དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་རོལ་དབྱངས་དཀྲོལ།
2022.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

--སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཁྲུང་ཆིན་གྱི་ལེའུ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་ཐེངས་གཉིས་གནང་ནས་ཁྲུང་ཆིན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་ཁྲིད་འོག་ཁྲུང་ཆིན་གྱིས་སྐམ་ས་ཁུལ་གྱི་སྒོ་འབྱེད་མཐོ་ས་དང་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་ལྡན་པའི་ས་ཆ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་ཧུར་ཐག་གི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱས་ནས་རྣམ་པ་གསར་བའི་སྟེང་དཔའ་ངར་ཆེར་སྐྱེད་ཀྱིས་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་ཐོག་སྐྱོད་བཞིན་ཡོད།

“བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད”

ཝུའུ་ལིན་རི་ཁུལ་དུ་གནས་པའི་ཁྲུང་ཆིན་གྲོང་ཁྱེར་ཧྲི་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཡུལ་ཚོའི་རི་བོ་མཐོ་ལ་གྲོག་རོང་གཟར་བ་དང་ས་རྒྱུ་ཞན་པས། དེ་སྔོན་ཁྲུང་ཆིན་གྲོང་ཁྱེར་གྱི་ཤིན་ཏུ་དབུལ་བའི་ཡུལ་ཚོ་དང་གྲོང་རྡལ18ཀྱི་གྲས་ཤིག་རེད།

2019ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རི་ཁུལ་གྱི་ཀྲུང་དབྱི་ཡུལ་ཚོ་ཧྭ་ཤིས་སྡེ་བར་ཕེབས་ནས་ས་གནས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་། དབུལ་ཐར་ཁྱིམ་ཚང་མཱ་ཕེ་ཆིན་གྱི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་མཛོད་ལ་གཟིགས་པ་དང་ཐབ་ཚང་དུ་ཕེབས་ནས་འཚོ་བ་དང་ཡོང་འབབ་ཀྱི་གནས་ཚུལ་ཞིབ་མོར་དྲིས། སྒོ་རའི་ནང་སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་སྡེ་མིའི་འཐུས་མི་དང་གཞི་རིམ་ལས་བྱེད་པ་སོགས་དང་ལྷན་དུ་གླེང་མོལ་མང་པོ་མཛད།

དེ་རྗེས་ཁྲུང་ཆིན་ནས་འགོ་འཛིན་བྱས་ཏེ་འཚོགས་པའི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་དེ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་གི་དུས་མཚམས་སུ་སླེབས་པས་ངེས་པར་དུ་ངར་ཤུགས་གཅིག་སྒྲིམ་དང་དཔའ་ངར་ཞུམ་མེད་ཀྱིས་དམག་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁ་མ་ཐོབ་བར་དུ་དམག་མཚམས་འཇོག་མི་རུང་བའི་འབོད་སྐུལ་གནང་བ་རེད།

མཱ་ཕེ་ཆིན་གྱིས“སྤྱི་ཁྱབ་ཧྲུའུ་ཅིས‘སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ’གྱི་དོན་འཁྱོལ་གནས་ཚུལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས། ང་ཚོར་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཡིན་པས། ཡུལ་མི་ཚོས་མཉམ་དུ་འབད་བརྩོན་བྱས་ནས་མདུན་ཕྱོགས་སུ་ཧུར་ཐག་གིས་སྐྱོད་དགོས་པའི་མངགས་བཅོལ་གནང་བྱུང”ཞེས་གསར་འགོད་པར་བཤད། སྔོན་ཆད་ཁྱིམ་མི་ཚང་མ“བྱ་ཚང་ལྟ་བུའི”སྡོད་ཁང་རྙིང་ཧྲུལ་གྱི་ནང་དུ་སྡོད་པ་དང་གནམ་ལ་རེ་ནས་འཚོ་ཐབས་བྱེད་དགོས། ལོ་འདི་དག་རིང་དབུལ་ཐར་བྱུང་བ་མ་ཟད། ད་དུང་སྒོ་འགྲམ་དུ་ཡུལ་སྐོར་ལས་རིགས་གཉེར་ནས་ཡོང་སྒོ་ཡང་བརྟན་པོ་ཡོད་པས། འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་འོག་ཁྲུང་ཆིན་ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་པར་དབུལ་ཕོངས་ཁྱིམ་ཚང་གཅིག་ཀྱང་མི་ལུས་པར་བྱས་ཡོད། 2020ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་གྲངས་ས་ཡ་གཅིག་དང་འབུམ་དགུ་ལྷག་ཚང་མ་དབུལ་ཐར་བྱུང་ཡོད་པ་དང་། དབུལ་ཕོངས་ས་ཁུལ་དང་རྫོང་བཅོ་བརྒྱད་ཚང་མས་དབུལ་ཞྭ་འཕུད་ཐུབ་པ་བྱུང་ཡོད།

2016ལོའི་ཟླ1པོར་ཁྲུང་ཆིན་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དུས་གཅིག་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། ཉམས་ཞན་ཡིན་པའི་ཁྱབ་ཁོངས་ཁྲོད་འཕེལ་རྒྱས་ཀྱི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་བར་ཤུགས་སྣོན་པ། ་ དོ་སྙོམས་འཕེལ་རྒྱས་ཀྱི་གྲུབ་ཆ་ཆགས་པར་བྱས་ནས། མུ་མཐུད་དུ་འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས །

2019ལོའི་ཟླ4པར་ཁྲུང་ཆིན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་མྱུར་མོར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ཁྲུང་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་དར་སྤེལ་གྱི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བར་ཧུར་ཐག་གིས་བྱ་བ་སྒྲུབ་པ་དང་མུ་མཐུད་དུ་འབད་འཐབ་བྱས་པ་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་རྒྱུ་དམ་འཛིན་བྱས་པ་དང་། དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ཀྱི་སྒུལ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། “བཟང་པོ་བཞིའི་ཞིང་སྡེའི་བགྲོད་ལམ”སྤྱི་ལེ་ཁྲི་བརྒྱད་དང་སྟོང་བདུན་འཛུགས་སྐྲུན་བྱེད་པ། ཞིང་སྡེའི་སྤྱོད་ཁང་གི་ཁྱབ་ཚད་བརྒྱ་ཆའི་གྱ་བཞིར་སླེབས་པ། ཐུན་མོང་དཔལ་འབྱོར་མེད་པའི་སྡེ་བ་གཞི་རྩའི་ཆ་ནས་མེད་པར་བཟོས་ཤིང་། 2021ལོར་གྲོང་གསེབ་ཀྱི་མི་རེར་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་བརྒྱ་ཆའི་བཅུ་དང་གྲངས་ཆུང་དྲུག་འཕར་ཡོད།

“ས་ཁོངས་གཅིག་འཆར་འགོད་དང་ས་ཁོངས་གཅིག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་སྔར་ལས་མཐོང་ཆེན་བྱེད་དགོས”

2016ལོའི་ཟླ1པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོ་ཡོན་གྲུ་ཁར་ཕེབས་ནས་གྲུ་ཁ་འཛུགས་སྐྲུན་བཟང་པོ་བྱེད་པ་དང་། དོ་དམ་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་ཏེ། སྒྲིག་ཆས་རྩེ་གྲ་དང་། ལག་རྩལ་རྩེ་གྲ དོ་དམ་རྩེ་གྲ ཞབས་འདེགས་རྩེ་གྲ་བཅས་ལ་བརྟེན་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་།“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཡག་པོ་ཞུ་བ། ནུབ་རྒྱུད་གསར་སྤེལ་ཆེན་མོར་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱེད་དགོས་པའི་མངགས་བཅོལ་གནང་།

“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་དེ་དག་རིང་ང་ཚོས་ནུས་ཤུགས་ཡོད་རྒུས་ལྗང་མདོག་རིག་ནུས་གྲུ་ཁ་སྐྲུན་པ་དང་། སྣ་མང་མཉམ་འདྲེན་འཐུས་ཚང་དུ་གཏོང་བ། འགག་སྒོའི་ནུས་པ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ཀོ་ཡོན་གྲུ་ཁ་སྲོལ་རྒྱུན་གྱི་མངའ་ཁོངས་གཙང་པོའི་གྲུ་ཁ་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་གོ་ལ་ཧྲིལ་པོ་སྦྲེལ་མཐུད་བྱེད་པའི‘བར་བརྒྱུད་ས་ཚིགས’སུ་རིམ་པ་སྤར་ཡོད”ཅེས་ཁྲུང་ཆིན་ཀོ་ཡོན་གྲུ་ཁའི་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་གཉེར་བ་ཉིག་ཞན་ཏན་གྱིས་དེ་ལྟར་བཤད།

2019ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་སྐབས། ཁྲུང་ཆིང་གིས་ས་ཁོངས་གཅིག་འཆར་འགོད་དང་ས་ཁོངས་གཅིག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་སྔར་ལས་སྣང་ཆེན་བྱས་ཏེ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བར་འདེགས་སྐྱོར་གྱི་ནུས་པ་འདོན་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་གྱི་ནུས་པ་འདོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཉེ་བའི་ལོ5ཡི་རིང་། ཁྲུང་ཆིན་གྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་རིམ་རྩིས་བྱས་ན་ཨ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཅིག་དུང་ཕྱུར་བདུན་ཟིན་པ་དང་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་ལྔ་བརྒྱའི་ཁྲོད་ཁྲུང་ཆིན་དུ་སུམ་བརྒྱ་དང་བཅུ་གཉིས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་འོག 2020ལོའི་ཚུན་དུ། ཁྲུང་ཆིན་དང་སི་ཁྲོན་གྱིས་མཉམ་དུ་ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ཁུལ་སྐྲུན་བཞིན་ཡོད། མིག་སྔར་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་ཁག་གཅིག་མཉམ་དུ་ལག་བསྟར་བྱས་ནས། ཁྲིན་ཏུའུ་དང་ཁྲུང་ཆིན་གྱི་ཚན་རྩལ་གསར་གཏོད་བར་ཁྱམས་མྱུར་དུ་སྐྲུན་བཞིན་ཡོད་པ་དང་། ཐོན་ལས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ནུས་རྒྱུ་གསར་པ་དང་། དེ་བཞིན་རིག་ནུས་དྲ་སྦྲེལ་རླངས་འཁོར། གློག་རྡུལ་ཆ་འཕྲིན་སོགས་འཛམ་གླིང་རིམ་པའི་ཐོན་ལས་ཚོགས་པ་མཉམ་དུ་བཏོད་ཡོད། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་འདེགས་སྐྱོར་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཞིག་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བཞིན་ཡོད།

“འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་སྲ་བརྟན་དུ་གཏོང་དགོས”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་སྐྱེ་ཁམས་ལ་ཐུགས་བསམ་བཞེས་ནས་ཁྲུང་ཆིན་དུ་རྟོག་ཞིབ་གནང་བའི་རིང་ལ། “འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་དང་འབྲི་ཆུའི་མ་ཡུམ་གཙང་པོ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཁྲུང་ཆིན་གྱི་ཡུན་རིང་གི་འཕེལ་རྒྱས་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད” “སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་ནས། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་སྲ་བརྟན་དུ་གཏོང་དགོས”ཞེས་གསུངས་པ་རེད།

ཁྲུང་ཆིན་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གྱི་མཐའ་མའི་འགག་སྒོ་ཡིན་པས། “ཆུ་དྭངས་མ་དང་། སྔོ་ལྗང་གི་ངོགས་གཉིས”སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཁྲུང་ཆིན་གྱིས“སྟོད་རྒྱུད་ཀྱི་འགན་འཁྲི”འཁུར་བའི་ལྡོག་མེད་བླང་བྱ་ཞིག་རེད་ལ། རང་ངོས་འཕེལ་རྒྱས་ཀྱི་མངོན་མེད་ཀྱི་སྟོབས་ཤུགས་གནས་ས་ཞིག་ཀྱང་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་བརྟག་ཞིབ་གནང་སྐབས། “‘དགུང་སྔོན་པོ་དང་། ཆུ་དྭངས་མོ། ལྷིང་འཇགས། སྤང་ལྗོངས། ཞིང་ར’བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་གཏིང་ཟབ་སྒོས་སྤེལ་ཏེ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་བསྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རང་བྱུང་མ་རྩ་མགྱོགས་མྱུར་སྒོས་འཕར་བར་སྐུལ་འདེད་བཏང་སྟེ། ཁྲུང་ཆིན་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་ལྡན་པའི་གནས་ཤིག་ཏུ་འགྱུར་བར་བྱེད་དགོས”ཞེས་གསུངས་པ་རེད།

ཉེ་བའི་ལོ་ཤས་རིང་། ཁྲུང་ཆིན་གྲོང་ཁྱེར་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་བེད་མེད་གཏེར་རིའི་སྐྱེ་ཁམས་ཁྱོན་ཡོངས་ནས་སླར་གསོ་བྱུང་བ་དང་། བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང་གཉིས་དང་ཉིས་བརྒྱ་ཡན་ཟིན་ཡོད། འབྲི་ཆུ་དང་། ཅ་ལིན་གཙང་པོ། ཝུའུ་ཅང་གཙང་པོའི་ཁྲུང་ཆིན་དུམ་བུའི་བཙོག་འབུད་བྱ་ཡུལ་3400ལྷག་ཙམ་བཅོས་སྒྲིག་བྱས་པ་དང་། 2021ལོར་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་326ཟིན་པ། རྒྱལ་ཁབ་ཀྱི་དཔྱད་ཞིབ་བྱེད་ཁོངས་སུ་བཅུག་པའི་ཁུལ་དོན་བཞི་ཡི་ཆུ་སྤུས་ལེགས་ཚད་98.6%ཟིན་པ། གྲོང་ཁྱེར་ཡོངས་སུ་ནགས་ཚལ་ཁྱབ་ཚད54.5%ཟིན་ཡོད།

ད་ལོར། ཁྲུང་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས“ཆུ་བཅོས་སྐྱོང་བྱས་པའི”ཕན་འབྲས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། ཆུ་ཁོངས་མང་པོར“སྔོ་ཞིང་དྭངས་བའི་ཆུ་བོའི”མཛེས་ལྗོངས་ཡང་བསྐྱར་མངོན་པ་དང་། སྤུས་ཚད་ཇེ་མཐོར་བཏང་ནས“ངོགས་གཉིས་ཀྱི་སྔོ་ལྗང་དང་། ལེ་དབར་སྟོང་གི་ནགས་ཚལ”འཛུགས་སྐྲུན་བྱས་ཤིང་། ལོ10ཡི་དུས་ཡུན་སྤྱད་དེ་ནགས་ཚལ་མུའུ་ས་ཡ་གསུམ་དང་འབུམ་གཅིག་་ཁྲི་ལྔ་སྐྲུན་པ་དང་། ས་གནས་རང་གི་གནས་ཚུལ་དང་བསྟུན་ཏེ་རི་ཁུལ་གྱི་ཞིང་ལས་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ། རི་ཆུ་མཛེས་པའི་གྲོང་ཁྱེར་དང་ཡིད་དབང་འཕྲོག་པའི་མཛེས་བ་མངོན་གང་ཐུབ་བྱས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།