མཚོ་ནུབ་ཁུལ་གྱིས་ཆུའི་བདེ་འཇགས་འགན་སྲུང་གི་ནུས་པ་ཇེ་མཐོར་བཏང་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2022.07.13 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 5

 ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་པའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཆུ་བེད་ཁོངས་གཏོགས་ཀྱིས་ཆུའི་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཇེ་མཐོར་གཏོང་བ་གཙོ་གནད་དུ་འཛིན་པ་དང་།  ཆུའི་ཐོན་ཁུངས་ཀྱི་རྣམ་པ་ལེགས་སྒྱུར་དང་ཆུ་ལོག་འགོག་པའི་མ་ལག་འཐུས་ཚང་དུ་གཏོང་བ་དམ་འཛིན་བྱས་ཏེ།  ཆུ་བེད་སྒྲིག་ཆས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པའི་རྨང་གཞིའི་སྟེང་། བྱ་བའི་དམིགས་འབེན་ཞིབ་མོ་བཟོས་ཏེ།  འགན་འཁྲིར་དབྱེ་ཞིབ་དང་གཏན་འབེབས།  ལག་བསྟར་སྐུལ་འདེད། གཅིག་གྱུར་འཆར་འགོད་བཅས་བྱེད་པ་དང་།   སྐུལ་འཁྲིད་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་རོང་འབྲོག་ཁུལ་གྱི་ཆུ་བེད་རྨང་གཞིའི་སྒྲིག་ཆས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ཆུ་བེད་ཀྱི་ལས་གཞི་གལ་ཆེན་རིམ་པ་བཞིན་ལག་བསྟར་བྱས།

ཆུ་བེད་ཀྱི་ལས་གཞི་གལ་ཆེན་དང་། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན། ཞིང་ཁའི་ཆུ་བེད་འཛུགས་སྐྲུན། ཆུ་བོ་ཆུང་འབྲིང་བཅོས་སྐྱོང་། ཆུ་ལོག་དང་ཐན་ཞོད་སྔོན་འགོག   ཞིང་ལས་ཆུ་རིན་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཆུ་བེད་ཐད་ཀྱི་ལས་གཞི་སུམ་བརྒྱ་དང་དྲུག་སྔ་གཞུག་ཏུ་ལག་བསྟར་བྱས་པ་དང་། མ་དངུལ་ཐེར་འབུམ་ལྔ་དང་དུང་ཕྱུར་དགུ་ལྷག་དོན་འཁྱོལ་བྱས། ན་ལིན་ཁི་ལིས་ཆུ་བེད་ལྟེ་གནས་དང་ནའོ་མོ་ཧོང་ཆུ་མཛོད་སོགས་ཆུ་ཁུངས་ཀྱི་ལས་གཞི་གལ་ཆེན་ལ་སྐུལ་འདེད་བཏང་།  ཆུ་མཛོད་དང་ཆུ་རགས་ཀྱི་ཆུ་བེད་ལྟེ་གནས་དང་།  བ་ཡན་ཆུ་མཛོད།  སྟག་ཁའི་ཆུ་མཛོད་སོགས་ཀྱི་ཆུ་སྒོ་བརྒྱབ་ནས་ཆུ་གསོག་ཡོད། ལས་གཞི་དེ་དག་ལེགས་འགྲུབ་བྱུང་རྗེས་མཚོ་ནུབ་སོགས་ས་ཁུལ་གྱི་བཟོ་སྐྲུན་རང་བཞིན་གྱི་ཆུ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་ཐུབ།

དམངས་ཚིས་ཆུ་བེད་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་།

རོང་འབྲོག་ཁུལ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་གཞི་གྱ་གཅིག་ལག་བསྟར་བྱས་པ་དང་།  མི་འབུམ་གསུམ་ཁྲི་གཉིས་ལྷག་གི་འཐུང་ཆུའི་གནད་དོན་ཐག་བཅད།  དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ་བརྒྱ་དང་བཅུ་དགུ་དང་། དབུལ་ཕོངས་མི་གྲངས་སྟོང་བཞི་དང་དྲུག་བརྒྱ་སོ་གསུམ་གྱི་འཐུང་ཆུའི་བདེ་འཇགས་ཡོངས་སུ་ཐག་བཅད་དེ།   དུས་ཚོད་སྐར་མ་ཉི་ཤུའི་ནང་འཐུང་ཆུ་ཁྱིམ་དུ་ལེན་ཐུབ་པར་མ་ཟད། ཆུ་སྤུས་ལེགས་ཚད100%ལ་སླེབས་ཡོད་པ་དང་། གཞི་རྩའི་བདེ་འཇགས་དམིགས་འབེན90%ལས་དམའ་མི་རུང་བའི་ཆུ་འདོན་ལས་འགན་ཕྲག་ཏུ་བླངས། རྨོ་ཞིང་རྒྱ་ཁྱོན་མུའུ་འབུམ་གཉིས་ཁྲི་བཞི་ལྷག་གི་ཆུ་འདྲེན་དང་།  རྩྭ་ས་རྒྱ་ཁྱོན་མུའུ་ཁྲི་ལྔ་སྟོང་དགུ་ཇེ་ལེགས་སུ་བཏང་བ་དང་། རྨོ་ཞིང་ཆུ་འདྲེན་གྱི་ཕན་འབྲས་བེད་སྤྱོད་བྱེད་ཚད་དེ་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་མཇུག་གི0.465ནས0.47ལ་བསླེབས་ཏེ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་སྔར་ལས་ཇེ་ལེགས་སུ་སོང་ཡོད།

ཆུ་ལོག་འགོག་པའི་ལས་གཞི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་།

ལེ་བར་གྱ་བཞིའི་ཆུ་ལམ་བཅོས་སྐྱོང་དང་།  ཆུ་ལོག་འགོག་པའི་ཆུ་རགས་ལེ་བར་ཆིག་བརྒྱ་རེ་དགུ་ལྷག་གསར་དུ་བསྐྲུན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་ལོག་འགོག་པའི་ཕན་ནུས་ཇེ་མཐོར་སོང་བ་དང་། རི་ཉིལ་བ་སོགས་ཀྱི་གནད་དོན་འབྱུང་སླ་བའི་གནས་གཙོ་བོ་བཅོས་སྐྱོང་བྱས།  གནད་འགག་གི་ས་ཁོངས་སུ་ལས་གཞི་བཟོ་སྐྲུན་གྱི་བྱེད་ཐབས་དང་བཟོ་སྐྲུན་མ་ཡིན་པའི་བྱེད་ཐབས་ཟུང་འབྲེལ་གྱི་སྒོ་ནས་ཆུ་ལོག་སོགས་ཀྱི་གནོད་འཚེ་འགོག་པའི་མ་ལག་རིམ་བཞིན་བཟོས་པར་མ་ཟད། ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་ཕྱོགས་བསྡུས་མ་ལག་ཐོག་མར་བཙུགས་ནས་འཐུས་ཚང་དུ་བཏང་། ཐན་ཞོད་ཀྱི་གནོད་འཚེ་འགོག་སྲུང་ནུས་པ་ཇེ་ཆེར་དང་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཆ་རྐྱེན་ཇེ་ལེགས། ཡོང་འབབ་འཕར་སྣོན་གྱི་ཆུ་ཚད་ཇེ་མཐོར་བཅས་གཏོང་བར་ཆུ་བེད་ཀྱིས་འགན་སྲུང་བརྟན་པོ་བྱས །

ཆུ་བེད་བཅོས་སྒྱུར་གྱི་ཕན་འབྲས་མངོན་གསལ་ཡིན་པ།

《མཚོ་ནུབ་ཁུལ་གྱིས་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ།  མཉམ་འབྲེལ་གྲོས་ཚོགས་སོགས་ལམ་ལུགས་སྣ་དྲུག་བཟོས་ནས་གཏེར་ལེན་ཁའི་ཆུ་འདྲེན་ཁུལ་དང་། ན་གོར་མོའི་ཞིང་ཆུ་འདྲེན་ཁུལ་སོགས་ཞིང་ལས་ཆུ་རིན་གྱི་ཕྱོགས་བསྡུས་བཅོས་སྒྱུར་གྱི་འོས་འགན་ལེགས་འགྲུབ་བྱས་ནས།  ཆུ་འདྲེན་རྒྱ་ཁྱོན་མུའུ་འབུམ་དྲུག་ཁྲི་བཞི་ལྷག་ལ་ལྟ་སྐུལ་ཚད་འཇལ་བྱས།  རིན་གོང་གི་བྱེད་ཐབས་ལག་བསྟར་བྱེད་པའི་ཐད་ནས《ཆུ་བེད་ལས་གཞིའི་ཆུ་འདོན་རིན་གོང་དོ་དམ་བྱེད་ཐབས》སོགས་ཀྱི་ཁྲིམས་སྲོལ་དང་།  བཟོ་ལས་རྟེན་གཞི་རྙིང་པ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ།  གྲོང་ཁྱེར་གྱི་ཆུ་རིན་སྲིད་ཇུས་ཀྱི་རྐྱེན་སྲོལ་ལམ་ལུགས་འཐུས་ཚང་དང་། ཆུ་ཁུངས་བཀོལ་སྤྱོད་ལུགས་མཐུན་བྱས་ནས་ཆུ་གྲོན་ཆུང་སྒོས་ སྤྱོད་པར་སྐུལ་འདེད་བཏང་བས། ཆུ་བེད་བཟོ་སྐྲུན་གྱི་འཁོར་སྐྱོད་འགྲོ་གྲོན་ཁ་གསབ་ལུགས་མཐུན་སྒོས་འགན་ལེན་དང་། ཆུའི་རིན་གོང་ལུགས་མཐུན་སྒོས་གཏན་ལ་ཕབ་ནས་ཆུ་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པར་བྱས།

རྗེས་ཕྱོགས་སུ་མཚོ་ནུབ་ཁུལ་གྱིས་ཆུའི་བདེ་འཇགས་འགན་སྲུང་གི་གནས་བབ་དང་དེར་གནས་པའི་གནད་དོན་དང་ཞན་ཆར་དམིགས་ཏེ།   ཆུ་བེད་ཁོངས་གཏོགས་ཀྱི་མི་འདང་ས་ཁ་གསབ་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ནུས་པ་མཐོར་འདེགས་བཅས་ལས་འགན་ཆེན་པོ་གསུམ་གཙོར་བཟུང་སྟེ།  འཁོར་སྐྱོད་བཟང་པའི་ཁྱད་ལྡན་ཆུ་བེད་དེང་རབས་ཅན་དུ་འགྱུར་བ་དང་།  མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   སྐྱེ་ཁམས་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་དོན་ལྟར།  ཆུ་འདོན་དང་སྐྱེ་ཁམས།  ཆུ་ལོག་འགོག་པ། ཆ་འཕྲིན་ཅན་སོགས་གནད་འགག་གི་ཁྱབ་ཁོངས་དང་ཉམས་ཞན་པའི་ཕྱོགས་དམིགས་སུ་བཟུང་སྟེ། ཆུ་བེད་ཀྱི་རྨང་གཞི་སྒྲིག་ཆས་ཐད་ཀྱི་མི་འདང་ས་དང་ཞན་ཆ་ཁ་གསབ་བྱེད་པ་དང་། ཆུའི་བདེ་འཇགས་འགན་སྲུང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ།  སྲ་གཤིས་ཅན་གྱི་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ཚོད་འཛིན་བྱེད་པ། ལས་རིགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བྱས་ནས་ཁྲིམས་སྐྱོང་ཆུ་བེད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།   རྐྱེན་སྲོལ་ལམ་ལུགས་བཙུགས་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པ་བཅས་ཀྱི་བསམ་ཕྱོགས་ལྟར། ཁྱོན་ཡོངས་ལ་ཁྱབ་ཅིང་། གོང་འོག་འབྲེལ་མཐུད། འགན་སྲུང་གནད་འཁེལ་གྱི་ཆུ་བེད་ལྟ་སྐུལ་དོ་དམ་གྱི་མ་ལག་མགྱོགས་པོར་བསྐྲུན་པ་དང་། ཆུ་བེད་ཀྱི་ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་རིམ་པར་བཅོས་སྒྱུར་གཏིང་ཟབ་བྱེད་པ།  ཆུ་བེད་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྐྱེན་སྲོལ་བཙུགས་ནས་བཅོས་སྒྱུར་གསར་བསྐྲུན་གྱི་བྱེད་ཐབས་བདུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ།  སྲིད་གཞུང་གིས་ཆུ་བཅོས་སྐྱོང་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་དང་ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཆུའི་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཇེ་དྲག་དང་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།