གཅིག་སྒྲིལ་རྫོང་གིས་གསར་བརྗེའི་སྒུལ་ཤུགས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་རོགས་སྐུལ་བྱས།
2022.07.19 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 5

གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་ཆེད། གཅིག་སྒྲིལ་རྫོང་གིས་ཏང་འཛུགས་སྐྲུན་དང་སྤྱི་ཚོགས་གཞི་རིམ་བཅོས་སྐྱོང་གི་ལམ་ཐིག་བཞི་གཅིག་གྱུར་འཆར་འགོད་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་དྲ་བ་དམ་ཚགས་སུ་བཏང་།

གསར་གཏོད་གསར་འཛུགས་དང་ཆགས་སྟངས་མཉམ་རོལ་བྱས་པ། གཅིག་སྒྲིལ་རྫོང་གིས་མཐོ་གནས་ལ་གཞི་བཙུགས་ཏེ་རྫོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱས་པ་དང་། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་པའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མགོ་ལོག་ལ་བརྟག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་དགོངས་པ་གཞིར་བཟུང་ཞིང་། ཁུལ་ཨུའི“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞི”ཡི་སྤྱིའི་རིག་ལམ་དང་རྫོང་ཨུའི“1549”ཡི་འཕེལ་རྒྱས་བཀོད་སྒྲིག་ལ་དམིགས་ནས།《གཅིག་སྒྲིལ་རྫོང་གི་ཏང་འཛུགས་སྐྲུན་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་འགའ》གཏན་འཁེལ་དང་དཔར་འགྲེམས་བྱས་པ་དང་། འགན་འཁྲི་མངོན་གསལ་དང་དབང་སྤྲོད། ནུས་པ་རྒྱ་བསྐྱེད་བཅས་ཀྱི་རིག་ལམ་གཞིར་བཟུང་སྟེ། བྱ་བའི་གཙོ་གནད་གཤམ་སྤྲོད་བྱེད་པར་མུ་མཐུད་ནས་སྐུལ་འདེད་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སེམས་ཤུགས་དང་ལུས་ཤུགས། བརྩེ་བ་བཅས་ཡོད་ཚད་ཀྱིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་ཞིང་། རྫོང་དང་ཡུལ་ཚོའི་གཞི་རིམ་ཏང་རྩ་འཛུགས་དེ་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་སྲོག་ཤིང་བརྟན་པོར་འགྱུར་བའི་ཐད་ཤུགས་བརྒྱབ།

མཉམ་ཤུགས་གཅིག་ཏུ་བསྡུས་ནས་མཉམ་འཛུགས་དང་མཉམ་སྐུལ་བྱས་པ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱིས་མངའ་ཁོངས་བརྒལ་བའི་སྒོ་ནས་ཏང་རྩ་འཛུགས་མཉམ་འབྲེལ་བྱེད་པ་ལ་བརྟེན་ནས། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་མཐའ་མཚམས་མཉམ་སྲུང་གི་མཐུན་སྦྱོར་གྲོས་ཚོགས་བསྡུས་པ་དང་། གཅིག་སྒྲིལ་རྫོང་གི་དྲུག་ཆེན་སུམ་མདོ་གྲོང་རྡལ་དང་རྨ་ཆུ་རྫོང་གི་ཝ་བན་ཚང་གྲོང་རྡལ། རྔ་བ་རྫོང་གི་སྒོ་མང་གྲོང་རྡལ་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཡིས་ཞིང་ཆེན་གྱི་མཐའ་མཚམས་མཉམ་སྲུང་བྱེད་པའི་བྱ་བའི་ཐད་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་ལ། རྫོང་གསུམ་གྱི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་མཐའ་མཚམས་མཉམ་སྲུང་བྱེད་པའི་གྲོས་འཆམ་ཡི་གེ》ལ་མིང་རྟགས་བཀོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོས《མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱིས་མངའ་ཁོངས་བརྒལ་བའི་སྒོ་ནས་ཏང་རྩ་འཛུགས་མཉམ་འབྲེལ་དང་ཏང་འཛུགས་མཉམ་སྐྲུན་བྱེད་པའི་གྲོས་འཆམ་ཡི་གེ》དང《མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱིས་མངའ་ཁོངས་བརྒལ་བའི་སྒོ་ནས་བདེ་འཇགས་ཀྱི་མཐའ་མཚམས་གསར་འཛུགས་བྱེད་པའི་གྲོས་འཆམ་ཡི་གེ》《མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱིས་མངའ་ཁོངས་བརྒལ་བའི་སྒོ་ནས་གུང་གཞོན་ཀྲི་པུའུ་མཉམ་འཛུགས་བྱེད་པའི་གྲོས་འཆམ་ཡི་གེ》《མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱིས་མཐའ་མཚམས་བདེ་སྲུང་མཉམ་སྲུང་བྱེད་པའི་གྲོས་འཆམ་ཡི་གེ》སོགས་ཀྱི་མཉམ་འབྲེལ་མཉམ་འཛུགས་ཀྱི་གྲོས་འཆམ་ཡི་གེ་རབ་དང་རིམ་པར་མིང་རྟགས་བཀོད་དེ། ཞིང་ཆེན་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་རྒྱུན་མཐུད་ངང་འཆམ་མཐུན་བརྟན་འཇགས་དང་དཔལ་འབྱོར་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

དྲང་སྲུང་གསར་གཏོད་དང་སྟོབས་ཤུགས་ལྷན་དུ་བཀོལ་བ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པར་དམིགས་ཏེ། “གྲོས་ཚོགས་གསུམ་དང་སློབ་ཐུན་གཅིག”དང་ཏང་གི་བརྗོད་དོན་ཉིན་མོ་སོགས་ཀྱི་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཏང་འཛུགས་སྐྲུན་བྱ་འགུལ་ལེགས་པོར་སྤེལ་བ་བརྒྱུད། གཞི་རིམ་ཏང་ཡོན་གྱི་སྤུས་ཚད་དངོས་གནས་མཐོར་འདེགས་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ཞབས་ཞུའི“ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག”ནན་འཛིན་བྱས། ཏང་གི་འཛུགས་སྐྲུན་ནན་འཛིན་བྱེད་པར་བརྟེན་ནས་དངོས་འབེབས་ཡོང་པར་སྐུལ་འདེད་གཏོང་བའི“བཞི་སྦྲེལ་གསུམ་སྒྲིལ”གྱི་བྱ་བའི་ནང་རྐྱེན་འཛིན་ལོང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དུས་རྒྱུན་གྱི་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་པའི་རྨང་གཞིའི་སྟེང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཚད་མཐོ་བའི་བཅོས་སྐྱོང་ལ་དམིགས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་གྲོང་གསེབ་དར་སྤེལ། དཔལ་ཡོན་གསར་འཛུགས་སོགས་ཀྱི་ལས་འགན་ཁྲོད་མདུན་དུ་མཆོང་བ་དང་དཔེ་སྟོན་གྱི་ནུས་པ་ཐོན་པར་ཁྲིད་སྟོན་བྱས་ཤིང་། ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ་དེ་དངོས་གནས་གཞི་རིམ་བཅོས་སྐྱོང་གི་ལེགས་ཆར་བསྒྱུར་བ། མང་ཚོགས་ཀྱི་རེ་བར་ལན་སློག་པ། མང་ཚོགས་ཀྱི“དོན་ཆུང”དང“སེམས་ནང་གི་དོན་དག”ལེགས་པོར་སྒྲུབ་པ་བཅས་ཀྱིས། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་གཞི་རིམ་བཅོས་སྐྱོང་གི་ཆགས་སྟངས་འཛུགས་ཅི་ཐུབ་བྱས།

ཐོན་ཁུངས་མཉམ་སྤྱོད་དང་འཕེལ་རྒྱས་ལ་རོགས་སྐུལ་བྱས་པ། མཉམ་འཛུགས་བྱེད་པའི་ཕྱོགས་གསུམ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་གཞི་རིམ་མང་ཚོགས་ཀྱི་རེ་འདོད་ལྟར། ཏང་ཀྲི་པུའུ་དང་མཉམ་འབྲེལ་སྒོས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། ཕན་ནུས་ལྡན་པའི་སྒོ་ནས་ཐོན་ཁུངས་ལེགས་སྒྲིག་བྱས་ལ། ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བཅོས་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་ནང་དོན་གཞིར་བཟུང་བ་དང་། ཡུལ་ཁོངས་འཕེལ་རྒྱས་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་ལ་ཧུར་ཐག་གིས་སྲུང་སྐྱོབ་དང་། ཡུལ་ཁོངས་ཀྱི་ཡུལ་སྐོར་དང་སྨན་རྫས་སོགས་ལེགས་ཆ་ལྡན་པའི་ཐོན་ཁུངས་ལུགས་མཐུན་སྒོས་བེད་སྤྱོད་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཚན་རིག་དང་ལྡན་པའི་སྒོ་ནས་འཚོལ་ཞིབ་བྱེད་པ། འཕེལ་རྒྱས་ཁྲོད་གནས་པའི་དངོས་ཡོད་དཀའ་ཁག་དང་གནད་དོན་ལ་ནན་ཏན་གྱིས་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་། ཁ་གཏད་རོགས་སྐྱོར་བྱ་འགུལ་སྤེལ་པ་དང་། སྡེ་བ་དང་སྡེ་བ། ཏང་ཡོན་དང་ཏང་ཡོན། ཏང་ཡོན་དང་དཀའ་ཁག་ཡོད་པའི་མང་ཚོགས་བཅས་ཀྱི་བར་ཁ་གཏད་རོགས་སྐྱོར་བྱས་པ་བརྒྱུད་དེ། ཕན་ཚུན་ལ་ལག་རྩལ་མཁོ་འདོན་དང་ཀྲུང་ལུགས་སྨན་རྫས་ཕྱིར་འཚོང་སོགས་ཀྱི་རོགས་སྐྱོར་བྱེད་པ་དང་། དངོས་པོའི་ཐོན་ཁུངས་མཉམ་སྤྱོད་ཡོང་བར་སྐུལ་འདེད་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་ཕྱུག་པོར་འགྱུར་བར་རོགས་འདེགས་བྱས།

                                                        རྩོམ་སྒྲིག་པ། གཡང་འབུམ་རྒྱལ།