཐོན་ལས་འབྲེལ་ཐག་གསར་གཏོད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་སྟེང་ནས་སྟོབས་ལྡན་ཁེ་ལས་ཤིག་ཆགས་པར་བྱེད་རྒྱུ་ཡིན་ཟེར།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་གསར་འགྱུར་ལ་ལྟ་ཉན་བྱས་པ་བརྒྱུད།མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་བཟོ་སྐྲུན་དོ་དམ་པུའུ་ཡི་ན་གཞོན་ལས་བཟོ་པ་ཞེ་ཧྥེ་ལེན་གྱིས། ངས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་རང་ཉིད་ཀྱི་བྱ་སྤྱོད་དངོས་དང་བྱེ་བྲག་གི་བྱ་བའི་ཁྲོད་དངོས་འབེབས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ན་གཞོན་གྱི་འགན་འཁྲི་འཁུར་ནས་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ལས་འགན་གསར་བས་འགན་འཁྲིར་འབོད་སྐུལ་བཏོན།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་ང་ཚོར་ཕྱིན་ཆད་ཀྱི་འབད་བརྩོན་ཁ་ཕྱོགས་དང་ཐབས་ལམ་བསྟན་ཡོད་པས་ང་ཚོར་ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་ཡོད་ཅེས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ལས་བྱེད་པ། ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲི་ཧྲན་ཡུལ་ཚོ་ཧྥུན་ཅི་སྡེ་བའི་བྱ་བའི་རུ་ཁག་གི་ཧྲུའུ་ཅི་དང་པོའི་འགན་ཁུར་ཡོད་པའི་ཁྲའོ་ཡུང་ཏི་ཡིས་བཤད། ཁོས་ང་ཚོ་གྲོང་གསེབ་དར་སྤེལ་གྱི་འཐབ་ཕྱོགས་དང་པོར་བསྡད་ཡོད་པས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་།བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་ཡག་པོ་བྱས་ནས། ཚང་མའི་སྣེ་ཁྲིད་དེ་གསར་འབྱེད་ཡར་བརྩོན་དང་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་ཟེར།

ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཀན་ཧི་བཟོ་ལས་གླིང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་དོ་དམ་ཨུ་ཡོན་ལྷན་ལྷན་ཁང་གི་ཀྲུའུ་རིན་ཆིས་ཡན་ཕུན་གྱིས་བཤད་རྒྱུར།  ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་གླིང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་བཙུགས་ནས་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཁྲིམས་འཛིན་སྲིད་དོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་ཁྲིམས་འཛིན་སྲིད་དོན་ལས་དོན་ཡག་པོར་སྒྲུབ་པའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱས་ཏེ། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། རིག་གནས་ཀྱིས་སྲིད་དོན་ལ་གཞོགས་འདེགས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲན་གོ་པིན་གྱིས་བཤད།

རྒྱལ་ཡོངས་ཀྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཙོང་ཆུའི་དབུས་ཁུལ་ཁྲལ་དོན་ཅུའུ་ཡི་ཅུའུ་ཀྲང་ལིས་ཧེ་ཡན་གྱིས་བཤད་རྒྱུར། ཁྲལ་དོན་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་གྱི་བྱ་བའི་ཁྲོད་ལག་བསྟར་བྱས་ནས། ཁྲལ་འཇལ་ཞབས་ཞུའི་ཁྲོད་དུ་དོན་འཁྱོལ་ཐུབ་པ་བྱེད་དགོས། མིག་སྔར་དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་ཉུང་གཏོང་གི་བྱ་བའི་གཙོ་གནད་ཡག་པོར་བསྒྲུབ་སྟེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ཁྲལ་དོན་སྡེ་ཁག་གི་མི་སྣས་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

                                                                         ཡིག་སྒྱུར་བ། གཡང་འབུམ་རྒྱལ།