སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཧྲན་ཞི་ཡི་ལེའུ།
2022.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་ཐེངས་མང་གནང་ནས་ཧྲན་ཞི་ཡི་འཕེལ་རྒྱས་ལ་འཆར་བཀོད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད། ཧྲན་ཞི་ཡི་བུ་བུ་མོ་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་ལས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ནས་ཧྲན་ཞི་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།

“ཡུལ་མི་རྣམས་ལ་འཚོ་བ་ཡག་པོ་རོལ་དུ་འཇུག་རྒྱུ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན།”

ཟླ་དྲུག་པའི་ཡན་ཨན་གྲོང་ཁྱེར་ཡན་ཁྲོན་རྫོང་ལེང་ཅ་ཧི་སྡེ་བར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན། རི་ཁུལ་གྱི་ཀུ་ཤུ་ལྡུམ་རའི་ནང་ཀུ་ཤུའི་སྡོང་པོའི་ཡལ་འདབ་རྒྱས་པ་དང་། དྲོད་ཁང་ནང་གི་སིལ་ཏོག་རིགས་ཀྱི་དྲི་ཞིམ་འཐུལ་ཡོང་། གྱང་ཐོག་ཏུ་བཀལ་བའི་འཕྲེང་བརྒྱུད་སུར་ཕན་དམར་པོ་བཅས་ལས་བདེ་སྐྱིད་འཚོ་བའི་རྣམ་པ་ངང་ངམ་ཤིག་གིས་མིག་ལམ་དུ་འཆར།

2020ལོའི་ཟླ་བདུན་པའི་ཚེས29ཉིན། ཧྲན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཡན་ཁྲོན་རྫོང་ལེང་ཅ་ཧི་སྡེ་བའི་རི་ཁུལ་གྱི་ཀུ་ཤུའི་ལྡུམ་ར།

2015ལོའི་ཟླ2པར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཞི་རུ་རྟོག་ཞིབ་ཐེངས་དང་པོ་གནང་བར་ཕེབས་པ་དང་།ཐོག་མར་ཐོག་ལེང་ཅ་ཧི་སྡེ་བར་ཕེབས། སྤྱི་ཁྱབ་ཧྲུའུ་ཅིས་སྡེ་མིའི་ཡོང་འབབ་འཕར་སྣོན་དང་། ཤིང་འབྲས་འདེབས་འཛུགས། གསོ་སྤེལ་ལས་རིགས་འཕེལ་རྒྱས། ས་ཆུ་སྲུང་འཛིན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་དང་གཏིང་ཟབ་གནང་བ་རེད། ཡན་ཨན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་དང་ཀན་སུའུ། ཉིན་ཞ་བཅས་ཀྱི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་གི་དབུལ་ཐར་ཕྱུག་འགྱུར་གྱི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་ནས། “གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཕྱོགས་སུ་བསྐྱོད་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

འདི་ནི2019ལོའི་ཟླ8པའི་ཚེས29ཉིན་ལྗང་མདོག་གིས་མཐའ་སྐོར་བའི་ཧྲན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་པའོ་ཐ་རི་བོའི་པར་རེད།

2021ལོའི་ཟླ9པར། ཡུས་ལིན་གྲོང་ཁྱེར་སོས་ཏི་རྫོང་ཧའོ་ཅ་ཆའོ་སྡེ་བ་རུ། སྡེ་མི་ཧིག་ཀྲི་རུང་ཚང་གིས་རིམ་པ་སོ་སོའི་རོགས་སྐྱོར་དང་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་དབུལ་ཐར་བྱས་པ་མཐོང་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡུལ་མི་རྣམས་ལ་འཚོ་བ་ཡག་པོ་རོལ་དུ་འཇུག་རྒྱུ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཞིག་ཡིན་པས། གུང་ཁྲན་ཏང་གིས་བྱ་བ་དེ་ཡག་པོ་བསྒྲུབས་ནས་རྒྱུགས་ལན་ཡག་པོ་ཞིག་འབུལ་ཐུབ་དགོས”ཞེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སྲུང་བརྩི་བྱས་ནས། ཧྲན་ཞི་ཡི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐབས་བྱས། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་ཡན་ཨན་དུ་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར་སོགས“སྐོར་གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་གནད་འཁེལ་ངང་སྐུལ་འདེད་བཏང་བ་དང་འབྲེལ་སྡེ་བ་དང་ཁྱིམ་ཚང་། མི་བཅས་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཡོད། ཆིན་པ་རི་ཁུལ་དུ་ཡུལ་གཞན་དུ་གནས་སྤོས་དང་གྲོང་གསེབ་ཀྱི་ཡུལ་སྐོར། ཁྱད་ལྡན་ཐོན་ལས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

2021ལོའི་ཟླ9པའི་ཚེས10ཉིན། ཡུལ་སྐོར་པས་ཧྲན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་མུས་ཀྲི་རྫོང་ཀའོ་ཞི་ཀིག་སྡེ་བའི་ཀུ་ཤུའི་ལྡུམ་རྭའི་ནང་དུ་ཀུ་ཤུ་བཏོག་བཞིན་པ།

ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། སན་ཆིན་གྱི་ས་གཞི་རྣམ་པ་གསར་རྐྱང་དུ་འགྱུར་དུ་འཇུག་དགོས།  2020ལོའི་ལོ་མཇུག་བར། ཧྲན་ཞི་ཡི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ས་ཡ་བཞི་དང་འབུམ་དྲུག་ཁྲི་ལྔ་ཚང་མ་དབུལ་ཐར་བྱས་པ་དང་། དབུལ་ཐར་རྫོང་ཚང་མར་ཞིང་པའི་ཡོང་འབབ་བརྟན་པོ་འགན་སྲུང་དང་སྡེ་བའི་གཅིག་བསྡུས་ཐོན་ལས་བཙུགས་ཡོད། 2021ལོར། ཧྲན་ཞི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་རྫོང་གི་ཞིང་སྡེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གསུམ་དགུ་བརྒྱ་ཟིན་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།

དབུལ་ཐར་བྱུང་རྗེས་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས། ཧིག་ཀྲི་རུང་གིས་དགའ་སྤྲོའི་ངང་བཤད་རྒྱུར། “ཁྱིམ་གྱི་ས་ཞིང་ཀུ་ཤུ་མཉམ་ལས་ཁང་ལ་མ་རྐང་དུ་བཞག་ནས་ལོ་རེར་སྒོར་སྟོང་གཉིས་ཀྱི་བགོ་བཤའ་རྒྱག་ཐུབ་པ་དང་། ངའི་བཟའ་ཟླ་གཙང་སྦྲ་བྱེད་མཁན་ཞིག་ཡིན་ལ། ད་ལོར་ཟླ་རེར་གླ་ཕོགས་སྒོར་སུམ་བརྒྱའི་ཇེ་མང་དུ་སོང་ཡོད། ན་ནིང་ཚ་བོས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། ད་ལོ་སྡེ་བའི་ནང་རིག་གནས་ཡུལ་སྐོར་ཀུང་སི་ནང་འདྲེན་བྱས་པ་སོགས་དོན་བཟང་ཇེ་མང་ནས་ཇེ་མང་རེད”ཟེར།

ཆིན་ལིང་ཁུལ་གྱི་ཧྲང་ལའོ་གྲོང་ཁྱེར་ཀྲ་ཧྲོས་རྫོང་གི“མོག་རོར”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྔགས་བརྗོད་གནང་ཞིང་། ཡུལ་མི་ཚོས་ཧུར་ཐག་གིས་གཞི་ཁྱོན་ཆེ་རུ་གཏོང་བ་དང་སྦྲེལ་ཐག་རིང་དུ་བསྲིང་བ། སྤུས་རྟགས་སྟོབས་ཆེར་གཏོང་བ་བཅས་བྱས་པས། ད་ལྟ། “མོག་རོ”དེ“ཐོན་ལས་ཆེན་པོར”འགྱུར་ཏེ་རྫོང་ཡོངས་ཀྱི་མོག་རོའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཐེར་འབུམ་ལྔ་ལས་བརྒལ་ཡོད།

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། ཧྲན་ཞི་ཞིང་ཆེན་ཧྲང་ལའོ་གྲོང་ཁྱེར་ཀྲ་ཧྲོས་རྫོང་ཅིན་མུས་སྡེ་བའི་མོག་རོའི་སྤྱིལ་ཁང་ཆེན་མོ།

ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་ཁྲོད། ཧྲན་ཞི་ཡིས་ཤིང་འབྲས་ལས་རིགས་དང་ཕྱུགས་ལས། སྒྲིག་བཀོད་ཞིང་ལས་བཅས་སྒོར་ཁྲག་ཁྲིག་རིམ་པའི་གཙོ་ཁྲིད་ཐོན་ལས་དང་ཇ། སྨན་རྫས་སོགས་ས་ཁོངས་རང་བཞིན་གྱི་ཐོན་ལས་བསྐྲུན་ཏེ། ཐོན་ལས་སྦྲེལ་ཐག་ཧྲིལ་པོར་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་སྡེ་མཛེས་སྡུག་ལྡན་པར་འགྱུར་བ། ཞིང་པ་ཕྱུག་པོ་ཆགས་པར་བཅས་བྱས།

“མི་ཡིས་སྔོ་ལྗང་རི་ཆུར་གཏོར་བརླག་མ་བཏང་ཚེ། སྔོ་ལྗང་རི་ཆུས་ནམ་ཡང་མི་ལ་ཕན་ཁེ་བསྐྲུན་ངེས།”

དབྱར་དུས་སུ་ཆིན་ལིན་ཉིག་པེས་ལིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་བསྐྱོད་སྐབས། ནགས་ཚལ་སྟུག་པོའི་ཁྲོད་དུ་འབབ་པའི་རྦབ་ཆུ་མཐོང་ཐུབ།

ཆིན་ལིན་དང་ཧི་ནན་པའེ། ཙི་པེ་ཐན་ཞ་བཅས་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་རེད། འོན་ཀྱང་དུས་མཚམས་ཤིག་གི་རིང་ལ། ཆིན་ལིན་བྱང་འདབས་ཀྱི་ཞི་ཨན་ས་ཁོངས་སུ་སྒྲིག་འགལ་ངང་སྡོད་ཁང་འཛུགས་སྐྲུན་བྱས་ནས་བཅོས་སྒྱུར་མི་བྱེད་པའི་སྐོར་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་དྲུག་ལ་གནང་བ་མ་ཟད། ཆིན་ལིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད། 2020ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིག་པེས་ལིང་སྲུང་སྐྱོབ་ཁུལ་གྱི་ཡོ་ལེང་ཡ་རུ་རྟོག་ཞིབ་གནང་སྐབས། གཟབ་ནན་གྱིས“ཆིན་ལིན་སྐྱེ་ཁམས་ཀྱི་སྲུང་དམག་ཡག་པོ་ཞིག་བྱས་ནས་ལམ་རྙིང་པར་གཏན་ནས་སྐྱོད་མི་རུང”ཞེས་གསུངས་པ་རེད།

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། ཡུལ་སྐོར་པ་ཧྲན་ཞི་ཞིང་ཆེན་ཀྲ་ཧྲོས་རྫོང་གི་ཉིག་པེས་ལིང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་འཆམ་འཆམ་བྱེད་བཞིན་པ།

ཆིན་ལིན་སྒྲིག་འགལ་གྱི་འཛུགས་སྐྲུན་ཁྲོད། ཧྲན་ཞི་ཡི་རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་ལ་ཆབ་སྲིད་སློབ་གསོ་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་ངེས་སུ་བཅུག “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས། ཧྲན་ཞི་ཡིས་ཆིན་ལིན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་མུ་མཐུད་སྐུལ་འདེད་བཏང་སྟེ། སྒྲིག་འགལ་ངང་བསྐྲུན་པའི་སྡོད་ཁང་བཅོས་སྒྲིག་བྱས་པ་དང་། 《ཧྲན་ཞི་ཞིང་ཆེན་ཆིན་ལིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》ལ་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་ལ། འབུར་ཐོན་གནད་དོན་ཐད་རྩིས་ཁྲ་བཟོས་ནས། ཆུ་ཤུགས་གློག་འདོན་ས་ཚིགས་ཆུང་གྲས438བཅོས་སྒྲིག་བྱས། ཞིང་ཆེན་ནས་སྡེ་བའི་བར་རིམ་ལྔའི་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ། ནགས་སྲུང་བ་ཁྲི་གཉིས་དང་སྟོང་དྲུག་གིས་རི་ལ་སྐོར་གཡེང་བྱེད་ཀྱིན་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་སོགས་བྱ་སྤྱོད་ཆེན་པོ་བཅུ་ལག་བསྟར་བྱས།

འདི་ནི་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཁྲང་ཨན་ཆུས་ཆིན་ལིན་གྱིས་སྒྲིག་འགལ་སྡོད་ཁང་བཤིག་རྗེས་འཛུགས་སྐྲུན་བྱས་པའི་ཆིན་ལིན་འཆམ་མཐུན་ནགས་ཚལ་སྤྱི་གླིང་རེད།

སླར་ཡང་ཆིན་ལིན་དུ་བསྐྱོད་སྐབས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། ནུས་ཤུགས་ཡོད་རྒུས་སྔོ་ལྗང་སྲུང་སྐྱོབ་བྱས་ནས་སླར་གསོ་ཆེན་པོ་བྱུང་ཡོད་པ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ཡག་པོ་བྱས་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་ཐུབ་པར་ཁག་ཐེག་བྱེད་དགོས།

“ཀྲུང་གོའི་མུའུ་ཏུའུ”ཝའེ་ནན་གྲོང་ཁྱེར་དཔའ་ཀྲིག་ཆུས་ཅིན་སྟོད་གྲོང་རྡལ་དུ། བཀག་སྡོམ་བྱས་ཟིན་པའི་མུའུ་ཙེ་ལུང་ཤུར་གྱི་གཏེར་མཛོད་དུ་འབུ་སུ་ཧང་དང་ལུག་མིག་བཏབ་ནས་སྔོ་ལྗང་རྩྭ་རྩི་ཤིང་གིས་བཀང་ཡོད། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་ཀྱི་བཟོ་སྐྲུན་ལག་ལེན་བསྟར་བ་བརྒྱུད། ཆིན་ལིན་གྱི་ཧྲན་ཞི་ཁྱབ་ཁོངས་ནང་ནགས་ཀྱི་ཁེབས་ཚད72.95%ཟིན་ཡོད།

ཟླ4པའི་ཚེས7ཉིན། ཅིན་སྟོད་ཁྲིན་མུའུ་ཡེ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ལས་བཟོ་བས་སྐྱེ་ཁམས་བཅོས་སྐྱོང་བྱས་རྗེས་ཀྱི་མུའུ་ཙེ་ལུང་ཤུར་གྱི་གཏེར་མཛོད་དུ་སྐོར་ཞིབ་བྱེད་བཞིན་པ།

ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་བཟོ་སྐྲུན་ཆུ་ཁུངས་གསོ་གསོག་ཁུལ་དུ་གནས་པའི་ཞོན་དབྱང་གྲོང་ཁྱེར་ཧྲོང་ཧི་གྲོང་རྡལ་དུ། མི70ལས་གྲུབ་པའི་བུད་མེད་གཙང་ཆུ་སྲུང་སྐྱོབ་རུ་ཁག་གིས་རྒྱུན་དུ་ཧན་ཅང་གཙང་པོའི་རྒྱུག་ཁུལ་སྲུང་སྐྱོབ་བྱེད་པའི་རྣམ་པ་དེ་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ཨན་ཁང་གྲོང་ཁྱེར་གྱིས་ཧན་ཅང་གཙང་པོའི་གཙོ་གནད་ཆུ་ཁོངས་སུ་ཉ་སོགས་འཛིན་དུ་མི་འཇུག་པའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ཡུན་ཧུའུ་སོགས་ཆུ་མཛོད་ཁུལ་གྱི་དྲ་སྒམ་ཁྲི་གསུམ་དང་སྟོང་ལྔ་གཙང་སེལ་བྱས་པ་དང་། པའེ་ཧྲི་གཙང་པོའི་མུ་ཟི་ལྕགས་གཏེར་གྱི་སྦགས་བཙོག་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས། ད་ལྟ། ཧན་ཅང་གཙང་པོ་ཧྲན་ཞི་བརྒལ་བའི་ཆུའི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་ས་ངོས་ཆུའི་རིགསIIཔའི་ཚད་གཞིར་སླེབས་ཡོད།

ཟླ་བཞི་བའི་ཚེས་བཅུ་ཉིན། བུད་མེད་དང་བླངས་གཙང་ཆུ་སྲུང་སྐྱོབ་རུ་ཁག་གི་རུ་མིས་ཧྲན་ཞི་ཞིང་ཆེན་ཞོན་དབྱང་གྲོང་ཁྱེར་ཧྲོང་ཧི་གྲོང་རྡལ་ཀའོ་ཕིན་སྡེ་ཁུལ་གྱི་གཙང་པོའི་འགྲམ་དུ་གད་སྙིགས་འཐུ་བཞིན་པ།

2020ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་བསྟན་དོན། མི་ཡིས་སྔོ་ལྗང་རི་ཆུར་གཏོར་བརླག་མ་བཏང་ཚེ། སྔོ་ལྗང་རི་ཆུས་ནམ་ཡང་མི་ལ་ཕན་ཁེ་བསྐྲུན་ངེས་ཞེས་གསུངས་པ་རེད། ད་ལྟ། ཨན་ཁང་གྲོང་ཁྱེར་ཕིན་ལི་རྫོང་གི་ཇ་ཞིང་འཕེལ་རྒྱས་བཏང་ནས་མུའུ་འབུམ་གཉིས་ལ་སླེབས་ཡོད་པ་དང་། མི་རེར་ཆ་སྙོམས་ཇ་ཞིང་མུའུ་གཅིག་དང་ཁྱིམ་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་ལྷག་ཙམ་ཡོད། ཧྲན་ཞི་ལྷོ་རྒྱུད་ཀྱི་གྲོང་ཁྱེར་གསུམ་གྱི་ཚོང་འགུགས་ཐད་ཐོན་རྫས་རིན་ཐང་ཁོ་ནར་གཙིགས་ཆེན་མི་བྱེད་པར། “ལྗང་མདོག་འདུས་ཚད”དང“ལག་རྩལ་གསར་པ་འདུས་ཚད”ལ་གཙིགས་ཆེན་བྱེད་བཞིན་ཡོད། འཁོར་རྒྱུག་འདེབས་གསོ་དང་། ཞི་རྫས་འདུས་པའི་ཞིང་ལས། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། རི་ཁུལ་དར་རྒྱས་དང་ཡུལ་ཕྱོགས་གཅིག་གི་མི་ཕྱུག་འགྱུར་གྱི་རྣམ་པ་མངོན་བཞིན་ཡོད།

འདི་ནི་ཟླ་བཞི་པའི་ཚེས་ལྔ་ཉིན་བླངས་པའི་ཧྲན་ཞི་ཞིང་ཆེན་ཕིན་ལི་རྫོང་ལའོ་ཞན་གྲོང་རྡལ་ཅང་ཅཱ་ཕིན་ཇ་ཞིང་རེད།

“སྤྱི་ཁྱབ་ཧྲུའུ་ཅི2020ལོའི་ཟླ4པར་ང་ཚོའི་སྡེ་བར་ཕེབས་ནས་རྟོག་ཞིབ་གནང་སྐབས། ‘ཇ་ལ་བརྟེན་ནས་ཕྱུག་འགྱུར་དང་ཇ་ལ་བརྟེན་ནས་ཐོན་ལས་དར་སྤེལ་བྱེད་དགོས’ཞེས་ཚང་མར་བདེ་སྐྱིད་ཀྱི་ལམ་བུ་ཞིག་བསྟན་ཡོད།” ཕིན་ལི་རྫོང་ཅང་ཅ་ཕིན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྙིང་པ་ལའོ་ཞན་ཕིན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། སྡེ་བའི་ནང་ཇ་ལས་སྣོན་བཟོ་གྲྭ་བཙུགས་པ་དང་སྤུས་རྟགས་ཐོ་འགོད་བྱས་པས། ཞིང་པའི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་ཡོད་ཟེར།

འདི་ནི་ཟླ4པའི་ཚེས5ཉིན། ཧྲན་ཞི་ཞིང་ཆེན་ཕིན་ལི་རྫོང་ལའོ་ཞན་གྲོང་རྡལ་ཅང་ཅ་ཕིན་ཇ་ཞིང་རེད།

ཆིན་ལིན་གྱི་འགྱུར་ལྡོག་ནི་ཧྲན་ཞི་ཡི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པའི་བསྡུས་རིས་རེད། འདས་ཟིན་པའི་ལོ5ཡི་ནང་། ཧྲན་ཞི་ཡིས་རྨ་ཆུའི་ཆུ་རྒྱུད་སྦགས་བཙོག་གི་གནད་དོན་ཁག105བཅོས་སྒྲིག་དང་། བྱེ་འགྱུར་ས་ཞིང་མུའུ་ས་ཡ་ལྔ་དང་འབུམ་གཅིག་ཁྲི་དྲུག་བཅོས་སྒྲིག་བྱས་པས། ནགས་ཀྱི་ཁེབས་ཚད45%ཡན་ཟིན་པ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་རྒྱུན་མཐུད་སྒོས་མར་ཆག་ལ། མཁའ་རླུང་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱས་ཚུན་གྱི་ཆུ་ཚད་ཆེས་བཟང་ཤོས་སུ་སླེབས་ཡོད།

“སྐམ་སའི་དབུས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་པ།”

ཞི་ཨན་རྒྱལ་སྤྱིའི་གྲུ་ཁར་སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཁྲང་ཨན་རྟགས་ཅན་གྱི་དུང་བརྡ་གྲགས་བཞིན་མཆིས། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། ཁྲང་ཨན་རྟགས་ཅན་གྱིས་རིམ་རྩིས་བྱས་ན་དུས་གཏན་མེ་འཁོར་ཐེངས1399བཏང་བ་དང་། མེ་འཁོར་གཏོང་ཚད་དང་དངོས་ཟོག་དབོར་ཚད་སོགས་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

2021ལོའི་ཟླ4བའི་ཚེས13ཉིན། X9041རྟགས་ཅན་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཞི་ཨན་རྒྱལ་སྤྱིའི་གྲུ་ཁ་ནས་བསྐྱོད་མགོ་བརྩམས།

མཐའ་རྒྱུད་དང་རྒྱ་མཚོའི་འགྲམ་དུ་མི་འགྲོ་བ་དང་། སྒོ་མོ་འབྱེད་རྒྱ་མི་འདང་བ་དེ་ཧྲན་ཞི་ཡི་ཞན་ཆ་ཞིག་རེད། 2020ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་བསྟན་དོན། ཧྲན་ཞི་ཡིས“སྐམ་སའི་དབུས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས།”“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྣམ་པ་ཆེན་པོ་དང་གཏིང་ཟབ་འདྲེས་དགོས་པའི”མཛུབ་སྟོན་གནང་།

ཧུར་ཐག་གིས“ཕྱི་རུ་སྐྱོད་དེ།” སྒོ་འབྱེད་ཀྱི་རྒྱ་སྔར་ལས་ཇེ་ཆེར་བཏང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་ནས། ཧྲན་ཞི་ཡིས་ལས་ཕྱོད་ཆེ་ལ་སྟབས་བདེ་བའི་རྒྱལ་སྤྱིའི་ཚོང་དོན་གྱི་བགྲོད་ལམ་བཏོད་པ་མ་ཟད། ཁེ་ལས་མང་པོ་ཞིག་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོད་དེ“ཕྱིར་སྐྱོད་པའི”སྦས་ཤུགས་འཕེལ་ཡོད།

དེ་སྔོན་ཐོན་རྫས་མཚོ་ཐོག་ནས་ཨེ་ཤེ་ཡ་དབུས་མར་སྐྱེལ་འདྲེན་བྱེད་པར་ཟླ་བ་གཅིག་ཙམ་འགོར་བ་དང་། ད་ལྟ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་ཉིན་བདུན་ནང་སྐྱེལ་འདྲེན་བྱེད་ཐུབ་ཀྱིན་ཡོད། ཧྲིན་ཀྲིན་ནས་ཞི་ཨན་དུ་སྤོས་པའི་ཧྲན་ཞི་སི་ཡིན་གློག་རྡུལ་ཚན་རྩལ་ཀུང་སིས་རྒྱལ་སྤྱིའི་ཚོང་དོན་གྱི་སྟབས་བདེའི་བགྲོད་ལམ་ལ་བརྟེན་ནས། ཁྲོམ་ར་ཨེ་ཤེ་ཡ་དབུས་མ་དང་ཡོ་རོབ་སོགས་སུ་རྒྱ་བསྐྱེད་བཏང་བ་དང་། ཕྱིར་འཚོང་མ་དངུལ་སྒོར་བྱེ་བ་གཉིས་ནས་སྒོར་དུང་ཕྱུར་གཅིག་ཙམ་བར་འཕར་ཡོད།

ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་གྲངས་འབོར་དབུས་ནུབ་རྒྱུད་ཀྱི་ཨང་དང་པོར་སླེབས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཞིང་ལས་ལག་རྩལ་བརྗེ་རེས་གསོ་སྦྱོང་དཔེ་སྟོན་རྟེན་གཞི་བསྐྲུན་ནས་སྤྱོད་མགོ་བརྩམས་པ་དང་། ཞི་ཨན་དུ་རྒྱལ་སྤྱིའི་མཁའ་ལམ97ཟིན་པ་སོགས་ད་ལོའི་དུས་ཚིགས་དང་པོར་ཧྲན་ཞི་ཡིས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུང་ཕྱུར་བདུན་བྱེ་བ་བརྒྱད་ཟིན་པ་དེ་དུས་མཚུངས་ལས45.2%འཕར་ཡོད།

བཅོས་སྒྱུར་གཏིང་ཟབ་བྱས་ནས་ཁྱོན་ཡོངས་ཀྱི་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅིས“ཐོན་ལས་འབྲེལ་ཐག་བཀོད་སྒྲིག་གསར་སྐྲུན་གྱི་སྦྲེལ་ཐག་དང་། གསར་སྐྲུན་གྱི་སྦྲེལ་ཐག་བཀོད་སྒྲིག་གི་ཐོན་ལས་འབྲེལ་ཐག་ལ་དམིགས་པའི”མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་ནས། ཧྲན་ཞི་ཡིས་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་འབུར་ཐོན་ཡོང་བ་བྱས་ནས། ཆིན་ཁྲོང་ཐོག་མའི་གསར་སྐྲུན་ཡར་སྐུལ་ལས་སྟེགས་སྐྲུན་འགོ་བཙུགས་ཏེ། ལངས་གཟུགས་མཉམ་སྒུལ་གྱི“སྙོལ་ཆས”དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི“འགྲོས་སྣོན་ཆས”དང་མཉམ་འདྲེས་ཀྱི“སྐུལ་འདེད་ཡོ་ཆས”བཅས་བསྐྲུན་ཡོད། ན་ནིང་ཞིང་ཆེན་ཡོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་གྲངས་ཀ་དང་ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད30%ལས་བརྒལ་ཡོད།

ཟླ6པའི་ཚེས17ཉིན། ཆིན་ཁྲོང་གི་དེ་སྔོན་གྱི་སྐར་ཁུང་གནས་སའི་ཧྲན་ཞི་ཞིང་ཆེན་ཞི་ཞན་ཁུལ་གསར་གྱི་ཧྲན་ཞི་ཐའེ་ཧོ་རིག་ནུས་ཙོན་ཐན་ཚད་ཡོད་ཀུང་སི་རུ། ལས་བཟོ་པས་རིག་ནུས་ཁ་ཕྱོགས་གཏན་འཁེལ་གྱི་གཤིས་ནུས་སྙོམས་སྒྲིག་ཚོད་ལྟ་བྱ་རྩིས་བྱེད་བཞིན་པ།

“གློད་སྡོམ་ཞབས་གསུམ”བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཧྲན་ཞི་ཡིས་རེས་སྐོར་གསར་པའི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱས་ཏེ། སྲིད་དོན་ཞབས་ཞུའི་དོན་ཚན892ལག་འཁྱེར་ཁ་པར་ནས་སྒྲུབ་ཐུབ་ཀྱིན་ཡོད།

2021ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས“ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་པ་དེ་ཆེས་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ལ་བརྩི་དགོས”ཞེས་ནན་བཤད་གནང་བས། ཁེ་ལས་རྩེར་སོན་ཅན་དང་སྣེ་མང་ཅན། ཐཱན་ཉུང་ཅན་བཅས་སུ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཇེ་བརྟན་དུ་ཕྱིན་ཡོད། མིག་སྔར། ཁེ་ལས་ཀྱིས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་པའི་ཁྲུན་གཉིས་ཁ་པའི་རྣམ་གྲངས་བསྐྲུན་ཟིན་ནས། ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ལྟེ་བའི་ལག་རྩལ་མང་པོ་འདུས་པ་དང་། གོ་ལ་ཧྲིལ་པོར་ལོ་རེར་ཏུན་ཁྲི་ལྔ་ཟིན་པའི་ཁྲུན་གཉིས་སྐྱུར་འདུས་པའི་སྐྱེ་དངོས་རྒྱུ་ཆའི་དཔེ་སྟོན་རྣམ་གྲངས་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད།

པར་འདི་ནི2021ལོའི་ཟླ8པའི་ཚེས12ཉིན་བླངས་པའི་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སི་རེད།

སྐྱོད་ལམ་གསར་བའི་སྟེང་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག སན་ཆིན་གྱི་ས་གཞི་ཆེན་མོའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་རབ་ཏུ་འཕེལ།

པར་འདི་ནི་ཟླ6པའི་ཚེས14ཉིན་བླངས་པའི་ཧྲན་ཞི་ཞིང་ཆེན་ཕིན་ལི་རྫོང་ལའོ་ཞན་གྲོང་རྡལ་ཅང་ཅཱ་ཕིན་ཇ་ཞིང་རེད།

ཟླ5པའི་ཚེས30ཉིན། སྡེ་མིས་ཧྲན་ཞི་ཞིང་ཆེན་ཀྲ་ཧྲོས་རྫོང་ཅིན་མི་སྡེ་བའི་མོག་རོ་འདེབས་འཛུགས་དྲོད་ཁང་ནང་མོག་རོ་བཏོག་བཞིན་པའི་ཚུལ་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།