མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་ཡུས་ཧྲུའུ་ཡིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས།
2022.06.20 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 25

 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཆར་འགོད་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།  སྔོན་ལ་སློབ་སྦྱོང་དང་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བསམ་གཞིག་དང་ཇུས་འགོད་བྱས་ནས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྤྱད་དེ་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ངར་ཤུགས་གཅིག་སྒྲིལ་བཅས་བྱས་ནས།  མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་།

མཚོ་ལྷོ་ཁུལ་གྱི་གོང་འོག་ཚང་མས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྡེ་ཁག་སོ་སོས་ཁག་བགོས་དོ་དམ་གྱི་བྱ་བ་དང་ཟུང་འབྲེལ་བྱེད་པ་དང་།  ཞིབ་འཇུག་འཆར་འགོད་ནན་མོ་བྱེད་པ། རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་བྱེད་ཐབས་བཟོ་བ་དང་གནད་འཁེལ་བརྟན་རླིང་གི་སྙིང་སྟོབས་ལ་བརྟེན་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པར་དམ་འཛིན་བྱས་ཤིང་།  ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐུལ་འདེད་གཏོང་མཁན་ཞིག་བྱེད་པ་དང་ཆབས་ཅིག། ཞིང་ཆེན་ཏང་ཨུས་གཏན་འཁེལ་བྱས་པའི“ལམ་ཐིག”དང“བཟོ་སྐྲུན་དཔེ་རིས”ལ་རྩེ་གཅིག་ཏུ་དམིགས་ཏེ།   བློ་བརྟན་འགྱུར་མེད་བརྒྱད་དང་གཙོ་གནད་ལས་དོན་ཁག་ལ་དམ་པོར་དམིགས་ནས། མཚོ་ལྷོའི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པ། དེ་མིན་གཞི་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཟུང་འབྲེལ་དམ་པོ་བྱས་ནས། གཞི་གྲངས་དཔལ་འབྱོར་རྒྱ་སྐྱེད་དུ་གཏོང་བ་དང་། ཐབས་ལམ་འཚོལ་ཞིབ་དང་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི“བཟོ་སྐྲུན་རུ་ཁག”ཡག་པོ་ཞིག་བྱས།

མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་སྤྲད་པའི་ལས་འགན་དང་བླང་བྱ་གསར་པ་ཁོང་དུ་ཆུད་པར་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས།  ལངས་གནས་ཇེ་མཐོར་གཏོང་བ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སྙིང་སྟོབས་འཕེལ་བ། འགན་འཁྲི་ཏན་ཏིག་འཁུར་བ་བཅས་བྱས་ཏེ།  ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་དག་བྱེ་བྲག་གི་ལས་དོན་ཁྲོད་དོན་འཁྱོལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་ཁྲོད་མཚོ་ལྷོའི་ལེའུ་ཡག་པོ་ཞིག་རྩོམ་རྒྱུ་རེད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་རེས་སྐོར་གསོ་སྦྱོང་བྱེད་འགོ་བརྩམས།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་སྔར་བས་གཏིང་ཟབ་ལེན་ཆེད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་དུས་འགོའི་ཆེད་དོན་སློབ་སྦྱོང་བགྲོ་གླེང་གི་རྨང་གཞིའི་སྟེང་།   ཡུས་ཧྲུའུ་ཁུལ་གྱིས་དུས་དང་ཁག་བགོས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གཅིག་སྡུད་སྒོས་རེས་སྐོར་གསོ་སྦྱོང་བྱས་ཤིང་།  མིག་སྔར་རེས་སྐོར་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཡུས་ཧྲུའུ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭར་སློབ་འགོ་བརྩམས་ཡོད།

རེས་སྐོར་གསོ་སྦྱོང་ནང་དྲིལ་སྒྲོག་སྡེ་ཁག་གིས་སློབ་སྦྱོང་དང་དྲིལ་སྒྲོག་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ།  དྲིལ་སྒྲོག་གི་ལས་དོན་ཡག་པོ་བསྒྲུབས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་།  སྐད་འཕྲིན་སྤྱི་རྟགས་དང་། བརྙན་འཕྲིན་ཁང་། སྨྱན་བྱད་གསར་པའི་ལས་སྟེགས་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལས་ཁུངས་དང་། འབྲོག་ཁུལ། སློབ་གྲྭ། དམག་སྒར། དགོན་སྡེ། ཁེ་ལས། སྡེ་ཁུལ་བཅས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་སྟེ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་པར་བྱེད་པ་དང་ཆབས་ཅིག། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་བརྟན་འཇགས་དང་། གྲོང་གསེབ་དར་སྤེལ།  གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ནན་ཏན་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་རེས་སྐོར་གསོ་སྦྱོང་ནང་དགོངས་དོན་གསལ་འགྲེལ་དང་། རིགས་གཞུང་གི་མཛུབ་སྟོན། ཞིང་ཆེན་ཏང་གི་འཐུས་མིའི་མྱོང་ཚོར་མཉམ་སྤྱོད། ཡུལ་དངོས་ཀྱི་སློབ་ཁྲིད།  ཁག་བགོས་ཞིབ་བསྡུར་སོགས་ཀྱི་བྱེད་ཐབས་སྤྱད་ནས་མ་རྩོམ་ལ་སློབ་སྦྱོང་དང་། ཟུར་ཁྲིད་ལ་ཉན་པ། མྱོང་ཚོར་གླེང་བ་བཅས་བྱས་ཤིང་།  སློབ་མ་ཚོས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གྱི་སྙིང་བོ་དང་ལྟེ་བའི་དོན་སྙིང་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་ལོ་རྒྱུས་དོན་སྙིང་དང་། མཛུབ་སྟོན་གྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཟུང་འབྲེལ་བྱ་ཡུལ་དང་ཤུགས་ཕུད་སར་གནད་འཁེལ་འཚོལ་ཞིབ་བྱེད་པར་རོགས་རམ་བྱ་རྒྱུ་རེད། ཐེངས་འདིའི་རེས་སྐོར་གསོ་སྦྱོང་བྱ་ཡུལ་ཡུས་ཧྲུའུ་ཁུལ་ཐད་གཏོགས་སྡེ་ཁག་དང་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་།  ཡུལ་ཚོ་དང་གྲོང་རྡལ་སོ་སོའི་རྩ་འཛུགས་ཨུ་ཡོན།  སྡེ་བ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། “གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་ཡིན་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།