འགྱོད་སེམས་མེད་པའི་འབད་བརྩོན་གྱི་ཤུལ་རྗེས།
2022.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

--ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཁུལ་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་ཀྲང་ཧྲིན་པེན་གྱི་གནས་ཚུལ་བཀོད་པ།

མི་ཚེ་འདིར་མཚོ་འཕང་ཆེས་མཐོ་བ་རྨིད་བརྒྱ་ཡང་མེད་པའི་རི་མགོར་མ་གཏོགས་འགོས་མ་མྱོང་། ལོ་གསུམ་སྔོན་གྱི་ཀྲང་ཧྲིན་པེན་ལ་མཚོན་ནས་བཤད་ན་མཐོ་སྒང་ནི་ཁོ་རང་དངོས་སུ་སོང་མ་མྱོང་བའི་ས་ཆ་ཞིག་རེད།

ལོ་གསུམ་གྱི་རྗེས་སུ། སྐོར་ཐེངས་བཞི་བར་ཧྲང་ཧའེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་མཚོ་སྔོན་དུ་ཡོང་ནས་ཁ་གཏད་རོགས་སྐྱོར་བྱ་བར་ཞུགས་པ་དང་བསྟུན་ནས་རོགས་སྐྱོར་བྱ་བ་ཡང་མཇུག་སྒྲིལ་ལ་ཉེ་བ་རེད། རོགས་སྐྱོར་བྱ་བའི་མི་སྣ་ཞིག་ཡིན་པའི་ཆ་ནས་ཀྲང་ཧྲིན་པེན་གྱིས་འཚོ་འཕང་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ཡོད་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་རང་ཉིད་ཀྱི་འབད་བརྩོན་ཀྱི་ཤུལ་རྗེས་ཤིག་བསྐྱུར་ཡོད།

རྨ་སྟོད་རྫོང་གི་རང་བྱུང་ཆ་རྐྱེན་གདུག་རྩུབ་ཆེ་བ་དང་། གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་ལ། ལོ་ཧྲིལ་བོའི་ཆ་སྙོམས་དྲོད་གྲང་གོར་ཐིག་མན་གྱི་ཏུའུ་བཞི་ཡིན་པ་དང་། དེ་ནི་རྒྱལ་ནང་གི་མིའི་རིགས་འཚོ་སྡོད་ཁོར་ཡུག་ཆེས་སྡུག་པའི་རིགས་དྲུག་པའི་ས་ཁུལ་ཞིག་ཡིན་པ་རེད།

2019ལོའི་ཟླ8པར། རྨ་སྟོད་རྫོང་དུ་ཡོང་ནས་གཉིད་ལས་སད་པའི་ནངས་མོ་དང་པོར། ཁ་ལྕེ་སྐམ་པའི་ཀྲང་ཧྲིན་པེན་ལ་སྣ་ཁྲག་བཞུར་བྱུང་། རྗེས་ཀྱི་ཉིན་འགའི་རིང་ལ་སྐྱུག་མེར་ལངས་པ་དང་། བྲང་ཁ་ན་བ། མགོ་ཡོམ་འཁོར་བ། ཕོ་བ་སྦོས་པ་སོགས་ལུས་ཕུང་མི་བདེ་བའི་སྣང་ཚུལ་མང་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་།

“གལ་ཏེ་མཐོ་སྒང་གི་མཚོ་འཕང་དེ་ང་ཚོའི་སེམས་ཀྱི་དཔངས་ལས་མཐོ་ན། མཐོ་སྒང་གི་འཚོ་འཕང་ནི་ང་ཚོ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པའི་བཀག་རྡོ་ལྟ་བུ་ཡིན་པ་དང་། གལ་ཏེ་མཐོ་སྒང་གི་མཚོ་འཕང་དེ་ང་ཚོའི་སེམས་ཀྱི་དཔངས་ལས་དམའ་ན། མཐོ་སྒང་གི་མཚོ་འཕང་ནི་ང་ཚོ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་རྐང་རྟེན་རྡོ་ལྟ་བུ་ཡིན་པ་རེད།”མཐོ་སྒང་ལ་འཚམ་པར་བྱེད་པའི་ལུས་ཕུང་གི་འགྲན་སློང་མང་པོའི་ཁྲོད་དུ། སེམས་ཁམས་ཅུང་བཟང་པ་དང་བརྟན་པོ་ཡིན་པའི་ཀྲང་ཧྲིན་པེན་གྱི་སྐད་ཆ་དེ་སྐད་ཆ་མིང་གྲགས་ཅན་ཞིག་ཏུ་བརྩི་བཞིན་ཡོད་པ་རེད།

ཐོག་དང་པོར་ཀྲུང་གུང་རྨ་སྟོད་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་དཔོན་གཞོན་པའི་འགན་འཁུར་སྐབས། ཀྲང་ཧྲིན་པེན་གྱིས་རང་ཉིད་རྨ་སྟོད་རྫོང་ཧྲང་ཧའེ་རོགས་སྐྱོར་ལས་གཞི་སྐུལ་འདེད་གྱི་རྗེས་ལུས་པ་ཞིག་བྱེད་མི་ཉན་པ་གསལ་བོར་ཤེས་ཡོད།

སློབ་ལ་བརྩོན་ཞིང་དྲི་བར་དགའ་བའི་རྣམ་འགྱུར་བཟུང་ནས་ཀྲང་ཧྲིན་པེན་གྱིས་ཧོང་ཕུའུ་ཁུལ་གྱི་ཆེད་ལས་མི་སྣའི་ས་ནས་སློབ་སྦྱོང་བྱས་པ་དང་། རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུའུ་དང་། སྡོད་ཁང་འཛུགས་སྐྲུན་ཅུའུ་ཡི་ལས་གྲོགས་ལ་བློ་དྲིས་ཤིང་། ཨར་ལས་རྒྱག་པའི་ལས་ཁུངས་དང་ལྟ་སྐུལ་དོ་དམ་ཕྱོགས་ནས་བློ་འདྲི་བྱས་ལ། དུས་རྒྱུན་ལས་གཞིའི་ཡུལ་དངོས་སུ་སོང་ནས་རྟོག་དཔྱོད་བྱས་པ་དང་། འབྲོག་པ་མང་ཚོགས་དང་ཁ་བརྡ་བྱས་ཏེ། ཁོ་ཚོ་ལས་གཞི་འཛུགས་སྐྲུན་གྱི་ཐད་ལ་བསམ་འཆར་ཅི་ཡོད་པར་ཉན།

རྫོང་ཡོངས་ཀྱི་མི་ཚང་མར་ཧྲང་ཧའེ་རོགས་སྐྲུན་ལས་གཞི་དེ་ངེས་པར་དུ་སྤུས་ཚད་ལ་ཁག་ཐེག་ཡོད་པའི་སྒོ་ནས་ཡོངས་འགྲུབ་བྱེད་དགོས་ལ། གྲོས་སྡུར་བྱེད་ཐབས་མེད་པ་ཤེས་སུ་འཇུག་དགོས་ཞེས་ཀྲང་ཧྲིན་པེན་གྱིས་ཁ་རོག་གེར་སེམས་ཐག་བཅད།

འབྲེལ་འདྲིས་དང་རྒྱུས་ལོན་བྱས་པ་བརྒྱུད། ཀྲང་ཧྲིན་པེན་གྱིས་རྨ་སྟོད་རྫོང་དུ་ཧྲང་ཧའེ་རོགས་སྐྲུན་ལས་གཞིའི་དོ་དམ་ལ་དེ་དང་དེ་འཚམ་གྱི་ལམ་ལུགས་ཚད་ལྡན་ཞིག་མེད་པ་དང་། ལས་གཞིའི་འཕེལ་རིམ་མི་གསལ་ཞིང་། འགྲོ་ལུགས་རྒྱུ་ཆ་མི་ཚང་བ་སོགས་ལོ་རེ་རེའི་བཟོ་སྐྲུན་དུས་སྐབས་ཟླ་བཞི་དང་ཕྱེད་ཀ་མ་གཏོགས་མེད་པའི་རྨ་སྟོད་ཀྱི་རོགས་སྐྲུན་ལས་གཞིར་དངོས་སུ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་ཀྱི་བྱ་བ་སོ་སོར་ཕན་འབྲས་ཀྱི་གནད་དོན་འབུར་དུ་ཐོན་ཡོད་པ་ཤེས་རྟོགས་བྱུང་།

“རོགས་སྐྲུན་ལས་གཞི་ནི‘སྦྲང་ནག་གང་སར་འཕུར་བ་ལྟ་བུའི’ གང་ལ་ཐོན་ན་དེ་ལྟར་བྱེད་པ་ཞིག་མ་ཡིན། ”

དེ་སྔོན་ཧོང་ཕུའུ་ཁུལ་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ལྟེ་གནས་གྱི་བྱ་བའི་ཉམས་མྱོང་ལ་གཞིགས་ན། ཀྲང་ཧྲིན་པེན་གྱིས་ལམ་ལུགས་ཅན་གྱི་བཀོད་སྒྲིག་དེ་བྱེ་བྲག་གི་བྱ་བར་སྐུལ་འདེད་བྱེད་པའི་སྐབས་ཀྱི་གལ་ཆེན་རང་བཞིན་གསལ་བོར་ཤེས་ཡོད། རོགས་སྐྲུན་ལས་གཞིར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱེད་དགོས་ན། ངེས་པར་དེར་བསྟུན་གྱི་ལམ་ལུགས་ཚད་ལྡན་འཛུགས་པ་དང་ལག་བསྟར་བྱེད་དགོས།

ལྟ་ཞིབ་ཤེས་རྟོགས་ཀྱི་དངོས་ཡོད་གནད་དོན་རབས་དང་རིམ་པར་ཟུང་འབྲེལ་བྱས་ནས་ཀྲང་ཧྲིན་པེན་གྱིས་བསམ་བློ་ཞིབ་མོ་བཏང་ནས“རེའུ་མིག་གཅིག་དང་རྩིས་ཐོ་གཅིག་མ་དཔེ་གཉིས”ཀྱི་ལས་གཞིའི་དོ་དམ་ལམ་ལུགས་ཞིབ་འཇུག་དང་གསར་འཛུགས་བྱས་པ་སྟེ། རོགས་སྐྲུན་ལས་གཞིའི་རྗེས་འདེད་དོ་དམ་འགུལ་རྣམ་གྱི་བཀོད་གཏོང་རེའུ་མིག་ཇུས་འགོད་བྱས་ཏེ། ལས་གཞིའི་འཕེལ་རིམ་དུས་ལྟར་ཁོང་དུ་ཆུད་པར་བྱས་པ་དང་། རོགས་སྐྲུན་ལས་གཞིའི་དུས་རིམ་མི་འདྲ་བ་དང་། འཛུགས་སྐྲུན་གྱི་ངོ་བོ་མི་འདྲ་བར་དམིགས་ནས་སོ་སོར་བྱ་བའི་རྩིས་ཐོ་བཟོས་ཏེ། འཛུགས་སྐྲུན་ལས་ཁུངས་ལ་རྩིས་ཐོ་རྣམ་པའི་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ལས་གཞི་བརྒྱུད་དེ་མ་དཔེ་དང་ལས་གཞི་འཁོར་སྐྱོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕན་འབྲས་ཀྱི་མ་དཔེ་སྤྱི་བསྡོམས་བྱས་ནས་རོགས་སྐྲུན་ལས་གཞིའི་འཁོར་སྐྱོད་གྲུབ་འབྲས་ཁོང་དུ་ཆུད་པར་བྱས།

“རེའུ་མིག་གཅིག་དང་རྩིས་ཐོ་གཅིག་མ་དཔེ་གཉིས”ཀྱི་ལས་གཞིའི་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ། རྨ་སྟོད་རྫོང་གི་ཧྲང་ཧའེ་རོགས་སྐྲུན་ལས་གཞིར་སྐུལ་འདེད་ཀྱི་ཤུགས་ཚད་ཆེས་ཆེར་ཇེ་མཐོར་བཏང་བ་དང་། དུས་མཚུངས་སུ་ལས་གཞིའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་། དེའི་རྗེས་སུ་ཀྲང་ཧྲིན་པེན་གྱིས་ད་དུང་སྔར་ལས་ལྷག་པའི་སྒོ་ནས《རྨ་སྟོད་རྫོང་ཧྲང་ཧའེ་ཁ་གཏད་རོགས་སྐྲུན་ལས་གཞིའི་དོ་དམ་གྱི་རྨང་གཞིའི་ཚད་གཞི》སྒྲིག་བཟོ་བྱས་པ་དང་། དེས་རོགས་སྐྲུན་བྱ་བར་བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་། ཐབས་ཇུས་ལག་བསྟར་བྱེད་ཐུབ་པར་བྱས། ཀྲང་ཧྲིན་པེན་མཚོ་སྔོན་དུ་རོགས་སྐྱོར་བྱེད་པར་ཡོང་ནས་ལོ་གསུམ་གྱི་རིང་ལ། རྨ་སྟོད་རྫོང་དུ་ཧྲང་ཧའེ་རོགས་སྐྲུན་ལས་གཞི་སུམ་ཅུ་ལྷག་ལག་བསྟར་བྱས་པ་དང་། ལས་གཞི་འགོ་བརྩམས་པའི་ཚད་དེ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་ཅིང་། ལས་ཀ་ལས་ཚར་ནས་ཞིབ་བཤེར་བསྡུ་ལེན་བྱས་པའི་ཚད་དང་། མ་དངུལ་གཏོང་སྤྲོད་བྱེད་ཚད་ཡང་བསྟུད་མར་ཁུལ་ཡོངས་ཀྱི་ཆེས་མཐོ་བའི་གོ་གནས་སྲུང་འཛིན་བྱས་ཡོད་པ་རེད།

2021ལོའི་ཟླ5པའི་ཚེས22ཉིན། ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་འགུལ་གློ་བུར་དུ་བྱུང་།  མངགས་གཏོང་བྱས་པ་བརྒྱུད། ཀྲང་ཧྲིན་པེན་རྨ་ཁྲ་ལི་གྲོང་རྡལ་རྨ་ཁྲ་ལི་སྡེ་བའི་གཅིག་བསྡུས་བཀོད་སྒྲིག་བྱེད་ས་རུ“འགན་སྲུང་དྲུག”གི་བྱ་བའི་ཆེད་དོན་འཛིན་གྲྭའི་འགན་ཁུར་བར་གྱུར་ཏེ། ཁྱིམ་ཚང་ཉིས་བརྒྱ་དང་ལྔ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་ལྔ་བརྒྱ་དང་སོ་ལྔའི་འཚོ་བ་བཀོད་སྒྲིག་ཅི་ལྟར་བྱེད་པ་དེ་ཡིས་དེ་སྔོན་ས་འགུལ་ལ་འཕྲད་མ་མྱོང་བའི་ཀྲང་ཧྲིན་པེན་ལ་གནོན་ཤུགས་ཆེན་པོ་སྤྲད།

ཅི་བྱེད་མི་ཤེས་པའི་སྐབས་སུ། ཀྲང་ཧྲིན་པེན་ལ་སྔོན་ཆད“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཧོང་ཕུའུ་ཁུལ་ཝུའུ་ལིས་ཟམ་པའི་སྲང་ལམ་དུ་ཏང་འཛུགས་བྱ་བའི་ནང་ཞུགས་པ་ལས་བློ་སྐྱེད་ཐོབ་པ་དང་། ཆེད་དོན་འཛིན་གྲྭའི་གྲོས་ཚོགས་བརྒྱུད་དེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནས་ཏང་ཡོན་རྐང་འཛིན་པ། དེ་ནས་འབྲོག་པ་མང་ཚོགས་བར་གྱི་སྦྲེལ་ཐག་ཅིག་བཙུགས་ཤིང་། ཏང་ཡོན་དང་བླངས་པས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པར་བརྟེན་ནས“ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་པས་སྣེ་ཁྲིད་པ་དང་། སྡེ་མི་གོ་རིམ་ཡོད་པའི་སྒོ་ནས་ནང་དུ་ཞུགས་པའི”དང་བླངས་པའི་ཞབས་ཞུའི་དོ་དམ་སྒྲིག་སྲོལ་ཞིག་བཙུགས་ཏེ། འོག་ནས་གོང་བར་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་མང་ཚོགས་གོ་རིམ་ཡོད་པའི་རང་སྐྱོང་བྱེད་སའི་བཀོད་སྒྲིག་ས་ཚིགས་བཅོས་སྐྱོང་གི་རྣམ་པ་ཞིག་གྲུབ་ཡོད།

“ང་དང་ང་ཡི་མེས་རྒྱལ། སྐར་ཆ་ཙམ་ལའང་ཁ་འབྲལ་མི་ཐུབ།”ས་འགུལ་རྗེས་ཀྱི་གཟའ་འཁོར་གཅིག་རིང་ལ། རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་རྨ་ཁྲ་ལི་སྡེ་བའི་གཅིག་བསྡུས་བཀོད་སྒྲིག་ས་ཚིགས་སུ་སྐྱོད་པ་ན། རྒྱང་སྒྲོག་ལས་ཡང་དང་བསྐྱར་དུ་གསར་བརྗེའི་གླུ་གཞས་གཏོང་བཞིན་ཡོད་པ་དང་། མིག་གི་མཐོང་ས་རུ་ཏང་ལ་བཀའ་དྲིན་གྱི་ཕྱུག་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྦྱར་བྱང་བཀལ་ཡོད་ལ། བཀོད་སྒྲིག་སྦྲ་གུར་རེ་རེའི་སྟེང་དུ་གྲངས་ཀ་གསལ་བོར་བྲིས་ཡོད་ཅིང་། སྒོ་ཁར་སྡོད་མིའི་གནས་ཚུལ་སྦྱར་ཡོད་པ་དང་། མི་སྡོད་ཁོར་ཡུག་གཙང་ཞིང་གྲལ་དག་པ་དང་། འཚོ་བའི་གོ་རིམ་ཡོད་པ། ཁུ་སིམ་མེར་གནས་འདུག  ཀྲང་ཧྲིན་པེན་གྱི་འབད་བརྩོན་འོག་ཏུ། རྨ་ཁྲ་ལི་སྡེ་བ་རུ་ས་འགུལ་རྗེས་ཀྱི་རྫོང་ཡོངས་ཀྱི་ཆེས་ཐོག་མའི་བཀོད་སྒྲིག་ས་ཚིགས་ཀྱི་སྡེ་སྲོལ་དམངས་ཆིངས《རྨ་ཁྲ་ལི་སྡེ་བའི་བཀོད་སྒྲིག་ས་ཚིགས་སྡེ་སྲོལ་དམངས་ཆིངས》ཞེས་པ་གཏན་འཁེལ་བྱས།

སྐད་ཆས་ཕན་ཚུན་བརྡ་མི་འཕྲོད་ནའང་། གཅིག་བསྡུས་བཀོད་སྒྲིག་ས་ཚིགས་ཀྱི་འབྲོག་པ་མང་ཚོགས་ཀྱིས་ཀྲང་ཧྲིན་པེན་གྱི་བྱ་བའི་གྲུབ་འབྲས་མིག་གིས་མཐོང་ཡོད། ཐེངས་ཤིག་དྲིལ་སྒྲོག་སྦྱར་བྱང་མཐོང་བའི་མང་ཚོགས་གཉིས་ཀྱིས་མཐེ་བོང་བསྟན་ནས་གཟེངས་བསྟོད་བྱས་པ་དེས་ཀྲང་ཧྲིན་པེན་དགའ་རུ་བཅུག

“རྨ་སྟོད་ནས་བྱ་བ་སྒྲུབ་ན། ངལ་གསོ་བྱས་ནས་བསྡད་ཀྱང་ཡོད་ཚད་ཕུལ་བ་ཞིག་རེད། དེ་ལྟར་ནན་ཏན་དང་། འབད་བརྩོན་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ།”ཐེངས་རེ་རེར་དེ་དང་རིགས་འདྲ་བའི་སྐད་ཆ་ཐོས་ཚེ། ཀྲང་ཧྲིན་པེན་གྱིས“ལང་ཚོ་ནི་འབད་བརྩོན་བྱས་ནས་བྱུང་བ་ཞིག་ཡིན་པ་ལས་བག་མེད་ལོངས་སྤྱོད་བྱེད་པ་ཁོ་ན་མ་ཡིན། འབད་བརྩོན་ནི་ཆེས་མཛེས་པའི་ལང་ཚོ་ཡིན་པར་འདོད། ”

ཧོང་ཕུའུ་ནས་རྨ་སྟོད་བར་དུ། ཀྲང་ཧྲིན་པེན་གྱིས་བྱ་བར་བཟུང་བའི་རྣམ་འགྱུར་ལ་འགྱུར་བ་ཅི་ཡང་མེད། ལོ་སུམ་ཅུ་སོ་བརྒྱད་ནས་ལོ་བཞི་བཅུ་ཞེ་གཅིག་གི་བར་དུ། ཀྲང་ཧྲིན་པེན་གྱིས་མཐོ་སྒང་ནས་རང་ཉིད་ཀྱི་ལོ་ཟླ་ཕར་བསྐྱལ།

མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་གསུམ་ནི་ཁོའི་མི་ཚེའི་ཆེས་བཟང་པོའི་ལེགས་སྐྱེས་ཡིན། ཀྲང་ཧྲིན་པེན་གྱིས་མཚོ་སྔོན་དུ་རོགས་སྐྱོར་བྱས་ནས་བྱ་བ་སྒྲུབ་པའི་བརྒྱུད་རིམ་དེ་ནི་ཁོའི་མི་ཚེའི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་འགྱུར་སྲིད་པ་དང་། མ་འོངས་པའི་རང་ཉིད་ལ་ཁེ་བཟང་འཁྱེར་ཡོང་ཐུབ་པ་ཁོ་ཐག་ཡིན།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།